མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་མི་མང་ལ་བར་མའི་འོས་བསྡུ་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཚེས་ ༢༧ ཉིན་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྐབས་བཅོ་ལྔ་པའི་སྤྱི་འཐུས་ནས་དགོངས་པ་ཞུས་ཡོད་སྟབས་ཁོང་མོའི་ཚབ་ཏུ་མདོ་སྨད་སྤྱི་འཐུས་བསྐོ་བཞག་གནང་ཕྱོགས་ཐད་བོད་མིའི་སྒྲིག་འཛུགས་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ཆོས་བཟང་ལགས་སུ་བཀའ་འདྲི་ཞུས་ཡོད། 

དྲི་བ། ཟླ་སྔོན་མའི་ཕྱི་ཚེས་ ༢༥ ཉིན་བོད་མི་མང་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་རྩ་དགོངས་ཞུས་འདུག གསལ་བསྒྲགས་ནང་མོ་རང་གི་ཚབ་ཏུ་སྒུག་ཐོའི་ནང་བརྒྱ་ཆ་ལོངས་མེད་སྐོར་འཁོད་འདུག དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།

ལན།  སྐབས་ ༡༥ པའི་སྤྱི་འཐུས་འོས་བསྡུའི་སྐབས་སུ་བརྒྱ་ཆ་ལོན་པའི་སྒུག་ཐོ་ཁ་ཤས་ཤིག་ཡོད་ཀྱང་དེ་དག་རྫོགས་ཚར་བ་རེད། ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་རྗེས་སུ་སྒུག་ཐོ་ཡོད་པ་མ་རེད། སྒུག་ཐོ་མེད་ན་བཅའ་ཁྲིམས་དོན་ཚན་ ༥༧ ནང་སྤྱི་འཐུས་ཡིན་བཞིན་པ་ཞིག་སྤྱི་འཐུས་ལས་ཐོག་སྐབས་དགོངས་པ་ཞུས་ན་དེར་སྒུག་ཐོ་མེད་ཚེ་ཉིན་ ༡༨༠ ཡི་ནང་ལོགས་ལ་དེའི་ཚབ་གསར་འོས་འདེམས་བྱས་ཚར་དགོས་ཡོད་ཅེས་གསལ་ཡོད་པ་རེད། འོན་ཀྱང་། འོས་བསྡུའི་སྒྲིག་གཞིའི་དོན་ཚན་ ༥༡ པའི་ནང་གསེས་ ༢ པའི་ནང་སྤྱི་འཐུས་ལས་རྒྱུན་གྱི་རིང་ལ་ས་མིག་སྟོང་པ་ཐོན་ན་བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོ་ནས་བསྐོ་བཞག་བྱ་རྒྱུ་ཞེས་པ་ཞིག་ཡོད་པ་རེད། དེར་བརྟེན། བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་ཏོག་ཙམ་ཁ་ཁ་འདྲ་བོ་ཡོད་པ་རེད། སྐབས་དེར་སྤྱི་འཐུས་ཚོགས་གཙོ་བཞུགས་མེད་སྟབས་ངས་སྤྱི་འཐུས་ཚོགས་གཞོན་མཆོག་ལ་བཀའ་འདྲི་ཞུས་ཡིན། གང་ཡིན་ཟེར་ན། སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་བསྡུའི་སྐབས་སྤྱི་འཐུས་འཐོབ་རྒྱུར་བརྒྱ་ཆ་ ༣༣ དགོས་ཀྱི་ཡོད་པ་རེད། སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། སྤྱི་འཐུས་ལ་ཐོབ་མེད་ནའང་ཐོ་དེ་འདྲ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་གི་མེད་འགྲོ་བསམ་ནས་བཀའ་འདྲི་ཞུས་དུས་དེ་འགྲིག་གི་མི་འདུག དེ་འགྲིག་གི་མེད་པར་བརྟེན་བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད།

དྲི་བ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔོན་མ་ཞིག་གི་ནང་། འོས་བསྡུ་ལྷན་ཁང་གི་སྒྲིག་གཞིར་འགྱུར་བ་བཏང་སྟེ། སྤྱི་འཐུས་གང་རུང་ཞིག་གིས་རྩ་དགོངས་ཞུས་ཚེ་ཡང་བསྐྱར་འོས་བསྡུ་བྱེད་མི་དགོས་པར་ཨང་རིམ་བཞིན་སྤྱི་འཐུས་སུ་བསྐོ་བཞག་བྱེད་ཆོག་པ་བཟོས་ཡོད་རབས་འདུག ད་རེབ་དེ་ལག་བསྟར་མ་ཐུབ་པའི་རྒྱུ་མཚན་སྐོར་ངོ་སྤྲོད་ཅིག་གནང་རོགས། 

ལན། ངས་གོང་དུ་ཞུས་པ་ལྟར། ད་རེབ་དེ་འགྲིག་གི་ཡོད་པ་མ་རེད། གང་ཡིན་ཟེར་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་དེ་ཚོ་བདམས་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། ད་རེབ་དགོངས་པ་ཞུ་མཁན་ཁོ་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་འབྲེལ་བ་ཆགས་ཀྱི་ཡོད། སྐབས་བཅོ་ལྔ་པའི་སྤྱི་འཐུས་ལ་བསླེབ་རྒྱུར་བརྒྱ་ཆ་དེ་ལོན་དགོས་ཀྱི་ཡོད་པ་རེད། དེ་བཞིན་སྒྲོལ་དཀར་ལྷ་མོ་ལགས་ཀྱི་ཚབ་གསར་དེའང་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། བརྒྱ་ཆ་དེ་འདྲ་ལོན་མཁན་མ་བྱུང་བའི་དབང་གིས་བར་མའི་འོས་བསྡུ་བྱེད་དགོས་བྱུང་བ་རེད།

དྲི་བ། བར་མའི་འོས་བསྡུ་བྱེད་མ་དགོས་བར་ཐབས་ལམ་གཞན་ཡོད་དམ། གལ་སྲིད་བར་མའི་འོས་བསྡུ་ངེས་པར་དུ་བྱེད་དགོས་པ་ཡིན་ན་དེར་འོས་བསྡུ་ལྷན་ཁང་ལ་དྲ་སྒྲིག་གང་འདྲ་ཡོད་དམ།

ལན། བར་མའི་འོས་བསྡུ་མ་བྱས་པར་ཐབས་ཤེས་གཞན་པ་གང་ཡང་ཡོད་པ་མ་རེད། ཐབས་ཤེས་བཟང་ཤོས་དང་འགྲོ་སོང་མེད་པ་དེ་སྒུག་ཐོ་དགོས་པ་རེད། མདོ་སྨད་ཀྱི་སྒུག་ཐོ་རྫོགས་ཚར་པ་རེད། སྒྲིག་གཞིའི་ནང་ཡོད་པ་དེས་ཁྱབ་ཀི་མ་རེད་གསུངས་པ་རེད། དེར་བརྟེན་ཐབས་ཤེས་གཞན་གང་ཡང་ཡོད་པ་མ་རེད། མདོ་སྨད་མི་མང་གིས་བསྐྱར་དུ་འོས་བླུག་དགོེས་པ་རེད། བར་མའི་འོས་བསྡུ་ཞེས་མིང་ལོགས་ཀ་རེད་མ་གཏོགས་འོས་བསྡུ་ཆེན་མོ་དང་གཅིག་པ་གཅིག་རྐྱང་བྱེད་དགོས་པ་རེད། ང་ཚོས་ས་གནས་ཁག་ལ་ཡི་གེ་བཏང་ཚར་ཡིན། ས་གནས་སོ་སོར་དང་པོ་འོས་སྡུག་སྐབས་མ་དེབ་ཅིག་ཡོད་པ་རེད། མ་དེབ་དེར་བསྐྱར་ཞིབ་བྱོས། ཐེངས་སྔོན་མའི་འོས་བསྡུ་ཆེན་མོའི་སྐབས་མདོ་སྨད་ཆོལ་ཁའི་ནང་ལོ་ ༡༨  མ་ལོན་པ་དེ་འདྲ་ད་ལྟ་ལོ་ཚད་ལོན་ཡོད་པ་དེ་འདྲ་ཡོད་པ་རེད། དེ་དག་ལ་གསར་དུ་དེབ་སྐྱེལ་བྱེད་དགོས་པ། སྔར་སྐབས་བཅོ་ལྔ་པར་ཡོད་པ་ད་ལྟ་མེད་པ་དེ་འདྲའང་ཡོད་པ་རེད། དེ་ཚོར་ཞིབ་འཇུག་གནང་རོགས་ཞེས་ང་ཚོས་ཡིག་ཐོག་ནས་བཏང་ཡོད།

དྲི་བ། གལ་སྲིད་ཡང་བསྐྱར་འོས་བསྡུ་གནང་བ་ཡིན་ན། འོས་བསྡུའི་འགན་འཛིན་ལས་འཕར་གསར་པ་བསྐོ་དགོས་མིན་དང་འོས་བསྡུའི་འགྲོ་སོང་སོགས་གང་འདྲ་ཡོད།

ལན། བར་མའི་འོས་བསྡུ་བྱེད་པར་སྤྱི་འཐུས་རྣམ་པ་ཡིན་ན་འདྲ་ལ་སྲིད་སྐྱོང་ཡིན་ནའང་འདྲ། འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་བྱེད་དགོས་ཀྱི་ཡོད་པ་རེད། དེར་བརྟེན་ངས་སྤྱི་འཐུས་ལྷན་ཁང་ལ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་བསྐོ་བཞག་གནང་རོགས་ཞེས་ཡི་གེ་འཕུལ་ཚར་ཡིན། འོས་བསྡུའི་ལས་འཕར་གཉིས་བསྐོ་བཞག་གནང་པ་ཡིན་ན་ང་ཚོས་ལམ་སང་འོས་བསྡུ་མགོ་འཛུགས་བྱ་རྒྱུ་ཡིན།

འོས་བསྡུ་ལ་འགྲོ་སོང་ཆེན་པོ་ཞེ་དྲག་རེད། ཕལ་ཆེར་འོས་བསྡུ་ཆེན་མོ་དང་གཅིག་པ་འདྲ་བོ་ཆགས་ཀྱི་ཡོད། འགྲོ་སོང་སྒོར་འབུམ་ ༢༡ ཙམ་རེད། གང་ཡིན་ཟེར་ན་འགན་འཛིན་ལས་འཕར་གཉིས་ལ་ཕོག་རྒྱག་དགོས་པ་རེད། འགན་འཛིན་ལས་འཕར་གཉིས་ཀྱི་དུས་ཡུན་དེ་འོས་བསྡུའི་སྒྲིག་གཞིའི་ནང་། འོས་བསྡུའི་དངོས་གཞི་མགོ་བཙུགས་པ་ནས་མཐའ་མའི་འོས་ཐོབ་གསལ་བསྒྲགས་མ་བྱས་བར་ཞེས་བཀོད་ཡོད་པ་རེད། ང་རང་སྒེར་གྱི་བསམ་ཚུལ་ཙམ་ཞུས་པ་ཡིན་ན། སྤྱི་འཐུས་སྐབས་བཅོ་ལྔ་པའི་དུས་ཡུན་ཕྱེད་ཙམ་རྫོགས་ཚར་རེད། གྲོས་ཚོགས་ཐེངས་ ༤ ཙམ་ལས་ལྷག་ཡོད་པ་མ་རེད། དེར་བརྟེན། གྲོས་ཚོགས་ཐེངས་ཁ་ཤས་ལ་མདོ་སྨད་སྤྱི་འཐུས་གཅིག་མེད་ན་འགྲིག་གི་འདུག་ཟེར་ནས་མདོ་སྨད་དབུས་རྒྱུན་ལས་ཁང་ནས་སྤྱི་འཐུས་ཚོགས་གཙོ་གཞོན་ལ་ཞུ་དགོས་པ་ཡིན་ན་འདྲ། བཀའ་ཤག་ལ་ཞུ་དགོས་པ་ཡིན་ན་འདྲ། དེ་འདྲ་ཞིག་བྱུང་པ་ཡིན་ན་དེ་གནས་ཚུལ་གཅིག་རེད། ཡིན་ནའང་བཀའ་ཤག་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་དེ་ལྟར་བཀའ་གནང་ཐབས་ཡོད་པ་མ་རེད། དེ་མདོ་སྨད་ཆོལ་ཁ་རང་གི་ལག་ཏུ་ཡོད་པ་ཞིག་རེད། ང་ཚོས་ལས་ཀ་བྱེད་ཐུབ་ཀྱི་མི་འདུག་ཟེར་གྱི་ཡོད་པ་མ་རེད་དེ་སྤྱི་བའི་འགྲོ་སོང་ལ་ཕན་ཐོགས་ཡོང་གི་རེད་བསམ་གྱི་འདུག  

དྲི་བ། གལ་སྲིད་བར་མའི་འོས་བསྡུ་མགོ་ཚུགས་བྱས་པ་ཡིན་ན། དུས་ཚོད་ག་ཚོད་ནང་སྔོན་འགྲོ་དང་དངོས་གཞི་ལས་རིམ་གྲུབ་ཐུབ་པ་དང་། ༢༠༡༤ ལོ་ཟླ་ ༣ པའི་ནང་གྲོས་ཚོགས་ནང་དུ་སྤྱི་འཐུས་ཁ་སྐོང་གནང་ཐུབ་བམ།

