མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་གཅེས་པའི་མཆོད་སྦྱིན་ཞིག

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་རམ་ས་ལར་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་ཏེ་བོད་ནང་གི་རང་ལུས་མེར་བསྲེགས་སྐོར་གྱི་དངོས་བྱུང་གློག་བརྙན་ཞིག་ཁྱབ་བསྒྲཊ་གནང་སོང་།

དེ་རིང་སྔ་དྲོར་ངྷ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱི་མི་ཚེ་ལོ་རྒྱུས་དང་འབྲེལ་ཏེ་བོད་ནང་རང་ལུས་མེར་བསྲེགས་སྐོར་གྱི་དངོས་བྱུང་གློག་བརྙན་ ༼རྒྱལ་གཅེས་པའི་མཆོད་སྦྱིན་ཞིག༽ཞེས་པའི་རིང་ཚད་སྐར་མ་ ༢༦ ཅན་ཞིག་དབུ་འབྱེད་གནང་གནང་སོང་།

གློག་བརྙན་འདིའི་ནང་ཆབ་སྲིད་བཙོན་ཟུར་ཁོང་གི་མི་ཚེ་ལོ་རྒྱུས་ལས་གཞན། བོད་དུ་བྱུང་དང་འབྱུང་བཞིན་པའི་རང་ལུས་མེར་སྲེག་གི་ཞི་རྒོལ་སྐོར་དང་།  རང་སྲེག་དོན་རྐྱེན་གྱིས་བོད་དོན་འཐབ་རྩོད་ཐད་ཤུགས་རྐྱེན་ཅི་ཞིག་ཐེབས་ཀྱིན་ཡོད་མེད་བཅས་གསལ་ཞིང་། ༢༠༠༩ ཟླ་ ༩ ཚེས་ ༢༧ ཉིན། གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་ནས་ད་ལྟའི་བར།  བོད་ཕྱི་ནང་གཉིས་སུ་བོད་མི་ ༡༢༨ ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་ལ་ངོ་རྒོལ་དང་། བོད་ནང་རང་དབང་སྐྱར་གསོ་དགོས་པ། ༧གོང་ས་མཆོག་བོད་ནང་ཕེབས་འཇུག་དགོས་པའི་མངོན་འདོད་འབོད་ཚིག་བསྒྲགས་ཡོད་པ་རེད།

སྐབས་དེར་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་བརྗོད་དོན་ལྟར་ན། ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་རྒྱ་ནག་གི་བཙོན་ཁང་དུ་དཀའ་སྡུག་མང་པོ་མྱངས་ཡོད་པ་མ་ཟད། བཙན་བྱོལ་ནང་བསླེབས་རྗེས་ཀྱང་བོད་དོན་འཐབ་རྩོད་ལས་འགུལ་ནང་མུ་མཐུད་མཉམ་ཞུགས་གནང་གི་ཡོད་སྐོར་དང་། ཁོང་ཅག་ལྟེ་གནས་ཁང་གི་ངོ་ནས་འདས་པའི་ལོ་མང་རིང་ཆབ་སྲིད་བཙོན་ཟུར་སྐོར་ལ་ལས་དོན་མང་པོ་བྱས་ཡོད་ཅིང་མ་འོངས་པར་ཡང་སྔར་ལས་ཤུགས་ཆེ་རུ་གཏོང་འཆར་ཡོད་པ། སྦྱིར་གློག་བརྙན་དེ་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་སྔོན་མ་ནས་བསྟན་ཚར་ཡོད་ཀྱང་།  སྐུ་ཞབས་ཐེའུ་ཧེ་ཟིན་( Thoe Hessing) ལགས་ཀྱིས་གལ་སྲིད་གློག་བརྙན་འདི་རྒྱ་གར་ནང་ཁྱབ་བསྒྲགས་དགོས་ན་ངེས་པར་ཚོགས་པ་ཆེན་པོ་ཞིག་བརྒྱུད་དགོས་པའི་རེ་འདོན་བཏོན་པ་གཞིར་བཟུང་ཐེངས་འདིར་གསར་འགོད་གསལ་བསྒྲགས་སྤེལ་སྐོར་སོགས་བརྗོད་སོང་།