ལན། ལོ་རྗེས་མའི་ཕྱི་ཟླ་ ༣ པའི་ནང་འཚོགས་རྒྱུའི་གྲོས་ཚོགས་དེའི་ནང་སྤྱི་འཐུས་ཁ་སྐོང་བྱེད་ཐུབ་པ་མ་རེད། འོས་བསྡུ་བྱེད་པར་སྔོན་འགྲོ་དང་དངོས་གཞི་གཉིས་བྱེད་དགོས་ཡོད། ལོ་རྗེས་མའི་ཕྱི་ཟླ་ ༣ པའི་གྲོས་ཚོགས་བར་ང་ཚོས་འོས་བསྡུ་སྔོན་འགྲོ་ཙམ་བྱེད་ཐུབ་ཙམ་མ་གཏོགས་དངོས་གཞི་བྱེད་ཐུབ་པ་མ་རེད། ངའི་རེ་བར་བཅའ་ཁྲིམས་ནང་ཉི་མ་ ༡༨༠ གསལ་ཡོད་པ་དེ་ཟླ་བ་ ༦ རེད། དེ་འདྲ་ཞིག་ཧ་ལམ་དགོས་རྒྱུ་མ་རེད་བསམ་གྱི་འདུག ང་ཚོས་གང་མགྱོགས་འོས་བསྡུ་བྱེད་པར་ཐབས་ཤེས་བྱེད་རྒྱུ་ཡིན། ཆོལ་ཁ་གཅིག་གི་སྤྱི་འཐུས་གཅིག་ཡིན་ནའང་། འོས་བསྡུ་ཆེན་མོའི་སྐབས་ལ་ང་ཚོར་ས་གནས་འོས་བསྡུའི་ལས་ཁུངས་ཁག་ ༦༢ ཙམ་ཡོད་པ་རེད། ཡིན་ནའང་ད་རེབ་ཕྱི་རྒྱལ་ཁག་མེད་དུས་དེ་འདྲ་མང་པོ་ཞིག་ཡོད་པ་མ་རེད། རྒྱ་བལ་འབྲུག་གསུམ་གཅིག་པུ་རེད།

དྲི་བ། མདོ་སྨད་སྤྱི་འཐུས་ཤིག་ལ་བརྒྱ་ཆ་ལོངས་དགོས་ན་འོས་གྲངས་ག་ཚོད་འཐོབ་དགོས་པ་དང་། གལ་སྲིད་བར་མའི་འོས་བསྡུའི་ནང་འོས་ཁ་ཐོར་བ་ལྟ་བའི་གནས་ཚུལ་བྱུང་ན་ཇི་ལྟར་གནང་དགོས་སམ།

ལན། ཐེངས་འདིའི་བར་མའི་འོས་བསྡུ་ལ་བརྒྱ་ཆ་ལོངས་དགོས་པའི་ཆ་རྐྱེན་གང་ཡང་ཡོད་པ་མ་རེད། གང་ཡིན་ཟེར་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་གནང་ཚར་བ་རེད། སྔོན་མའི་སྐབས་བཅོ་ལྔ་པའི་གྲོས་ཚོགས་འོས་བསྡུ་ཆེན་མོ་ལྟ་བུར་མཚོན་ན། རྒྱ་བལ་འབྲུག་གསུམ་ནང་མདོ་སྨད་མི་མང་འོས་ཤོག་དེབ་སྐྱེལ་བྱེད་མཁན་ ༤༤༥༦ བྱུང་འདུག་དངོས་སུ་འོས་ལྡུག་མཁན་ ༢༧༥༩ མ་གཏོགས་བྱུང་མི་འདུག ཐེངས་འདིར་འོས་ཤོག་མར་ཆགས་ཡོད་པ་རེད། སྐབས་དེར་སྤྱི་འཐུས་ཐོབ་པར་འོས་ལྡུག་མཁན་གྱི་བརྒྱ་ཆ་ ༣༣ འདང་དགོས་ཀྱི་ཡོད། ཐེངས་འདིར་བརྒྱ་ཆ་དགོས་ཀྱི་མེད་དུས་འོས་ཤོག་མང་ཤོས་ཐོབ་མཁན་རྩེ་ཏོག་བྱ་རྒྱུ་རེད། དེར་བརྟེན། འོས་ཁ་ཐོར་བ་ཟེར་བ་དེ་ཕལ་ཆེར་ཡོང་གི་མ་རེད་བསམ་གྱི་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཁུང་ཙིའི་སློབ་མའི་བསླབ་བྱ།
Mobile App

རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་ཞིང་ལྗོངས་ལྔའི་བོད་ཁུལ་སློབ་གསོ་བཅོས་སྒྱུར་དང་མཐོ་རྒྱུགས་ཁྲོད་བོད་ཡིག་གདམས་གསེས་ལག་བསྟར་བྱས་པའི་སྐོར་རགས་ཙམ་གླེང་བ།

ཆུ་ཚོད་ ༥ སྔོན་ལ།
པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩

མཆན། 42

  1. ཆོས་བཟང་། says:
    ལོ་ 12 སྔོན།

    ༸གོང་ས་༸རྒྱལ་དབང་མཆོག་ལ་སྐུར་འདེབས་ཞུ་མཁན་རེ་ཟུང་མདོ་དབུས་ཁམས་གསུམ་ནང་ཡོད་པ་རེད། འོན་ཀྱང་མདོ་སྨད་ནང་དེའི་རིགས་ཧ་ཅང་ཉུང་ཉུང་རེད། འོན་ཀྱང་མདོ་སྨད་ནང་རྩ་བ་ནས་མེད་པ་མ་རེད། དཔེར་ན་ཀླུ་མཐར་བྱམས་ནི་མངོན་སུམ་འཛེམས་མེད་དུ་༸གོང་ས་མཆོག་ལ་སྐུར་འདེབས་ཞུ་མཁན་རེད།
    འོན་ཀྱང་ངས་བལྟས་ན་ཀླུ་མཁར་བྱམས་ལ་སྤྱི་འཐུས་ཤིག་ཐོབ་ན་ཉིན་དེ་ནས་བཟུང་ནམ་ཡིན་ཡང་མདོ་སྨད་པ་ཚོ་ངོ་ཚ་དགོས་པ་ཞིག་འབྱུང་ངེས་རེད། ངས་བལྟས་ན་དེ་ཧ་ཅང་ཡག་པོ་རེད། སྐབས་དེར་ཁོང་ཚོར་གཞི་ནས་ཉམས་མྱོང་ཞིག་ཐོབ་ངེས་རེད། དེ་ནས་བཟུང་མདོ་སྨད་པ་ཚོས་ཀླུ་མཁར་བྱམས་ཀྱི་གསང་ན་ཅི་ཡང་མེད་པ་གསལ་ཐག་ཆོད་ཅིག་ཧ་གོ་འགྲོ་ངེས་རེད། ད་བར་དུ་སྐྱལ་སྟོང་ཚོས་ཀླུ་བྱམས་ལ་རེ་བ་བརྒྱབས་ཏེ། ཁོང་ཚོས་བྱེ་མ་བཙུར་ནས་སྣུམ་འབྱུང་གི་རེད། དྲན་བཞིན་ཡོད་པ་རེད། དེར་བརྟེན་ཉམས་མྱོང་ཞིག་ཐོབ་ན་ཡག་གི་རེད།

    Reply
  2. དོན་གྲུབ་ལྷ་དར། says:
    ལོ་ 12 སྔོན།

    ་གསར་འགྱུར་ཙམ་ལས། ་མཆན་མ་ཀློག་ནས་རྒྱུན་རིང་སོང་ཡང། དེ་རིང་གྲོགས་པོ་ཞིག་གིས་བརྡ་ལན་སྤྲད་པ་ལྟར། འདིར་བལྟ་སྐབས། ལྷ་སྲས་ལགས་ཀྱིས་དུས་བབ་ནང་གི་གནས་ཚང་ལགས་དང་ ངོ་དེབ་ནང་གི་བཙན་རྒོལ་རྒྱལ་སྐྱོབ་གཉིས་ང་དོན་གྲུབ་ལྷ་དར་ཡིན་པ་ཚང་མས་ཤེས་ཡོད་ཅེས་བཀོད་འདུག་རུང། ང་ནི་ཡིག་ངག་གཉིས་ཐོག་ནས་སོ་སོའི་མིང་ཐོག་ཁ་གསལ་གཏིང་གསལ་བཤད་འབྲི་བྱེད་མཁན་ཞིག་ཡིན་པ་ལས། མིང་རྫུན་མ་དང་མིང་ཚབ་ཀྱི་ངོ་དེབ་དང་ཟིན་བྲིས་ཅི་ཡང་མེད་པ་བཞིན། གནས་ཚང་དང་བཙན་རྒོལ་རྒྱལ་སྐྱོབ་གཉིས་ཀ་ང་མིན་ཞེས་ཚང་མར་གསལ་བཤད་ཙམ་དུ་ཕུལ་བ་ལགས།

    Reply
  3. བོད་ཀྱི་བུ། says:
    ལོ་ 12 སྔོན།

    བློ་བཟང་ལགས། ཀླུ་མཁར་བྱམས་མདོ་སྨད་ངོ་ཚབ་མཚོན་མི་ཐུབ་པ་ཟེར་བ་ནི་ཁྱེད་ཀྱི་འདོད་པ་རེད། སྐབས་བཅོ་ལྔ་བར་འོས་འགྲན་སྐབས་མདོ་སྨད་མི་གྲངས་༧༠༠ལྷག་གི་འོས་འཕེན་མྱོང་བ་དེ་སུས་ཆུ་ལ་གཡུག་ཐུབ། དགྲ་བོ་རྒྱ་དམར་གྱི་ལྕག་སྒྲོག་འོག་ནས་བོད་རང་བཙན་གྱི་ཆེད་སྡུག་བསྔལ་མྱོང་བ་དང་། དུས་དེང་སང་རྡ་སའི་རི་རྩེ་ན་འཚོ་བ་འགྲིགས་ཙམ་གྱི་ངང་རྒྱལ་ཁབ་དང་མི་རིགས་རྩོད་མཁན་གྱི་མི་ཁོང་འདྲ་མདོ་སྨད་ནང་ངོ་མ་དཀོན་སེ་འདུག ང་ཚོ་མི་མང་བོ་ཞིག་རང་གི་འཚོ་བ་དང་ཁེ་ཕན་ཆེད་ཕྱི་རྒྱལ་ལ་འགྲོ་ཨེ་ཐུབ་ལ་བརྩོན་མཁན་དང་ཁ་ནས་རྒྱལ་བ་རིན་པོ་ཆེ་གླེང་མཁན་མ་གཏོགས། དོན་ལ་རྒྱལ་བའི་བཀའ་བཞིན་བོད་འདི་སྐྱོབ་བསམ་མཁན་ཉུང་ཉུང་ཡིན་པ་གསལ་བོ་མ་རེད་དམ། ང་ཚོས་ད་རེས་ཀླུ་མཁར་བྱམས་འོས་བླུགས་མ་ཐུབ་ཚེ་མདོ་སྨད་ཀྱི་ངོ་ཚ་དང་གཞིས་ལུས་རྒྱལ་ཞེན་པ་ཚོ་ཁོ་ཐག་ཆད་རྒྱུ་རེད་ད། ཤེས་དགོས་པ་ཞིག་ལ་སྐབས་འཚོལ་བ་དང་ཁེ་ཕན་ཆེད་རྒྱལ་ཁབ་དང་མི་རིགས་མི་བརྗེད་རྒྱུ་དེ་ཡིན།

    Reply
  4. དབྱུག་གཉེན། says:
    ལོ་ 12 སྔོན།

    ང་རང་གིས་མདོ་སྨད་ཆོལ་ཁའི་ཁོངས་ནས་བཙན་བྱོལ་དུ་ཡོད་པའི་མི་མང་གི་ཁྲོད་ནས་ཁ་ཡོད་ལག་ཡོད་ཀྱི་མདོ་སྨད་སྤྱི་འཐུས་ཀྱི་འོས་མི་ལྔ་འདེམས་རྒྱུ་ཡིན།
    དང་པོ། རྡ་རམ་ས་ལའི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ། ཚེ་རིང་རྡོ་རྗེ།
    གཉིས་པ། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ། དོན་གྲུབ་བཀྲ་ཤིས།
    གསུམ་པ། བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གི་སྒེར་དྲུང་། བསྟན་འཛིན་དོན་ཡོད།
    བཞི་པ། ནོར་གླིང་རིག་གཞུང་གཅེ་སྐྱོང་ཁང་གི་འགན་འཛིན་ཟུར་པ། སྒྲོལ་མ་སྐྱབས།
    ལྔ་པ། བལ་ཡུལ་དུ་གནས་བཞུགས་འཕེལ་རྒྱས་ཚང་གི་བུ། འཕེལ་རྒྱས་བློ་བཟང་།

    Reply
  5. བསྟན་པ། says:
    ལོ་ 12 སྔོན།

    འོས་བསྡུ་འགན་འཛིན་མཆོག་ལ་ཞུ་རྒྱུ།

    མདོ་སྨད་སྤྱི་འཐུས་གསར་བསྐོའི་གནད་དོན་དེའི་སྐོར་དོགས་འདྲི་འདྲ་མིན་འདུག་པས་ཉིད་ནས་གསལ་བཤད་ཞིག་གནང་ན་བཟང་བར་མཐོང་།

    ངས་རེ་འདུན་ཞུ་རྒྱུ་ནི་བྱུང་ན་རྙོག་དྲ་མེད་པར་སྤྱི་འཐུས་གསར་འདེམས་མི་དགོས་པ་དང་། དེ་མིན་ཡིན་གཅིག་མིན་གཉིས་བདམ་དགོས་ན་དེ་སྔའི་འོས་བསྡུའི་ཨང་༡༡་པ་དེ་བདམས་ན་མི་འགྲིག་པ་ཅི་འདུག དགོས་མེད་སྤྱི་དངུལ་འབུམ་ ༢༡ ཆུད་ཟོས་སུ་བཏང་ཕོད་པ་འདུག་གམ།

    གནས་ཡུལ་རྒྱ་གར་རྒྱལ་ས་ལྡི་ལིའི་འོས་བསྡུ་ལ་གཅིག་གཟིགས་དང་། ཆབ་སྲིད་ཚོགས་པ་གསུམ་ཀར་འོས་གྲངས་མ་ལོངས་ཀྱང་གཞུང་ངོས་ནས་འོས་བསྡུའི་འགྲོ་སོང་ཡང་བསྐྱར་གཏོང་མི་དགོས་པའི་ཆེད་ཆབ་སྲིད་ཚོགས་པ་བར་འདུམ་སྒྲིག་ཡོང་འགྱུར་རྒྱུད་སྐུལ་བྱེད་བཞིན་པ་དེ་ཚོར་ཉན་ན་གང་འདྲ་འདུག ཁོང་ཚོ་རང་དབང་རྒྱལ་ཁབ་ཀྱི་རེད་དེ་གཞུང་དངུལ་ལ་དོན་མེད་འགྲོ་སོང་གཏོང་མི་དགོས་པའི་འབད་བརྩོན་བྱེད་བཞིན་པ་དེ་ང་ཚོས་དཔེ་བླངས་དགོས་པ་རེད།

    དེ་མིན་སྒྲིག་གཞི་དང་དབང་ཡོད་ཏོག་ཏོག་བྱས་ནས་སྤྱི་དངུལ་བད་མེད་ལོངས་སྤྱོད་བྱེད་འདོད་ན་སྐུ་ཉིད་ཀྱི་དབང་ཐང་རེད།

    Reply
  6. གསེར་འབྲུག་སྡེར་ལྔ་ says:
    ལོ་ 12 སྔོན།

    མདོ་སྨད་པ་དེ་ཚོ་ནང་ཁུལ་ཕྲག་དོག་ཁོ་ནས་འཇོན་ཐང་ཅན་དང་དེང་རབས་ཅན་ཚོ་ནམ་ཡང་འདེམས་ཀྱི་མ་རེད། དེ་ལས་ལྡོག་ཏེས་གཞུང་རྒྱུ་སྒེར་ཟོས་ཅན་དང་རྙིང་ཞེན་བག་ཁུམས་དང་ཀླད་རྙིང་མཁྲེགས་འཛིན་ཅན་ཁོ་ན་འདེམས་རྒྱུ་ཉག་ཅིག་གོ། མིག་བགྲད་ནས་བལྟོས་ཨ།

    Reply
  7. བསྟན་པ། says:
    ལོ་ 12 སྔོན།

    ཨ་པོ་བློ་བཟང།

    དུས་བབ་ནས་ཁྱེད་ཀྱིས་བསམ་ཚུལ་ཙམ་གྱི་རྩོམ་ཡིག་དེ་པར་སྐྲུན་མ་བྱས་པར་མཆན་དུ་བཀོད་དགོས་ཁེལ་པ་དེ་ཡག་པོ་བྱུང་ཤག མཆན་ལས་རྩོམ་ཡིག་གི་ཁྱད་ཆོས་གཅིག་མཐོང་ལྷ་པར་མཐོང་མ་སོང་། ཁྱེད་ཀྱིས་བཤད་པའི་མདོ་སྨད་སྤྱི་འཐུས་ཀྱི་འོས་ཆོས་དེ་དག་ནི་བྱེས་འབྱོར་མདོ་སྨད་མི་མང་སྟོང་གཉིས་གསུམ་ཙམ་གྱི་བསམ་བློ་ལ་གཞི་བཅོལ་པ་ཙམ་ཞིག་རེད་འདུག འདས་པའི་ལོ་ཟླའི་ནང་རང་ལུས་མེར་བསྲེགས་མང་ཤོས་དེ་མདོ་སྨད་ཁུལ་ནས་བྱུང་ཡོད་པ་དང་། དཔའ་བོ་དཔའ་མོ་དེ་དག་གིས་རྒྱ་གཞུང་ལ་ཡིད་ཆེས་བརླགས་ནས་ངོ་རྒོལ་གྱི་ཚུལ་དུ་བོད་ལ་རང་དབང་དགོས་ཅེས་ཏེ་རང་ལུས་མེ་ལ་ལྕེབས་པ་འདིས་གཞིས་ཀྱི་མདོ་སྨད་མི་མང་གི་མངོན་འདོད་དབུ་མའི་ལམ་མིན་པ་གསལ་པོ་སྟོན། དབུ་མའི་ལམ་ནི་ཡང་སྙིང་གུང་ཁྲན་ཏང་འོག་འདུག་རྒྱུ་དེ་རེད་པ། དེ་ཁྱེད་ཀྱིས་རྒྱུ་མཚན་དང་པོས་ལན་གྱི་ཚུལ་དུ་ཕུལ།

    དེ་ནས་རྒྱུ་མཚན་གཉིས་པ་དེ་ནི་གང་ཟག་དགོས་དབང་གིས་བཀོལ་པ་ཞིག་ལས་རྒྱུ་མཚན་ཤིག་མི་འདུག དེའི་ལན་འདེབས་སུ་མདོ་སྨད་ཀྱི་སྤྱི་ཟུར་སྒྲོལ་དཀར་ལྷ་མོ་ཆོས་ཅན། ལྐོག་ཟ་རུལ་སུང་གི་ཞབས་འདྲེན་ཞུས་པར་ཁྱེད་ལྟ་བུ་མདོ་སྨད་མི་མང་དེ་དག་ཁ་ཁུ་སིམ་མེར་འདུག་པ་དེ་ཡང་སྙིང་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་དཔུང་འདེགས་སུ་ཇི་ལྟར་འགྲོ་བ་རེད་དམ། དེའི་མ་ཚད་སྤྱི་འཐུས་ལས་བར་ནས་དགོངས་པ་ཞུས་ནས་གཞུང་སྒོར་འབུམ་ ༢༡ སྤྱི་པ་ལ་གྱོང་གུན་བཏང་པ་དེ་བོད་སྤྱི་ལ་ཕན་པ་རེད་པས། མདོ་སྨད་མི་མང་ཁ་ཁུར་པ་བློ་བཟང་ལགས་བསམ་བློ་མཐོངས་དང་། བརྟུལ་ཞུགས་དེས་མདོ་སྨད་མི་མང་གིས་མངོན་འདོད་ཀྱི་སྤྱི་འཐུས་ཀྱི་འོས་ཆོས་ཇི་འདྲ་ཞིག་དགོས་མིན་སྟོན་པ་རེད།

    རྒྱུ་མཚན་མཐའ་མ་དེ་ནི་དགོད་མོ་བློངས་ཡག་རང་རེད་ཤག ངས་བལྟས་ན་ཆོལ་ཁ་ཆོས་ལུགས་ཀྱི་ཞེ་འཁོན་ལས་བསྒྲུབས་པའི་ཚོགས་པ་ཙག་ཙིག་དེ་ཚོའི་ནང་གི་ཆབ་སྲིད་དང་ངོ་དགའ་སྤྲེལ་ལད་འཁྲབ་རྒྱུར་དུས་ཚོད་ཟོད་དུ་མ་བཏང་ན་བཟང་བར་མཐོང་། དེ་ལས་སྤྱི་པའི་སྒྲིག་འཛུགས་དང་ཚོགས་ཁག་གི་ནང་ཞབས་ཞུ་གང་ཐུབ་ཞུས་ན་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འོས་འགན་ཞིག་སྒྲུབ་པ་རེད། མ་འོངས་པར་བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་བའི་དུས་མི་མང་རྣམས་ཆོལ་ཁ་ཆོས་ལུགས་ཀྱི་དབང་དུ་མ་སོང་པར་བོད་མི་མང་གི་ཞབས་ཞུ་སྒྲུབ་མཁན་རྐྱང་ཞིག་ཡོང་བའི་རེ་བ་ཞུ་བ་དང་དེ་རིགས་ད་ལྟ་ཡང་མི་ཉུང་བ་ཡོད། གལ་སྲིད་ཀླུ་བྱམས་ལ་སྔོན་མ་འོས་རག་ཡོད་ན་དེ་ཚོས་བསླུགས་པ་རེད། ཁྱེད་ཀྱིས་ཁོང་ཚོ་གཞོན་སྐྱེས་ཧོལ་རྒྱུག་པ་རྐྱང་གཅིག་རེད་བསམ་ན་ཁྱེད་རང་རང་ཉིད་ཆོས་ལུང་གི་ཞེན་དབང་སུ་བསྒྱུར་ཡོད་མིན་ཅིག་ཞིབ་འཇུག་བགྱིས།

    བློ་བཟང་གི་ཁ་འཇམ་ཏོག་ཁ་པོ་ཀླ་མཁར་བྱམས་ལ་ལགས་དང་ལགས་ཟེར་ཀ་བྱས། བསྡུ་དོན་བཤད་ཡག་ངན་ཕྱོགས་ཀྱང་ལས་བཟང་ཕྱོགས་ཅི་ཡང་མི་བཤད་པ་དེ་འུ་ཅག་བོད་མི་རིགས་ཀྱི་རང་གཤིས་ཅི་འདྲ་ཞིག་རེད།

    Reply
  8. ལྷ་སྲས། says:
    ལོ་ 12 སྔོན།

    གནས་ཚང་ལགས་སེམས་ཁྲལ་མ་གནང། ངོ་དེབ་ནང་གི་བཙན་རྒོལ་རྒྱལ་སྐྱོབ་དང་ཁྱེད་དོན་གྲུབ་ལྷ་དར་ཡིན་པ་ཚང་མས་ཤེས་ཡོད། གནས་ཚང་ཁྱེད་ཀྱིས་འདིར་རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུས་པ་ཉུང་ཉུང་མིན། ད་མདོ་སྨད་མི་མང་ལ་ཇུས་གཏོགས་དགོས་པ་མ་རེད།

    Reply
  9. གནས་ཚང་། says:
    ལོ་ 12 སྔོན།

    དབུས་འོས་བསྡུ་ལས་ཁུངས་ཀྱི་ཡིག་ཆ་ལྟར་ན། སྐུ་ངོ་ཀླུ་མཁར་བྱམས་ལ་སྐབས་བཅོ་ལྔ་བའི་འོས་བསྡུའི་ཁྲོད་འོས་ཤོག་ཆིག་སྟོང་ལྷག་རེག་ཡོད་པས། ཨ་མདོ་བས་འོས་ཞུགས་པའི་འོས་ཤོག་གི་བརྒྱ་ཆའི་བཞི་བཅུ་རེག་ཟིན་པར་ལྟ་སྐབས། ཨ་མདོ་བའི་ཁྲོད་དཔལ་འབྱོར་ཚེ་རིང་ལགས་ལྟ་བུའི་རང་བཙན་ལངས་ཕྱོགས་དགྲ་རུ་འཛིན་མཁན་ཡོད་ཀྱང་དེ་ནི་ཨ་མདོ་སྤྱིའི་ལངས་ཕྱོགས་ཤིག་མིན་པ་འདྲ། ད་རེས་ཨ་མདོ་བ་ཚོས་སྐད་ཆ་དྲང་མོར་བཤད་རན་འདུག་སྙམ།

    Reply
  10. བསྟན་ཆོས། says:
    ལོ་ 12 སྔོན།

    བརྒྱ་ཆའི་ཚད་མེད་པ་བཟོས་པ་དང་དེ་ལག་བསྟར་ག་དུས་བྱེད་རྒྱུ་ཡིན་མིན་སྔ་ས་ནས་གཏེན་ལ་ཕབ་ཚར་ཡོད་ངེས་རེད། འགྱུར་གང་བྱུང་དུས་ཐོག་བལྟ་ཐུབ་པ་ཙམ་དུ་མ་ཟད། སེམས་སུ་ངེས་པ་བྱེད་དགོས་རེད། གལ་སྲིད་མ་དྲན་ཚེ། སྐབས་དུས་ཀྱི་ཡིག་ཆ་ལ་བསྐྱར་ཞིབ་བྱེད་དགོས་པ་ལས། སྟོང་འུར་བརྒྱབ་པས་ཅི་ལ་ཕན།

    Reply
  11. བློ་བཟང་། says:
    ལོ་ 12 སྔོན།

    ང་རང་ཀླུ་མཁར་བྱམས་ལགས་ལ་མ་དགའ་པ་དེ་འདྲ་རྩ་བ་ཉིད་ནས་མིན། དྲང་མོ་དྲང་རྐྱང་གི་བསམ་ཚུལ་ཐོར་བུ་ཞིག་ཞུ་འདོད་བྱུང་སོང་། གལ་སྲིད་ཀླུ་མཁར་བྱམས་ལགས་མདོ་སྨད་སྤྱི་འཐུས་སུ་སླེབས་པ་ཡིན་ན། མདོ་སྨད་མི་མང་གིས་ཕལ་ཆེར་ངོས་ལེན་བྱེད་མདོག་ཁ་བོ་མ་རེད་བསམ་གྱི་འདུག མདོ་སྨད་མི་མང་གིས་ངོས་ལེན་མེད་པ་ཞིག་མདོ་སྨད་སྤྱི་འཐུས་ཀྱི་ཁོངས་སུ་བཞུགས་ན་དེས་མདོ་སྨད་མི་མང་གི་ངོ་ཚབ་ཟེར་ན་འདྲ་མདོ་སྨད་ཆོལ་ཁའི་སྤྱི་འཐུས་ཤིག་གི་ཚབ་མཚོན་ཐུབ་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན་དེའི་ཐད་ལ་ང་རང་ལ་རྒྱུ་མཚན་གསུམ་ཙམ་ཞུ་རྒྱུ་ཡོད། (དང་པོ།) བོད་པའི་རྩ་དོན་སྒྲུབ་ཕྱོགས་ཀྱི་ཐད་ནས་མདོ་སྨད་མི་མང་ཁྱོན་ཡོངས་ཀྱི་ལངས་ཕྱོགས་དེ་དབུ་མའི་ལམ་ལ་ཤར་སྐྱོད་གནང་གི་ཡོད་པ་ཚང་མས་མཁྱེན་གསལ་རེད། ཀླུ་མཁར་བྱམས་ལགས་ལ་མཚོན་ན་བཞེངས་ཕྱོགས་རང་བཙན་ཡིན་གསུང་བསྡད་ཡོད་པ་རེད། (གཉིས་པ།) མདོ་སྨད་མི་མང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དབུ་འོག་དཔུང་འདེགས་དང་ཁོང་གི་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་འཕྲིན་ལས་ཐ་དག་ལ་གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ་བརྩི་བཀུར་སྲུང་སྐྱོབ་ཀྱི་དད་དམ་གཡོ་བ་མེད་པ་རྐྱང་ཆགས་བསྡད་ཡོད་པ་རེད། ཡིན་ནའང་ངས་ཆོལ་ཁ་གཞན་དག་ལ་དེ་འདྲ་ཡོད་མ་རེད་རྩ་བ་ཉིད་ནས་ཞུ་གི་མེད་ཀྱང་མདོ་སྨད་མི་མང་དེ་སྔོན་མ་ནས་གཅིག་གྱུར་འདྲ་བོ་ཞིག་དང་། མངོན་ལྐོག་གཡོ་ཟོལ་མེད་པར་ཡོངས་གྲགས་འདྲ་བོ་ཞིག་ཡིན་པ་ཚང་མའི་ཐུགས་ལ་མངའ་གསལ་རེད། ཡིན་ནའང་མི་རེ་ཟུང་གི་ལྟ་བ་ལངས་ཕྱོགས་མཐའ་དད་སེམས་པའི་ནང་དུའང་དད་དམ་གཙང་མ་མེད་མཁན་ཡོད་སྲིད་ཀྱང་བརྒྱ་ཆར་བཀུག་ན་ཕལ་ཆེར་གྲངས་ཆུང་ཁ་ཤས་ལས་འབབ་གི་མ་རེད་བསམ་གྱི་འདུག ཀླུ་མཁར་བྱམས་ལགས་ལ་མཚོན་ན་ཁོང་རང་གི་དེ་སྔའི་གསུང་བཤད་འགའ་རེ་དང་རྩོམ་ཡིག་དེ་འདྲའི་ནང་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མ་གུས་པ་དང་ཟུར་ཟའི་ཚིག་དོན་གང་ལ་གང་འཚམས་རེ་ཡོང་གི་ཡོད་པ་རེད་ལ། དེ་མདོ་སྨད་མི་མང་ཙམ་མ་རེད་ཆོལ་ཁ་གསུམ་གྱི་མི་མང་ཚོར་ཞེ་དྲག་ཕོག་ཡོད་པ་རེད། སྤྱི་ཚོགས་ནང་དེ་རིགས་ཀྱི་སྐོར་ལ་གླེང་སློང་ཆེན་པོ་ཞིག་སྔོན་མ་ནས་འགྲོ་བསྡད་ཡོད་པ་རེད། (གསུམ་པ།) སྤྱི་ཡོངས་ཀྱི་ཐོག་ནས་ཀླུ་མཁར་བྱམས་ལགས་མདོ་སྨད་མི་མང་གི་ལས་དོན་ཁག་ནང་མཉམ་ཞུགས་ཧ་ཅང་ཉུང་ཉུང་རེད། ཁོ་རང་སྒེར་ངོས་ནས་མདོ་སྨད་ཀྱི་མི་སྣ་དེ་ཚོར་འབྲེལ་བ་ཏོག་ཙམ་སྐྱོ་བོ་རེད་ལ་བཀའ་མོལ་གནང་སྐབས་ཀྱང་མདོ་སྨད་ཀྱི་མི་སྣ་གལ་ཆེན་དེ་ཚོར་བརྩི་བཀུར་ཆེ་མཐོང་བྱེད་གི་མ་རེད། དེ་བཞིན་དུ་མདོ་སྨད་མི་མང་གི་ངོས་ནས་ཀྱང་ཀླུ་མཁར་བྱམས་ལགས་སུ་ཆེ་མཐོང་ཟེར་ན་འདྲ་ཆ་འཇོག་དེ་འདྲ་ཕལ་ཆེར་ཡོད་པ་མ་རེད་ལ། རྒན་པ་དག་དང་མདོ་སྨད་ཀྱི་ལས་ཀྱི་སྣེ་མོར་གཏོགས་མཁན་ཚོས་ཀྱང་ཁོང་རང་ལ་འབྲེལ་འདྲིས་ཆ་འཇོག་ཞན་པོ་རེད་བསམ་གྱི་འདུག དེ་ངས་སྡུག་ཅག་རེད་ཟེར་གྱི་མེད་ཁོ་རང་གི་གཤིས་ཀ་ཞིག་ཡིན་སྲིད་ཀྱང་མདོ་སྨད་མི་མང་གི་འཐུས་མི་ཞིག་ཏུ་འགྲོ་དགོས་ན་མདོ་སྨད་མི་མང་གི་མངོན་འདོད་དང་བཞེངས་ཕྱོགས་ལ་བརྒྱབ་སྐྱོར་ཞུ་དགོས་པ་མ་ཟད། བོད་སྤྱི་བའི་ལས་དོན་ཐོག་ལྷག་བསམ་དག་པ་ཞིག་དང་སྒོས་སུ་མདོ་སྨད་མི་མང་ལ་སྐྱིད་མཉམ་སྡུག་མཉམ་བྱེད་ཐུབ་མཁན་ཞིག་ཅི་ནས་ཀྱང་ཡིན་དགོས་པ་རེད་བསམ་གྱི་འདུག
    ཡང་ཁ་ཤས་ཀྱིས་སྐབས་སྔོན་མའི་འོས་བསྡུའི་ནང་ཁོང་རང་ལ་འོས་གང་ལ་གང་འཚམས་ཐོབ་ཡོད་པ་དང་ད་རེས་ཀྱང་འོས་ཐོབ་པ་ཡིན་ན་མདོ་སྨད་མི་མང་གི་འཐུས་མི་ཞིག་ཅི་ལ་མི་ཆགས་པ་དང་། མདོ་སྨད་མི་མང་གི་ངོ་ཚབ་ཅིའི་ཕྱིར་མི་མཚོན་པ་རེད། མདོ་སྨད་མི་མང་ལ་འོས་བསྡུ་བྱས་ཏེ་ཁོང་ལ་འོས་འཕེན་མཁན་དེ་དག་མདོ་སྨད་མི་མང་གི་འོས་ཤོག་ཏུ་རྩི་གི་མ་རེད་དམ་ཟེར་ན། དེ་ལའང་ཕྱོགས་གཅིག་ནས་རྒྱུ་མཚན་མེད་པ་མིན་ན་ཡང་། ཞིབ་ཚགས་མོས་བསམ་བློ་བཏང་བ་ཡིན་ན་ཕྱོགས་གཞན་ཞིག་ནས་ཤོད་སྟངས་དེ་ཏག་ཏག་བསྡད་ཡོད་པ་མ་རེད། མེད་པའི་རྒྱུ་མཚན་གཉིས་ཡོད། གཅིག་སྐུ་ཞབས་ཀླུ་མཁར་བྱམས་ལགས་སུ་འོས་ལྡུག་མཁན་དེ་ཚོ་གསར་བྱུང་གསར་བཤད་དང་ཅུང་ཧོལ་རྒྱུག་ཐོལ་བརྒལ་ལ་དགའ་མཁན་མཐོ་སློབ་གྲྭ་ཁག་ནང་གི་ཕྲུ་གུ་དེ་ཚོ་དང་སྤྱི་ཚོགས་ནང་གི་གཞོན་སྐྱེས་དེ་ཚོ་རེད་དྲན་གྱིན་འདུག ཁོང་ཚོས་བསམ་བློ་གཏིང་ཟབ་མོ་གཏོང་མུ་ཐུབ་པར་ཟ་ངེས་ཟིང་ངེས་དང་། མི་ཞིག་གིས་གསར་བཤད་འདྲ་བོ་ཞིག་བྱས་ན་དེ་ལ་རྒྱུ་མཚན་མེད་པར་དགའ་འགྲོ་བ་དང་། དེའི་རྗེས་སུ་རྒྱུག་འགྲོ་བ་གཞོན་སྐྱེས་སྤྱིའི་རང་གཞིས་རེད་ལ། ལྷག་པར་དུ་སློབ་གྲྭ་ཁག་ནང་འགྲོ་བཞིན་པའི་ཕྲུ་གུ་ཚོའི་རང་གཤིས་ཤིག་ཆགས་བསྡད་ཡོད་པ་རེད། གཉིས་པ་ཀླུ་མཁར་བྱམས་གྱིས་དེ་སྔོན་གཏམ་བཤད་ཡིན་ན་རེད་རྩོམ་ཡིག་དེ་འདྲའི་ནང་དུ་ཡིན་ན་རེད། མི་སྒེར་བ་ཁག་ཅིག་དང་བོད་གཞུང་། དེ་བཞིན་སྐུ་དྲག་མི་དྲག་ཟེར་བ་དེ་ཚོར་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་འཛེམ་སོན་མེད་པར་སྐྱོན་བརྗོད་བྱས་པ་དང་། ལྷག་པར་དུ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་མཚན་སྨད་ཟེར་ན་རེད། གང་ལྟར་མ་གུས་པའི་བཀའ་མོལ་དང་རྩོམ་ཡིག་དེ་འདྲ་སྤེལ་བར་བརྟེན་ཏེ་སྤྱི་ཚོགས་ནང་ཀླུ་མཁར་བྱམས་ཟེར་ནས་ཁོ་རང་གི་མིང་དེ་ཚང་མའི་ཨམ་ཅོག་ནང་ཐོས་མྱོང་པ་འདྲ་བོ་ཆགས་བསྡད་ཡོད་པ་རེད། དེས་དབང་གིས་འོས་བསྡུ་ཆེན་མོའི་སྐབས་ལའང་མདོ་སྨད་མི་མང་ཚོའི་ངོས་ནས་བསམ་བློ་བཏང་ཡོང་དུས་ལམ་སིང་སེམས་ལ་དྲན་པ་དང་མིང་ཤེས་པ་དེ་ཀླུ་མཁར་བྱམས་ཆགས་ཡོད་པའི་དབང་གིས་མི་བཅུའི་ནང་དུ་ཁོ་རང་གི་མིང་དེ་འབྲི་བདེ་ཤོས་འདྲ་བོ་ཆགས་པ་རེད། ངས་ཀླུ་མཁར་བྱམས་ལགས་མདོ་སྨད་སྤྱི་འཐུས་ཀྱི་འོས་ཤོག་ནང་སླེབས་པ་དེ་རྒྱུ་མཚན་དེ་འདྲ་ཞིག་ལ་མཐོང་གི་ཡོད། གོང་གསལ་རྒྱུ་མཚན་འདི་དག་ལ་བརྟེན་ཏེ་གོང་འཁོད་གསར་འགྱུར་འདིའི་ནང་ཀླུ་མཁར་བྱམས་ལགས་མདོ་སྨད་སྤྱི་འཐུས་ནང་བསླེབ་དགོས་ཡོད་ཟེར་མཁན་མང་པོ་ཞིག་འདུག་ཀྱང་དེ་དག་ལ་རྒྱུ་མཚན་རྒྱབ་ལྗོངས་འདི་ལེགས་བསམ་པ་ཞིག་དྲན་མ་སོང་བས་འདིར་ལྟར་བྲིས་པ་ཡིན།།
    ༣༠༡༣།༡༢།༥
    བསམ་ཚུལ་ཐུང་ཐུང་འདི་ཐོག་མ་བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་རྩོམ་ཡིག་འགོད་སའི་ས་མིག་ནང་འགོད་རྒྱུར་རེ་བ་ཐེངས་ཁ་ཤས་ལ་ཞུས་ཀྱང་འཁོད་མ་སོང་བས་ཞབས་མཆན་ནང་སྤེལ་བ་ཡིན།

    Reply
  12. བློ་བཟང་མདོ་སྔགས། says:
    ལོ་ 12 སྔོན།

    ངས་འདི་ནས་མདོ་སྨད་མི་མང་ལ་ནན་གྱི་ཞུ་རྒྱུར། ང་ཚོས་བརྒྱ་བཤད་སྟོང་བཤད་གང་ལྟར། སྐབས་འདིའི་འོས་མི་ཀླུ་མཁར་བྱམས་ལ་འོས་འཐོབ་པར་བྱེད་ཐུབ་ན། ཁོང་གིས་ང་ཚོའི་ཚབ་མཚོན་བྱེད་ཐུབ་པར་གདོད་མི་ཟ།

    Reply
  13. ཚེ་རིང་བཀྲ་ཤིས། says:
    ལོ་ 12 སྔོན།

    མདོ་སྨད་པ་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ཞིག་ལ། ཐེངས་འདིར་འོས་ཤོག་བསྡུ་དུས་ཧ་ཅང་གཟབ་དགོས་པ་ཞིག་ལ། ད་སྐབས་གྲོས་ཚོགས་ནང་ཡོད་པའི་མདོ་སྨད་ཀྱི་འཐུས་མི་ཁ་ཤས་ནང་བཞིན་ངག་མི་འཁྲོལ་བར་སྡོད་པ་དག་དང་མི་འདྲ་བར། བསམ་ཚུལ་ལྷུག་པོར་བརྗོད་ཐུབ་པའི་མི་བུ་ཞིག་འཚོལ་རྒྱུ་གལ་ཆེན་རེད་འདོད། སུ་ཞིག་འོག་ཏུ་ཆུ་སྣ་གར་ཁྲིད་ལྟར་མི་འགྲོ་བའི་མི་བུ་སྒེར་ཚིགས་ཅན་ཤིན་ཏུ་མཁོ་ཨང་།

    Reply
  14. ཚེ་རིང་བཀྲ་ཤིས། says:
    ལོ་ 12 སྔོན།

    ཇོ་ལགས་ཀྱི་སྐད་ཆ་དེ་དགོད་བྲོ་བ་ཞིག་བྱུང་། མདོ་སྨད་རྒྱུན་ལས་ནང་གི་ལུག་རྫི་ཚོས་སྤྱི་ཚོགས་ཀྱི་ཟ་ཟུར་ནས་ནམ་རྒྱུན་མདོ་སྨད་ནང་ཁུལ་ལ་དབྱེན་དཀྲུག་རྒྱག་སྐབས་བེད་སྤྱོད་གཏོང་གིན་པའི་ཚིག་རྫོབ་རྙིང་པ་ཞིག་རེད། དེང་སང་འདིའི་རིགས་ལ་རིག་པ་སྒེར་ཚིགས་ཅན་ཞིག་ཡིན་ཚེ་སུས་ཀྱང་རྣ་གཡོར་མི་སྲིད་པ་རང་རེད་དོ།

    Reply
  15. ཇོ་ལགས། says:
    ལོ་ 12 སྔོན།

    ཨ་མདོ་བ་ལ་ལངས་ཕྱོགས་མེད་པ་དེ་འདྲ་གཏན་ནས་མ་རེད། ངྷ་སའི་མི་འཁྱམས་ཁ་ཤས་དང་རང་གིས་རང་ལ་བརྒྱུད་ལམ་ནང་འུར་བསྟོད་བྱེད་པ་མདོ་སྨད་མི་མང་གིས་ཤེས་གསལ་ལ་སོང། ག་དུས་ཡིན་ནའང། རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཞུ་མཁན་ཞིག་དང། མི་རྙོག་དྲ་ཅན་ཚོའི་རྗེས་སུ་འབྲངས་པ་ཞིག་ལ་འོས་མི་ལྡུགས་ཐག་ཆོད་ཡིན་སྟབས། ཐུགས་ཁྲལ་མ་གནང་བློ་བདེ་བོ་གནང་ན་ཡག་གི་རེད།

    དོན་གྲུབ་ལྷ་དར་ཀརྨ་ཆོས་འཕེལ་དང་ཁྱད་མེད་པའི་ཀླུ་མཁར་བྱམས་ལྟ་བུར་འོས་ཤོག་བླུགས་ན་རང་ཚུགས་མེད་མཁན་མགོ་མི་འཚོས་མཁན་མ་རེད་དམ། ཁོང་ཚོས་རྒྱལ་བ་རིན་པོ་ཆེར་མཚན་སྨོད་ཅི་ཞུས་ཚང་མར་མངའ་གསལ་རེད།།

    Reply
  16. བོད་ཀྱི་བུ། says:
    ལོ་ 12 སྔོན།

    སྤེན་ཚེ་དང་ཐུབ་ལུང་གིས་རྒྱ་དམར་ལ་ལག་མི་འཁེལ་མོ། འོན་ཀྱང་བོད་འབྱོར་མདོ་སྨད་ཤེས་ཡོན་ཅན་ཚོའི་ལག་པའི་ཅ་ནེ་ལེན་པར་མཁས་པ་ཡིན་འདུག

    Reply
  17. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    གངས་ཕྲུག་ལགས་ནས༼གོང་ས་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་བྱེད་མཁན་ཀླུ་མཁར་བྱམས་ལྟ་བུ་མདོ་སྨད་སྤྱི་འཐུས་ལ་བསྐོ་བཞག་གནང་ན་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་དཀའ་ངལ་རྣམས་རོ་ལང་རྒྱག་རྒྱུ་ཉག་ཅིག་རེད།༽ཟེར་བ་དེས་གང་ཞིག་སྟོན་གྱི་འདུག་གམ། བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་རོ་ལངས་རྒྱབ་རྒྱུ་དཀའ་ངལ་ཞིག་ཡོད་པ་གཏན་ནས་མ་མཐོང་། ཀླུ་མཁར་གྲོས་ཚོགས་ནང་དུ་སླེབས་པ་ཡིན་ན་གྲོས་ཚོགས་ནང་དུ་ངོ་དགའ་སྤྲེལ་ལད་ཁྲབ་མཁན་གྱི་གྲངས་འབོར་ཉུང་རུ་འགྲོ་རྒྱུ་ངེས་པ་རེད། ཁ་ནས་དུ་བ་ཐོན་སའི་ཁོར་ཡུག་མེད་ཀྱང་། ཁོག་ནས་མེ་འབར་མཁན་མང་རུ་འགྲོ་རྒྱུ་རེད་ཉག་ཅིག་རེད།

    Reply
  18. ཇོ་རུ་ཚེ་རིང་། says:
    ལོ་ 12 སྔོན།

    སྐབས་བཅོ་ལྔ་པའི་སྤྱི་འཐུས་ཡིན་པ་རྒྱུ་མཚན་དུ་དྲངས་ཏེ། སྒུག་ཐོའི་ནང་གི་མི་ལ་བརྒྱ་ཆ་ ༣༣ ལོན་དགོས་པ།

    བར་མའི་འོས་བསྡུ་ཡིན་པ་རྒྱུ་མཚན་དུ་དྲངས་ཏེ། སྐབས་བཅོ་ལྔ་པའི་སྤྱི་འཐུས་ལ་བརྒྱ་ཆ་ ༣༣ ལོན་མི་དགོས་པར་རྩེ་བཏོག་བྱ་ཆོག་པ།

    འདི་ནི། དངོས་གནས་ཡ་མཚན་ལྟོས་ངན་རང་རེད།

    ང་ཚོ་ཁྲིམས་ཀྱི་དབང་སྒྱུར་འོག་འགྲོ་བཞིན་ཡོད་པ་རེད་དམ། གང་ཟག་གི་དབང་སྒྱུར་འོག་འགྲོ་བཞིན་ཡོད་པ་རེད།

    བར་མའི་འོས་བསྡུ་བྱེད་མིན་དེ་གནད་གཙོ་བོ་མ་རེད། མདོ་སྨད་ལ་གྲོས་ཚོགས་ཚོགས་དུས་ ༣ ལ་ལག་པ་འཇོག་མཁན་གཅིག་མེད་ལ་དམིགས་བསལ་ལྷུང་འགྲོ་ས་ཞིག་ཡོད་ནི་མ་རེད།

    ཡིན་ནའང་། ངས་བསམ་ན། སྐབས་བཅོ་ལྔ་པའི་སྤྱི་འཐུས་ཡིན་པ་རྒྱུ་མཚན་དུ་དྲངས་ཏེ། བར་མའི་འོས་བསྡུ་བྱ་རྒྱུ་ཡིན་ན། ངེས་པར་དུ་བརྒྱ་ཆ་ ༣༣ ལོན་དགོས་ཀྱི་ཡོད་པ་རེད། རྒྱུ་མཚན་ནི། བར་མའི་འོས་བསྡུ་དེ་བརྒྱ་ཆ་ལོན་ཡོད་མེད་ཀྱི་ཐད་ནས་བྱ་དགོས་བྱུང་བ་རེད། འདི་གནད་ཀྱི་གཙོ་བོ་ཆགས་ཡོད་པ་རེད།

    Reply
  19. བློ་བཟང་མདོ་སྔགས། says:
    ལོ་ 12 སྔོན།

    དྲི་བ་དང་པོ།
    ཀིརྟིའི་སྒྲོལ་དཀར་ལྷ་མོས་ཅིའི་ཕྱིར་དགོངས་པ་ཞུ་དགོས་པ་རེད། ཁོ་མོས་གཞུང་དངུལ་སྒེར་སྤྱོད་བྱས་པ་དེ་ལ་བརྟེན་ནས་དགོངས་པ་ཞུ་དགོས་པ་རེད་དམ། ཡང་ན་བྱ་བ་གཞན་ཞིག་གི་དབང་གིས་དགོངས་པ་ཞུ་དགོས་བྱུང་བ་རེད། འདི་རིགས་མང་ཚོགས་ལ་ཁ་གསལ་ཚིག་གསལ་བྱེད་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད། སྤྱིར་དགོངས་པ་ཞུས་ན་མི་འགྲིག་པ་མེད་ཀྱང་། མང་ཚོགས་ལ་ཁ་གསལ་བོ་མ་བྱས་པར་འདི་ལྟར་འཇམ་ཅག་གེར་དགོངས་པ་ཞུས་སོང་བ་ཡིན་ན། གོང་གསལ་ཧིན་སྒོར་འབུམ་༢༡ ལྷག་གི་གྱོང་གུད་དེ་སུ་ཞིག་གིས་གསབ་དགོས་པ་རེད། དེ་བཞིན་འོས་བསྡུ་ལྷན་ཁང་གིས་ཀྱང་འདིར་སྐད་ཆ་མགོ་མཇུག་མི་མཚུངས་པ་གཉིས་བཤད་འདུག་པ་དེའི་གནད་ཅི་ཞིག་ལ་ཐུག་པ་རེད། གང་ལྟར། མདོ་སྨད་མི་མང་གིས་ཆུ་ཚོད་མང་པོ་ཞིག་འཕྲོ་བརླག་ལ་གཏོང་མི་དགོས་པའི་ཆེད་དང་། གཞུང་གི་མ་དངུལ་ཡང་ཆུད་ཟོས་སུ་མི་འགྲོ་བ། དེ་བཞིན་ཤེས་ཡོན་དང་འཇོན་ཐང་སོགས་གང་ཅིའི་ཐད་ནས་ཏག་ཏག་ཡོད་བསྡད་པའི་སྐུ་ཞབས་ཀླུ་མཁར་བྱམས་མདོ་སྨད་སྤྱི་འཐུས་སུ་བཞག་པ་ཡིན་ན། དེ་ནི་ཐབས་ཤེས་ཡག་ཤོས་རེད། མདོ་སྨད་མི་མང་གི་ཐད་ནས་བསམ་ན་ཡང་། ཀླུ་མཁར་བྱམས་ཐད་གར་འདེབས་སྐོས་བྱས་ན་ཡག་ཤོས་རེད། ང་ཚོས་རང་ཕྱོགས་རྐྱང་རྐྱང་བཤད་བསྡད་པ་རེད་མ་གཏོགས། ཤེས་ཡོན་དང་། བསམ་བློ། འཇོན་ཐང་། ལྷག་བསམ། སེམས་ཤུགས། ལོ་ཚོད། ཉམས་མྱོང་། སྐད་ཡིག་སོགས་ཕྱོགས་གང་ནས་བསམ་བློ་བཏང་ན། ཀླུ་མཁར་བྱམས་ཁོང་ལྟ་བུ་ཞིག་མདོ་སྨད་མང་ཚོགས་ནང་ཉུང་ཉུང་རེད། གང་ལྟར་ང་ཡིན་ནི། རེ་མདོ་སེངྒེ་ལྟ་བུའི་ཁ་ཡག་ཁོག་ངན་དག་འདེམས་པ་ལས་ཀླུ་མཁར་བྱམས་ཡག་ཤོས་རེད་བསམ་བསྡད་ཡོད།

    Reply
  20. བློ་བཟང་མདོ་སྔགས། says:
    ལོ་ 12 སྔོན།

    “ངས་འདི་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ཚང་གི་གསར་འགོད་པ་སྟག་ལྷ་རྒྱལ་ཟེར་བ་དེ་བསམ་ཚུལ་བཤད་ཡོད་པ་ཞིག་འདིའི་འོག་ཏུ་འགོད་ཆོག་པ་བྱོས།།
    དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ ཆོས་བཟང་ལགས་ཀྱིས་བོད་ཀྱི་དུས་བབ་ལ་བརྗོད་དོན། མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྐབས་བཅོ་ལྔ་པའི་སྤྱི་ འཐུས་ནས་དགོངས་པ་ཞུས་བའི་ཚབ་ལ་སྒུག་ཐོ་ཡོད་པ་མ་རེད། བཅའ་ཁྲིམས་དོན་ཚན་ ༥༧ ནང་སྤྱི་འཐུས་ལས་ཐོག་ནས་དགོངས་པ་ཞུས་ན་དེར་སྒུག་ཐོ་མེད་ཚེ། ཉིན་ ༡༨༠ ཡི་ནང་དུ་དེའི་ཚབ་ལ་འདམ་དགོས་པ་རེད། འོན་ཀྱང་། འོས་བསྡུའི་སྒྲིག་གཞི་དོན་ཚན་༥༡པའི་ནང་གསེས་༢པའི་ནང་། སྤྱི་འཐུས་ལས་རྒྱུན་གྱི་རིང་ལ་ས་མིག་སྟོང་པ་ཐོན་ན་བར་མའི་འོས་བསྡུ་མ་དགོས་ པར་སྒུག་ཐོ་ནས་བསྐོ་བཞག་བྱ་རྒྱུ་ཞེས་བཀོད་ཡོད་པར་བརྟེན། བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་ཏོག་ཙམ་མི་མཐུན་པར་གྱུར་ཡོད། སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་ཡོད། སྤྱི་འཐུས་ཐོབ་མེད་ན་ཡང་སྒུག་ཐོ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་བསམ་ནས་སྤྱི་ འཐུས་ཚོགས་གཞོན་ལ་བཀའ་འདྲི་ཞུས་དུས། དེ་འགྲིག་གི་མེད་སྟབས་བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད་ཅེས་དང་། ཡང་དེ་སྔོན་གྱི་ཐག་གཅོད་ལྟར་སྤྱི་འཐུས་གང་རུང་ཞིག་གིས་རྩ་དགོངས་ཞུས་ཚེ་ བསྐྱར་འདམ་མི་དགོས་པའི་ཐད་ཁོང་གིས། སྐབས་བཅོ་ལྔ་པའི་སྤྱི་འཐུས་དེ་ཚོ་བདམས་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། ད་ཐེངས་དགོངས་པ་ཞུ་མཁན་དེ་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་འབྲེལ་བ་ཡོད་སྟབས་། སྐབས་བཅོ་ལྔ་པའི་སྤྱི་འཐུས་ལ་བསླེབ་རྒྱུར་བརྒྱ་ཆ་དེ་ལོན་དགོས་ཀྱི་ཡོད་པ་ རེད་ཟེར། ཡང་ཐེངས་འདིའི་བར་མའི་འོས་བསྡུ་ལ་བརྒྱ་ཆ་ལོངས་དགོས་པའི་ཆ་རྐྱེན་གང་ཡང་ཡོད་ པ་མ་རེད། གང་ཡིན་ཟེར་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་གནང་ཚར་བ་ རེད། ཐེངས་འདིར་བརྒྱ་ཆ་དགོས་ཀྱི་མེད་དུས་འོས་ཤོག་མང་ཤོས་ཐོབ་མཁན་རྩེ་ཏོག་བྱ་ རྒྱུ་ཡིན་ཞེས་འབྲེལ་བརྗོབ་བྱས་ཡོད། དེ་ལྟར་ན། དགོངས་པ་ཞུས་པའི་སྤྱི་འཐུས་དང་། གདམ་བྱའི་སྤྱི་འཐུས་དེ་སྐབས་བཅོ་ལང་བའི་འཐུས་མི་ཡིན་པ་གཅིག་མཚུངས་ཡིན་ཡང། སྒུག་ཐོ་ལས་བདམས་ན་བརྒྱ་ཆ་ལོངས་དགོས་པ་དང་། བར་མའི་འོས་བསྡུ་ལ་བརྒྱ་ཆ་ལོངས་མི་དགོས་པ་དེ་འགལ་ཟླར་གྱུར་ཡོད། སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་འོས་འདེམས་ཀྱི་མཇུག་འབྲས་སྒུག་ཐོ་ལྟར་ན་ དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟུར་བ་ཀླུ་མཁར་བྱམས་ཐོན་ཡོད་པ་ རེད་འདུག
    གསར་འགོད་པ་སྟག་ལྷ་རྒྱལ།”

    Reply
  21. བསྟན་འཛིན་ཕུན་ཚོགས། says:
    ལོ་ 12 སྔོན།

    བཅར་འདྲི་འདི་ལ་མཚོན་ན་འོས་བསྡུའི་འགན་འཛིན་མཆོག་གི་དྲིས་ལེན་ནས་གསར་འགོད་པའི་དྲི་བ་ཁག་རྩ་ཆེ་བ་དང་ཀློག་པ་པོ་ང་འདྲ་དང་ང་འདྲ་བ་ཚོ་ལ་བློ་སྐྱེད་བསྟེར་ཐུབ་ཀྱི་འདུག དུས་བབ་ཚང་གི་གསར་འགོད་པ་ཚོའི་གནས་ཚད་ཧ་ཅང་ཐོ་བོ་འདུག
    ངས་འདི་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ཚང་གི་གསར་འགོད་པ་སྟག་ལྷ་རྒྱལ་ཟེར་བ་དེ་བསམ་ཚུལ་བཤད་ཡོད་པ་ཞིག་འདིའི་འོག་ཏུ་འགོད་ཆོག་པ་བྱོས།།
    དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུ་ལྷན་ཁང་གི་འགན་འཛིན་འཇམ་དཔལ་ ཆོས་བཟང་ལགས་ཀྱིས་བོད་ཀྱི་དུས་བབ་ལ་བརྗོད་དོན། མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་སྐབས་བཅོ་ལྔ་པའི་སྤྱི་ འཐུས་ནས་དགོངས་པ་ཞུས་བའི་ཚབ་ལ་སྒུག་ཐོ་ཡོད་པ་མ་རེད། བཅའ་ཁྲིམས་དོན་ཚན་ ༥༧ ནང་སྤྱི་འཐུས་ལས་ཐོག་ནས་དགོངས་པ་ཞུས་ན་དེར་སྒུག་ཐོ་མེད་ཚེ། ཉིན་ ༡༨༠ ཡི་ནང་དུ་དེའི་ཚབ་ལ་འདམ་དགོས་པ་རེད། འོན་ཀྱང་། འོས་བསྡུའི་སྒྲིག་གཞི་དོན་ཚན་༥༡པའི་ནང་གསེས་༢པའི་ནང་། སྤྱི་འཐུས་ལས་རྒྱུན་གྱི་རིང་ལ་ས་མིག་སྟོང་པ་ཐོན་ན་བར་མའི་འོས་བསྡུ་མ་དགོས་ པར་སྒུག་ཐོ་ནས་བསྐོ་བཞག་བྱ་རྒྱུ་ཞེས་བཀོད་ཡོད་པར་བརྟེན། བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་གཉིས་ཏོག་ཙམ་མི་མཐུན་པར་གྱུར་ཡོད། སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་ཡོད། སྤྱི་འཐུས་ཐོབ་མེད་ན་ཡང་སྒུག་ཐོ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་བསམ་ནས་སྤྱི་ འཐུས་ཚོགས་གཞོན་ལ་བཀའ་འདྲི་ཞུས་དུས། དེ་འགྲིག་གི་མེད་སྟབས་བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད་ཅེས་དང་། ཡང་དེ་སྔོན་གྱི་ཐག་གཅོད་ལྟར་སྤྱི་འཐུས་གང་རུང་ཞིག་གིས་རྩ་དགོངས་ཞུས་ཚེ་ བསྐྱར་འདམ་མི་དགོས་པའི་ཐད་ཁོང་གིས། སྐབས་བཅོ་ལྔ་པའི་སྤྱི་འཐུས་དེ་ཚོ་བདམས་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། ད་ཐེངས་དགོངས་པ་ཞུ་མཁན་དེ་སྐབས་བཅོ་ལྔ་པའི་སྤྱི་འཐུས་དང་འབྲེལ་བ་ཡོད་སྟབས་། སྐབས་བཅོ་ལྔ་པའི་སྤྱི་འཐུས་ལ་བསླེབ་རྒྱུར་བརྒྱ་ཆ་དེ་ལོན་དགོས་ཀྱི་ཡོད་པ་ རེད་ཟེར། ཡང་ཐེངས་འདིའི་བར་མའི་འོས་བསྡུ་ལ་བརྒྱ་ཆ་ལོངས་དགོས་པའི་ཆ་རྐྱེན་གང་ཡང་ཡོད་ པ་མ་རེད། གང་ཡིན་ཟེར་ན་སྐབས་བཅོ་ལྔ་པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་གནང་ཚར་བ་ རེད། ཐེངས་འདིར་བརྒྱ་ཆ་དགོས་ཀྱི་མེད་དུས་འོས་ཤོག་མང་ཤོས་ཐོབ་མཁན་རྩེ་ཏོག་བྱ་ རྒྱུ་ཡིན་ཞེས་འབྲེལ་བརྗོབ་བྱས་ཡོད། དེ་ལྟར་ན། དགོངས་པ་ཞུས་པའི་སྤྱི་འཐུས་དང་། གདམ་བྱའི་སྤྱི་འཐུས་དེ་སྐབས་བཅོ་ལང་བའི་འཐུས་མི་ཡིན་པ་གཅིག་མཚུངས་ཡིན་ཡང། སྒུག་ཐོ་ལས་བདམས་ན་བརྒྱ་ཆ་ལོངས་དགོས་པ་དང་། བར་མའི་འོས་བསྡུ་ལ་བརྒྱ་ཆ་ལོངས་མི་དགོས་པ་དེ་འགལ་ཟླར་གྱུར་ཡོད། སྐབས་བཅོ་ལྔ་བའི་མདོ་སྨད་སྤྱི་འཐུས་འོས་འདེམས་ཀྱི་མཇུག་འབྲས་སྒུག་ཐོ་ལྟར་ན་ དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ཟུར་བ་ཀླུ་མཁར་བྱམས་ཐོན་ཡོད་པ་ རེད་འདུག
    གསར་འགོད་པ་སྟག་ལྷ་རྒྱལ།

    Reply
  22. གནས་ཚང་། says:
    ལོ་ 12 སྔོན།

    བྱེད་སྟངས་འདི་ལྐོག་ཟ་རུལ་སུངས་ཀྱི་བྱེད་ཐབས་ཐ་ཤལ་ཞིག་རེད། འདི་ལྟར་གཞུང་དངུལ་ལ་ཕངས་སེམས་མེད་པར་གཏོང་བ་ནི་དཔོན་ངན་ཚོའི་ཨམ་ཕྲག་རྒྱངས་ཐབས་ཤིག་རེད། དེ་མ་གཏོགས་མདོ་སྨད་ཀྱི་སྐབས་བཅོ་ལྔ་བའི་འོས་འདེམས་སྐབས་ཀྱི་སྒུག་ཐོ་བཅུ་གཅིག་པ་སུ་རེད། དེ་ཐད་ཀར་བསྐོ་བཞག་བྱེད་མི་ཆོག་དོན་ཅི།

    Reply
  23. གངས་བུ། says:
    ལོ་ 12 སྔོན།

    ཉིན་མ་རྟག་པར་གསར་འགྱུར་བརྒྱུད་ལམ་ཁག་ན་ཁ་བརྡར་ཏེ་སོ་སོ་ཁྱབ་བསྒྲགས་ཡོང་ཐབས་ལ་ཐབས་ཤེས་འདྲ་མིན་སྣ་ཚོགས་འཐེན་བཞིན་པ་དེ་སྤྱི་འཐུས་ནང་འདེམས་ན་ཆོ་ཡོད་པ་མ་རེད་ཟེར་བ་དེ་བདེན་པ་རེད། མི་འདི་དག་ལ་ཤེས་འཇོན་ལྷག་བསམ་གྱི་དྲི་ཙམ་ཡང་བྲོ་བ་མ་རེད། སྤྱི་ཚོགས་ནང་རྙོག་གླེང་བཟོས་ཏེ་ཆོལ་ཁ་ཆོས་ལུགས་རྙོག་དྲ་བཟོ་རྒྱུ་དང་སོ་སོའི་མིང་དྲག་དང་ཁེ་ཕན་ཐོག་ཤི་འཐམ་བྱེད་མཁན་རྐྱང་ཡིན་པ་རེད།

    Reply
  24. ཀུན་དགའ་ཚེ་རིང་། says:
    ལོ་ 12 སྔོན།

    མདོ་སྨད་མི་མང་ལ་གསལ་བོར་ཞུ་རྒྱུ་ཞིག་ལ་ད་རེས་སྤྱི་འཐུས་ནང་མི་ཤེས་འཇོན་གཉིས་ལྡན་ཞིག་དང་། ལྷག་པར་དུ་དེང་དུས་ཀྱི་གནས་ཚུལ་དང་འགྲོ་སྟངས་ཆ་ཚང་མགོ་འཚོས་མཁན་ཞིག་འདེམས་རྒྱུ་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་རེད། དེ་མདོ་སྨད་མི་མང་ལ་གལ་ཆེན་ཡིན་དང་ཡིན་བོད་སྤྱི་བར་མཚོན་ནའང་གལ་ཆེན་པོ་རེད། སྐབས་སྔོན་མའི་མདོ་སྨད་སྤྱི་འཐུས་རྣམ་པར་མཚོན་ན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཚེ་རིང་གཡུ་སྒྲོན། ཡེ་ཤེས་སྒྲོལ་མ་གསུམ་ཕུད། དེའི་འཕྲོས་ཀྱི་སྤྱི་འཐུས་དག་དངོས་གནས་དྲང་གནས་ཅི་གང་ཕན་ཐོགས་མེད་པ་རྐྱང་རེད། དེ་མདོ་སྨད་ཙམ་མ་རེད་ཆོལ་ཁ་གཞན་པའི་སྤྱི་འཐུས་ནང་དུའང་རེ་གཉིས་འདུག ད་རེས་དེ་འདྲ་ཞིག་མི་འདེམ་རྒྱུ་གལ་ཆེ་པོ་ཞེ་དྲག་རེད། དེ་ནས་ལབ་རྒྱུ་གླེང་རྒྱུ་མང་པོ་ཡོད་མཁན་ཀླུ་མཁར་བྱམས་འདེམས་ན་འགྲིག་གི་མ་རེད་བསམ་གྱི་འདུག གང་ཡིན་ཟེར་ན་ཁོས་མདོ་སྨད་ཀྱི་ཚབ་མཚོན་ཐུབ་གི་མ་རེད། མདོ་སྨད་ཀྱི་ཚབ་མཚོན་མི་ཐུབ་མཁན་ཞིག་མདོ་སྨད་སྤྱི་འཐཱུས་ཀྱི་མིང་ཐོག་ནས་གྲོས་ཚོགས་ནང་སླེབས་ན་འགྲིག་གི་མ་རེད་བསམ་གྱི་འདུག