དེའི་རྗེས་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས། དབྱིན་ཡུལ་གྱི་གློག་བརྙན་བཟོ་སྐྲུན་བྱེད་མཁན་སྐུ་ཞབས་ཐེའུ་ཧེ་ཟིན་ལགས་ཀྱིས་རེ་སྐུལ་ལྟར། གློག་བརྙན་དེ་ ༢༠༡༢ ལོར་ཟླ་གཉིས་རིང་བཟོ་སྐྲུན་བརྙན་པར་བརྒྱབ་ཡོད་པ་དང་། སྐབས་དེར་ཁོ་རང་ལ་དཀའ་ངལ་མིང་པོ་འཕྲད་ཀྱང་བོད་སྤྱི་བའི་ལས་ལ་བསམ་བློ་བཏང་སྟེ་འབད་བརྩོན་བྱས་ཡོད་ཚུལ་བརྗོད་སོང་། ཁོས་བརྗོད་དོན། “ གློག་བརྙན་འདི་ངའི་མི་ཚེ་ལོ་རྒྱུས་སྐོར་ཁོ་ན་མ་ཡིན་པར། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པས་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་བའི་སྐོར་གསལ་བོར་བསྟན་ཡོད་སྟབས། བོད་ནང་གི་གནས་སྟངས་ལ་རྒྱུས་མངའ་ཡོད་མཁན་ཞིག་ཡིན་ན་བཤད་མ་དགོས་པ་རེད། གལ་སྲིད་རྒྱུས་མངའ་མེད་མཁན་ཞིག་ཡིན་ནའང་གློག་བརྙན་འདི་བརྒྱུད་ནས་བོད་རྒྱའི་གནས་ཚུལ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གསལ་བོ་རྟོགས་ཐུབ་པ་ཞིག་ཆགས་ཡོད། གློག་བརྙན་འདིའི་ནང་བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་ཚོའི་འབོད་ཚིག་དང་ཞལ་ཆེམས་གསལ་བོར་བཞག་ཡོད་སྟབས། མེར་བསྲེགས་སྐོར་གྱི་གློག་བརྙན་གཞན་དང་མ་འདྲ་བ་ཞིག་ཆགས་ཡོད” ཅེས་བརྗོད་སོང་།

ལྷ་མོ་སྐྱབས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཁོང་ཐོག་མ་ ༢༠༠༣ ལོར་རྒྱ་གར་ནང་འབྱོར་ཡོད་པ་དང་། ༢༠༠༦ ལོར་ཕྱིར་བོད་ནང་ལས་འགུལ་སྤེལ་དུ་བསྐྱོད་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ལྷ་ས་གྲོང་ཁྱེར་ཁུལ་ཆུ་ཤུལ་བཙོན་ཁང་དུ་ལོ་གསུམ་ལྷག་རིང་བསྡད་ཡོད་པ་དང་། ༢༠༠༩ ཟླ་ ༥ ཚེས་ ༡༣ ཉིན་ཀློད་གྲོལ་ཐོབ་རྗེས་ཕྱིར་རྒྱ་གར་དུ་ལོག་ཡོད་འདུག  གློག་བརྙན་བཟོ་སྐྲུན་པ་སྐུ་ཞབས་ཐེའུ་ཧེ་ཟིན་( Theo Hessing) ལགས་ནི། དབྱིན་ཡུལ་གྱི་རྒྱལ་ནང་གློག་བརྙན་མཐོ་སློབ་ཐོན་ཡོད་པ་དང་། ཁོང་གིས་བཟོ་སྐྲུན་བྱས་པའི་གློག་བརྙན་ཐོག་མ་༼གཙང་བཟོ་བ་༽ཞེས་པ་དེ་ཡིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༨ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 2