    Reply
  25. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 12 སྔོན།

    མདོ་སྨད་མི་མང་ནས་ད་བར་དུ་སྤྱི་འཐུས་དེ་ཚོ་མང་ཆེ་བ་ཧ་ལས་པའི་ཡག་པོ་རེད། ད་ཐེངས་ཡིན་ན་ཡང་ཕྱོགས་ཡོངས་ནས་དྲང་པོར་གཟིགས་ནས་འོས་བླུགས་རོགས་གནོངས། བདག་གིས་ཕྱོགས་ཞེན་དེ་འདྲ་རྩ་བ་ཉིད་ནས་མིན། འོས་མི་ཁ་ཤས་ཚང་མའི་སྤྱན་ལམ་དུ་ཕུལ་གྱི་ཡིན། བཀའ་བསྒྱུར་བ་པོ་ རེ་མདོའི་སེང་གེ ཆབ་སྲིད་བཙོན་ཟུར་དགེ་བཤེས་བློ་བཟང་དཔལ་ལྡན། ནོར་གླིང་མཐོ་སློབ་ཀྱི་སློབ་དཔོན་ལྷ་ལུང་རྒྱལ། འདི་གསུམ་གང་རུང་ཞིག་བླུགས་ཐུབ་ན་འོས་ཤིང་མཚམས་པ་རེད།

    Reply
  26. རེབ་བློ་ཆོས། says:
    ལོ་ 12 སྔོན།

    འོ་ང་ལ་འོས་མི་གཉིས་ཡོད་པ་ནི། དྲང་པོ་དྲང་གཞག་ཅན་ཨ་མདོ་འཁྲུལ་མེད་བསྟན་འཛིན་མགོན་པོ་དང་། དཔའ་ངར་ཞུམ་པ་མེད་ཅིང་སྨྲ་བརྗོད་རང་དབང་ལ་བརྩི་སྲུང་ཞུ་མཁན་ཀླུ་མཁར་བྱམས་གཉིས་ཡིན། སྤྱིར་བཏང་སྒྲོལ་དཀར་ལྷ་མོ་ཟེར་བའི་མོ་ངན་དེ་ ༡༩༩༡ ནས་ད་དབར་ང་ཚོ་མདོ་སྨད་མི་མང་ཚོས་ཀིརྟི་མིང་མགོ་ལ་སྦྱོར་བཞིན་སྲས་མོ་སྐུ་ཞབས་ཡིན་པ་ལྟ་བུ་བྱས་པ་རེད། ད་མོས་ཞབས་འདྲེན་ཞུ་ཡོང་དུས་ང་ལ་འབྲེལ་བ་མེད། ཁོ་ལ་འབྲེལ་བ་མེད་ལྟ་བུ་བྱས་ན་ང་ཚོས་ཀྱང་འགན་མ་ཁུར་བ་ཆགས་ཀྱི་རེད། ད་ལྟ་མོ་རང་དགོངས་པ་ཞུ་དགོས་ཐུག་པར་བློ་ཕམ་དང་གདུང་སེམས་མཉམ་བསྐྱེད་ཡོད།

    Reply
  27. དཔའ་ཆེན་དོན་གྲུབ། says:
    ལོ་ 12 སྔོན།

    ༼སྒུག་ཐོ་མེད་ན་བཅའ་ཁྲིམས་དོན་ཚན་ ༥༧ ནང་སྤྱི་འཐུས་ཡིན་བཞིན་པ་ཞིག་སྤྱི་འཐུས་ལས་ཐོག་སྐབས་དགོངས་པ་ཞུས་ན་དེར་སྒུག་ཐོ་མེད་ཚེ་ཉིན་ ༡༨༠ ཡི་ནང་ལོགས་ལ་དེའི་ཚབ་གསར་འོས་འདེམས་བྱས་ཚར་དགོས་ཡོད་ཅེས་གསལ་ཡོད་པ་རེད།༽

    ༼འོན་ཀྱང་། འོས་བསྡུའི་སྒྲིག་གཞིའི་དོན་ཚན་ ༥༡ པའི་ནང་གསེས་ ༢ པའི་ནང་སྤྱི་འཐུས་ལས་རྒྱུན་གྱི་རིང་ལ་ས་མིག་སྟོང་པ་ཐོན་ན་བར་མའི་འོས་བསྡུ་མ་དགོས་པར་སྒུག་ཐོ་ནས་བསྐོ་བཞག་བྱ་རྒྱུ་ཞེས་པ་ཞིག་ཡོད་པ་རེད། ༽ ཞེས་གསུངས་འདུག

    བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞིའི་ཐད་མ་འདྲ་བ་ཆགས་སྲོལ་ཞིག་ཡོད་མ་རེད། སྒྲིགས་གཞི་གང་ཡིན་བཅའ་ཁྲིམས་ཀྱི་དོན་ཚན་གང་རུང་གི་ཆ་རྐྱེན་འོག་གཏན་འབེབས་བྱེད་དགོས་པས་བཅའ་ཁྲིམས་ལ་འགྱུར་བ་སོང་ན་སྒྲིག་གཞིར་རང་བཞིན་གྱིས་འགྱུར་བ་འགྲོ་དགོས་པ་ཁྲིམས་ཀྱི་འགྲོ་སྟངས་རེད། འགྲེལ་བཤད་འདི་ནི་མི་མང་ལ་མགོ་རྙོག་བཟོ་བྱེད་ཅིག་རེད།

    སྐབས་བཅོ་ལྔ་བའི་སྤྱི་འཐུས་ལ་བརྒྱ་ཆ་ལོངས་དགོས་པ་རེད་ཀྱང་། བར་མའི་འོས་བསྡུ་ལ་བརྒྱ་ཆ་ལོངས་མ་ལོངས་ཀྱི་སྐད་ཆ་མེད་པར་རྩེ་བཏོག་བྱེད་ཀི་རེད་ཟེར་བ་འོས་བསྡུ་ལྷན་ཁང་གི་དམིགས་གསལ་སྐུ་དབང་ཡིན་ན་མ་གཏོགས་ཁྲིམས་མཐུན་མ་རེད།

    གྲོས་ཚོགས་འཚོགས་ཐེངས་བཞི་ཙམ་ལས་ལྷག་མེད་པས་མདོ་སྨད་སྤྱི་འཐུས་ཤིག་མི་དགོས་པ་བྱེད་མིན་མདོ་སྨད་མི་མང་རང་ལག་ཏུ་ཡོད་པ་མ་གཏོགས་སོགས་གསུངས་པ་འདི་ཡང་། གྲོས་ཚོགས་ཀྱི་ལམ་ལུགས་ནང་”ལག་པ་གཅིག་གིས་སྲིད་ལུགས་བསྒྱུར་”ཟེར་བ་དེ་མི་མང་འཐུས་མིའི་ཆེ་མཐོང་དང་། སྟོབས་ཤུགས། བོད་ཀྱི་སྲིད་ཇུས་སོགས་ཀྱང་འཐུས་མི་གྲངས་ཚང་གིས་ཐག་གཅོད་བྱེད་ཀྱི་ཡོད་པ་ལ་འབྲེལ་ཆེ་བས་བསམ་བློ་ཆེ་ཙམ་གཏོང་དགོས་འཁེལ་གྱི་རེད་མ་གཏོགས་དེང་གི་མདོ་སྨད་རྒྱུན་ལས་ལྟ་བུས་ཐག་གཅོད་འཇོན་པ་ཞིག་ཁག་པོ་རེད།

    འོས་མིའི་ཐད་ནས། སྤྱི་འཐུས་གྲོས་ཚོགས་ནང་ད་བར་དུ་མདོ་སྨད་སྤྱི་འཐུས་མང་དག་ཅིག་གིས་ཞལ་སྒོ་མི་ཕྱེས་པ་དང་། བྱིས་པ་དག་ཡིག་རེ་སྐྱོར་བ། རྡ་ས་གཡས་གཡོན་དུ་མགོ་ཐོགས་ཚད་ལ་བསམ་བློ་ཡོད་པའི་ཆབ་སྲིད་ཀྱི་སྐོར་གྱི་རང་གི་བསམ་ཚུལ་རེ་གསུངས་པ་ལས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་གནས་བབ་དང་། རྩིས་བཤེར། ལས་གཞི་འཆར་འགོད་སོགས་ལ་ཆ་ཤས་བཞེས་ཐུབ་མེད་པ་མ་ཟད། གནས་ཡུལ་རྒྱལ་ཁབ་ཀྱི་མི་སྣ་ཆེ་དྲག་ཅིག་ལ་རང་སྐྱ་ཐུབ་པའི་འབྲེལ་ལམ་ཡང་འཇོག་གནང་མེད་པས། ཡོང་འགྱུར་གྱི་སྤྱི་འཐུས་ནི་གོང་གི་དེ་དག་ངེས་པར་མཁྱེན་མཁན་ཞིག་དང་འཇོན་མཁན་ཞིག་ཅིས་ཀྱང་གལ་ཆེ་ལ་དོན་ཡང་ཆེ་བར་འདོད། དེ་མིན་མི་ཤ་ཆེ་ཀོ་མཐུག་ཅིག་གིས་ཕན་ཐོགས་ཅི་ཡང་ཡོད་པ་རེད་ལ། མགོ་ཐོགས་ཚུལ་ལ་རང་རང་སར་ཡོད་པའི་བསམ་ཚུལ་དེ་འདྲ་བཤད་མཁན་ཡང་དགོས་མཁོ་ཡོད་མ་རེད་བསམ། འདི་བསམ་ཚུལ་ཡིན།

    Reply
  28. བོད་ཀྱི་བུ། says:
    ལོ་ 12 སྔོན།

    རྒན་ཆབ་བྲག་གི་སྐད་ཆ་ལ་ངོས་ལེན་ཡོད། ངས་ལྟོས་ན་མདོ་སྨད་ཚོས་གཞུང་རྒྱུ་འབུམ༢༡ འཕྲོ་རློག་གཏོང་མི་དགོས་པར།སླར་ཡང་འོས་གྲངས་ལྟར་ཕེབས་ཐུབ་ན་ཧ་ཅང
    དགེ་བ་ཆེ་རེད། དེ་མིན་ཡག་པོ་ཞིག་ཡོང་ས་མེད་འདུག

    Reply
  29. གངས་ཕྲུག says:
    ལོ་ 12 སྔོན།

    གོང་ས་མཆོག་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་བྱེད་མཁན་ཀླུ་མཁར་བྱམས་ལྟ་བུ་མདོ་སྨད་སྤྱི་འཐུས་ལ་བསྐོ་བཞག་གནང་ན་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་དཀའ་ངལ་རྣམས་རོ་ལང་རྒྱག་རྒྱུ་ཉག་ཅིག་རེད།

    Reply
  30. བསྟན་པ། says:
    ལོ་ 12 སྔོན།

    དྲ་གྲོགས་ཁ་ཤས་ནས་བསམ་གཞིགས་ཡག་པོ་གནང་བཞག མ་གཞི་ནས་སྤྱི་འཐུས་སྒེར་མོ་རང་ལྐོག་ཟ་འབུམ་འགའ་ཞིག་བཟས་པ་མ་ཟད་གཞུང་ལ་སྒོར་འབུམ ༢༡ གྱི་འགྲོ་སོང་ཁ་སྣོན་བཟོས་ནས་མངོན་གནས་མདོ་སྨད་མི་མང་གི་ཞབས་འདྲེན་རེད་ལགས་སྐུ་སྒེར་ཨ་རིར་ཐར་ཚར་པས་སྤྱི་འཐུས་ལས་གནས་ནས་རྩ་དགོངས་ཞུས་པ་ཧ་ཅང་བློ་ཕམ་གྱི་གནས་ཤིག་རེད།

    མདོ་སྨད་མི་མང་གི་བྱུང་ན་འོས་བསྡུ་བསྐྱར་དུ་མི་དགོས་པར་དེ་སྔའི་འོས་བསྡུའི་འོས་གྲངས་མཐོ་ཤོས་དེར་བསྐོ་བཤག་གནང་རྒྱུར་རེ་སྒུལ་ཞུ་ན་གང་འདྲ་འདུག ཡང་གལ་སྲིད་འོས་གྲངས་མ་ལོངས་ནས་ཡང་བསྐྱར་འབུམ་ ༢༡ འགྲོ་སོང་བཏང་དགོས་རེད་པས།

    འོས་བསྡུ་དགེ་འཛིན་ནས་ཐག་ཆོད་མདོག་ཁ་པོས་སླར་འོས་འདེམས་བྱ་སྐབས་འོས་གྲངས་མ་ལངས་ནས་སྐྱོན་མེད་པ་བཤད་པ་དེ་ནི། སྤྱི་འཐུས་ནས་ཁྲིམས་གཏན་ལ་ཕབ་པ་དེར་ཁ་གསལ་མ་མེད་པས་ཚོགས་གཙོ་དང་འོས་འགན་གྱི་རང་གི་དགོས་དབང་ལ་བརྟེན་ནས་ཁ་བསྒྱུར་ན་དྲང་པོ་མ་རེད།

    བྱས་ཙང་གཞུང་ལ་འགྲོ་སྒྲོན་ཁ་སྣོན་མི་དགོས་པ་དང་སྤྱི་འཐུས་ཀྱི་ཁྲིམས་གསར་པ་དེ་འགྲེལ་འདྲ་མིན་རྒྱག་མི་དགོས་པར། དེ་སྔའི་འོས་བསྡུའི་གྲངས་བཅིུག་པ་དེ་བསྐོས་ན་བཟང་ཤོས་རེད། དེ་མིན་ན་ཡང་སྐད་ཆ་ལྷག་གི་རེད་དོ།

    Reply
  31. བཀྲ་ཤིས་རྡོ་རྗེ། says:
    ལོ་ 12 སྔོན།

    བློ་བཟང་དོན་ལྡན་ལགས་ཀྱིས་ཚིག་ཉུང་དོ་འདུ་བའི་སྐད་ཅ་ཧ་ཅང་རྩ་བ་ཆེན་པོ་ཞིག་གསུངས་འདུག དངོས་ནས་དྲང་གནས་བདེན་པ་བདེན་རྐྱང་རེད། ནམ་རྒྱུན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཐོན་ཏེ་བཤད་རྒྱུ་མེད་རུང་ཡོད་ཁུལ་བྱས་ཏེ་བཙུར་གྱི་ཡོད་པ་དང་མི་མང་ཚོགས་ས་འཛོམས་ས་ཁག་ཏུ་གོ་སྐབས་ཨེ་རེག་ལ་བལྟ་སྡོད་མཁན་དེ་ཚོའི་ཀུན་སློང་སྐྱུག་བྲོ་བོ་རྐྱང་ཆགས་འདུག

    Reply
  32. བློ་བཟང་དོན་ལྡན། says:
    ལོ་ 12 སྔོན།

    ང་ལ་བསམ་ཚུལ་མང་པོ་མེད། ལོ་ལྔ་དྲུག་གོང་ནས་རྡ་རམ་ས་ལ་གཡས་གཡོན་དང་ས་གནས་གཞན་ཁག་ཅིག་ཏུ་མདོ་སྨད་སྤྱི་འཐུས་ནང་ཨེ་ཐོབ་ལ་གཉིད་ཁུག་གི་མེད་མཁན་ཁག་ཅིག་ཡོད། ངས་དེ་དག་གི་མིང་མི་འཛིན། ནམ་བཞག་རྒྱུན་དུ་ནས་གསར་འགྱུར་བརྒྱུད་ལམ་ཁག་དང་ཚོགས་འདུ་མཛད་སྒོ་སོགས་སུ་འཚང་ཁ་བརྒྱབ་སྟེ་སོ་སོ་ཁྱབ་བསྒྲགས་ཡོང་ཐབས་ལ་སྲོག་བསྡོས་བྱེད་ཀྱི་ཡོད། དེ་ཚོར་གཟབ་དགོས། སྤྱི་སེམས་ཀྱི་དྲི་ཙམ་ཡང་མི་བྲོ་བ་མ་ཟད་ཆོལ་ཁ་ཆོས་ལུགས་འཕུང་དཀྲུག་ལ་ཉེན་ཁ་ཡོད་པ། གོ་སྐབས་ལ་ཐུག་ན་མདོ་སྨད་མི་མིང་ལའང་ཁྲིམས་མེད་ལུགས་མེད་བྱེད་པར་བག་མི་ཚ་མཁན་རྐྱང་ཡིན། གཞན་ཡང་ཁུ་སིམ་པོར་གནས་ཡོད་མཁན་ཤེས་འཇོན་ལྷག་བསམ་དང་བསམ་བློ་ཀུན་སྤྱོད། ལས་ཀ་འགན་འཁྲི་སོགས་ལ་མཚུངས་ཟླ་མེད་པ་འགའ་རེ་ཡོད་དེ་དག་སྔོག་འདོན་གྱིས་གདན་ཞུ་གནང་ཐུབ་ན་མདོ་སྨད་མི་མང་ལ་ཨ་ཅང་ཅང་བོད་སྤྱི་བར་ཕན་ཐོགས་ཆེན་པོ་ཡོད་མཁན་ཆགས་ཡོད། ཡིན་ནའང་ངས་འདི་ནས་ཁོང་ཅག་གི་མིང་ཡང་མི་འཛིན་ཀློག་པ་པོ་དང་མདོ་སྨད་མི་མང་གིས་བརྩད་གཅོད་ཞིབ་འཇུག་གནང་རོགས།

    Reply
  33. སྦྲ་ནག says:
    ལོ་ 12 སྔོན།

    ནམ་རྒྱུན་ལྷ་མོ་སྐྱབས་ཀྱི་གཏམ་ལ་རིན་ཐང་ལྟ་བཞིན་མེད་ཀྱང་དེ་རིང་དྲི་བ་གནད་དུ་འཁེལ་བ་ཞིག་དང་དགོངས་ཚུལ་གནད་དུ་འཁེལ་བ་ཞིག་གསུང་འདུག གད་མོ་བྲོ་བ་ཞིག་ལ་སྒུག་ཐོ་དེ་སྐབས་བཅོ་ལྔ་དང་འབྲེལ་བས་བརྒྱ་ཆ་ལངས་དགོས་ན་གདམ་འབྱུར་གྱི་སྤྱི་འཐུས་དེ་ཡང་སྐབས་བཅོ་ལྔ་པའི་སྤྱི་འཐུས་ཡིན་པས་དེ་ལ་བརྒྱ་ཆ་ལོང་མི་དགོས་པ་ཅི་ཡིན་ནམ། དྲི་བ་གཉིས་པའི་ལན་དང་དྲི་བ་ཐ་མའི་ལན་གཉིས་ཀྱི་ནང་འགལ་ལ་དྲ་གྲོགས་ཚོས་ཞིབ་ཏུ་གཟིགས་དང་ཁྲིམས་དང་སྒྲིག་ལམ་ལ་ལྟོས་འདུག་གམ་ཡང་ན་གང་ཟག་ལ་ལྟོས་འདུག རེ་བ་ཞིག་ལ་ཧིན་སྒོར་འབུམ་༢༡་གཙང་པོའི་ནང་དུ་མ་གཡུག་པར་སྒུག་ཐོ་ནང་དུ་ཡོད་པའི་མི་དེ་སྤྱི་འཐུས་སུ་བསྐོ་རོགས་ཞུ་རྒྱུ་ཡིན།

    Reply
  34. སྣང་གསལ། says:
    ལོ་ 12 སྔོན།

    འོ་ང་ལ་འོས་མི་གཅིག་ཡོད་་་་་ཨོ་གཉིས་འདུག་་ཀིར་ཏི་་་ཀ་ཉག་ཚེ་རིང་འམ་ཁོང་གིས་ཕྱག་རོག་་བློ་བཟང་ཡེ་ཤེས་གང་རུང་ཞིག་་་་་ལ་ཡིན་་་་་་

    Reply
  35. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    དོགས་འདྲི་ཞིག
    སྐབས་བཅོ་ལྔ་པས་བརྒྱ་ཆའི་༣༣་ལོངས་མི་དགོས་པ་བཟོས་པ་དང་། བར་འདེམས་ལ་རྩེ་བཏོགས་ཀྱིས་ལེན་ཆོག་ན། སྐབས་བཅོ་ལྔ་བའི་བདམས་ཐོའི་ནང་གི་སུ་མཐོ་བ་དེ་ལེན་མི་ཆོག་པའི་རྒྱུ་མཚན་ཅི།
    “སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་བསྡུའི་སྐབས་སྤྱི་འཐུས་འཐོབ་རྒྱུར་བརྒྱ་ཆ་ ༣༣ དགོས་ཀྱི་ཡོད་པ་རེད། སྐབས་བཅོ་ལྔ་པའི་སྤྱི་འཐུས་བདམས་ཚར་རྗེས་བརྒྱ་ཆ་དེ་མེད་པ་བཟོས་པ་རེད། སྤྱི་འཐུས་ལ་ཐོབ་མེད་ནའང་ཐོ་དེ་འདྲ་ཡོད་ན་བསྐོ་བཞག་བྱས་ན་འགྲིག་གི་མེད་འགྲོ་བསམ་ནས་བཀའ་འདྲི་ཞུས་དུས་དེ་འགྲིག་གི་མི་འདུག དེ་འགྲིག་གི་མེད་པར་བརྟེན་བར་མའི་འོས་བསྡུ་བྱ་དགོས་བྱུང་བ་རེད།” འདི་སྟབས་བདེ་རུ་བཟོས་པ་རེད་དམ་ཁག་ཏུ་བཏང་བ་རེད།

    Reply
  36. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    སྒྲོལ་དཀར་ལྷ་མོ་ལགས་ཀྱིས་གཞི་ནས་དགོངས་པ་ཞུས་པ་ཏག་ཏག་མ་བསྡད་པ་རེད། ཡང་མིན་ན་སྔ་ས་ནས་ཞུ་དགོས་པ་རེད། དེ་མིན་མ་ཞུས་ན་ཡང་ཆོག་གི་རེད།

    Reply
  37. བོད་ཀྱི་བུ། says:
    ལོ་ 12 སྔོན།

    ང་རང་གིས་འོས་མི་ནི་ཀླུ་མཁར་བྱམས་རང་ལ་ཡིན། དེ་ལ་ཕྱིར་ནུར་མེད་ལགས་དཀོན་མཆོག་གསུམ།

    Reply
  38. བསྟན་འཛིན། says:
    ལོ་ 12 སྔོན།

    དེ་སྔོན་འོས་འདེམས་བྱེད་སྐབས་ཀྱི་རེའུ་མིག་ཏུ་ཀིརྟི་སྒྲོལ་དཀར་གྱི་འཕྲོར་སྐུ་ཞབས་ཀླུ་མཁར་བྱམས་ཡོད་པ་ང་རང་གི་མིག་གིས་མཐོང་མྱོང་།   དེ་རིང་སྒུག་ཐོ་མེད་ཟེར་བ་ཅི་ཡིན་ནམ།   ཡང་བསྐྱར་འོས་བསྡུ་བྱས་ནས་ཧིན་སྒོར་འབུམ་ ༢༡ འགྲོ་སོང་གཏོང་བ་ལས།  སྒུག་ཐོ་བཞིན་ཀླུ་མཁར་བྱམས་སྤྱི་འཐུས་སུ་ཕེབས་བཅུག་ན་མི་ལེགས་སམ།   
    གཞན་ཧིན་སྒོར་འབུམ་ ༢༡ དེ་སྔོན་ནས་གྲ་སྒྲིག་བྱས་ཟིན་པ་བཞིན།  མི་གཉིས་ལ་ཟླ་ཕོགས་སུ་སྤྲོད་འདོད་ཡོད་ན་གནས་ཚུལ་ལོགས་པ་རེད།   ཁོང་གཉིས་ལ་ཕན་གྱི་རེད།  གང་ལྟར་དེ་ང་ཚོའི་གཞུང་གི་ལས་ཀ་བྱེད་སྟངས་རེད།  རྒྱུན་ལྡན་རེད།  

    Reply
  39. བསོད་ནསམ་ཚེ་རིང་། says:
    ལོ་ 12 སྔོན།

    ཧ་ཅང་གནད་འགག་གི་དུས་ཚོད་ཅིག་ལ་བོད་ཀྱི་དུས་བབ་གསར་ཁང་གིས་བཅར་འདྲི་གལ་ཆེན་པོ་ཞིག་བྱས་འདུག སྤྱི་ཚོགས་ནང་གླེང་སློང་དང་མོག་ཉོག་པོ་ཚང་མ་ཞི་འཇགས་བཟོས་སོང་། འོས་བབ་མེད་པའི་མི་མང་པོ་ཞིག་གིས་སྤྱི་འཐུས་གཅིག་གི་རྐུབ་སྟེགས་དེ་ཧབ་ཐོབ་རྒྱག་གི་ཡོད་པ་རེད།

    Reply
  40. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    རེད་གང་ལྟར་འབུམ་ཉེར་གཅིག་ཙམ་འགྲོ་སོང་བཏང་ནའང་གཏོང་གོ་ཆོད་པ་ཞིག་གནང་རྒྱུ་ནི་མདོ་སྨད་མི་མང་གི་ལས་འགན་ཡིན་ཙང་། སྤྱིར་མདོ་སྨད་མི་མང་ནང་ཤེས་ཡོན་དང་ལྷག་བསམ་ཅན་འོས་ཆོས་ཚང་པ་མང་པོ་ཞིག་ཡོད་མོད། དེའི་ནང་ནས་ཀྱང་བོད་མི་རིགས་དང་རྒྱལ་ཁབ་ལ་ཤ་ཞེན་དང་སྙིང་སྟོབས་འགྱུར་བ་མེད་པ་ཀླུ་མཁར་འཇམ་ལྟ་བུ་ལ་འོས་གནང་པ་ཡིན་ན་དོན་སྙིང་དང་ལྡན་པ་ཞིག་མཐོང་གི་འདུག། ཐུགས་རྗེ་ཆེ།

    Reply
  41. ཕུན་ཚོགས། says