  1. ཚེ་རིང་མིག་དམར། says:
    ལོ་ 12 སྔོན།

    འགྲོ་བ་མིའི་ཐོབ་ཐང་ཚང་ལ་རེ་སྐུལ་ཞིག་ཞུ་རྒྱུ་ཡོད། གནས་ཚུལ་གང་ཞིག་རེག་ཀྱང་དེའི་ཕྱི་ནང་མདུན་རྒྱབ་ཚང་མར་སྔོག་བཤེར་དང་ཞིབ་འཇུག་ཡག་པོ་གནང་རོགས།
    དུས་རྒྱུན་གསར་འགྱུར་བརྒྱུད་ལམ་ཁག་ལ་ཁ་གདངས་མིག་ཅེར་ནས་བསྡད་ནས་དེ་དག་ནང་ཐོན་པའི་གནས་ཚུལ་རིགས་ལམ་སིང་བཀོག་རྐྱང་བྱས་ཏེ་སོ་སོའི་ཡིན་མདོག་མདོག་གིས་བསྐྱར་དུ་གསལ་བསྒྲགས་སྤེལ་བ་དང་ལས་ཁུངས་ཀྱི་ལས་བསྡོམས་བཟོ་ནང་བླུགས་ཏེ་སྦྱིན་བདག་དེ་ཚོར་མགོ་བསྐོར་གཏོང་ཐབས་བྱས་བསྡད་ན་ཆོལ་ཡོད་པ་མ་རེད།
    དེ་ནས་སོ་སོས་གནས་ཚུལ་ཞིག་གི་ཟུར་ཙམ་གོ་མ་ཐག་དེ་ལ་རྒྱུས་ལོན་ཞིབ་འཇུག་གང་ཡང་མེད་པར་ཡར་བཟོ་མར་གཟོ་དང་ཡར་བསྒྱུར་མར་བསྒྱུར་འགའ་བྱས་ཤིང་དེའི་མགོ་རྔར་ཚོན་རྩུ་སྣ་ཚོགས་བྱུགས་ཏེ་ཆེན་པོ་ཞིག་རེག་ཡོད་མདོག་མདོག་གིས་གསར་འགོད་གསལ་བསྒྲགས་སྤེལ་རྐྱང་བྱེད་ཀྱི་ཡོད་པ་དེ་གདོང་སྤགས་མཐུག་དྲགས་པ་དང་། ཡང་ན་སོ་སོ་གཅིག་པོ་ལས་བོད་སྤྱི་བའི་རྩ་དོན་ཐོག་གང་འདྲ་ཆགས་ཀྱི་ཡོད་མེད་ལ་འགན་མ་འཁུར་བའི་རྟགས་རེད། གནས་སྐབས་དེ་ཙམ་ལས་ཞུ་རྒྱུ་མིན།

    Reply
  2. ངག་དབང་ཕུན་ཚོགས། says:
    ལོ་ 12 སྔོན།

    དེང་སྐབས་རྡ་རམ་ས་ལའི་ཚོགས་པ་སྒྲིག་འཛུགས་རེ་ཟུང་ལ་ལས་རྒྱུ་མེད་དྲགས་ཏེ། དཔེ་དེབ་དང་གློག་བརྙན་ཐུང་ངུ་རེ་ཐེངས་གཉིས་གསུམ་ལ་དབུ་འབྱེད་བྱེད་པའི་ལུགས་སྲོལ་ཞིག་དར་འདུག ཟླ་བ་ཁ་ཤས་སྔོན་ལ་རྡ་སའི་གྲོག་མ་མིག་མེད་དང་གསར་བུ་ལས་མེད་སྐོར་ཞིག་གིས་བཀའ་ཟུར་དཔལ་འབྱོར་ཚེ་རིང་མཆོག་གིས་བརྩམས་ཁོ་རང་གི་ལོ་རྒྱུས་དཔེ་དེབ་<<དངོས་པོ་ཀུན་གྱི་རང་བཞིན>>ཞེས་པ་ཞིག་ཐེངས་གཉིས་པ་དབུ་འབྱེད་བྱས་སོང་། དེ་རིང་གངས་སྐྱིད་ཀྱི་གཉིད་ལ་ཤོར་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱིས་ལྷ་མོ་སྐྱབས་ལོ་རྒྱུས་ <<རྒྱལ་གཅེས་པའི་མཆོད་སྦྱིན་ཞིག>>ཅེས་པའི་གློག་བརྙན་རྙིང་པ་ཞིག་ཐེངས་གཉིས་པ་དབུ་འབྱེད་གནང་སོང་། གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་གནས་ཚུལ་འདི་དག་ལ་འགྲོ་སྟངས་འདུག་སྟངས་ཤིག་མ་བཟོས་ན་ཚོགས་པ་སྒྲིག་འཛུགས་འདི་དག་གིས་དཔེ་དེབ་དང་གློག་བརྙན་གཅིག་ལོ་རེར་ཐེངས་རེ་དབུ་འབྱེད་བྱེད་པའི་ལམ་སྲོལ་མི་གཏོད་པའི་ངེས་པ་མི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese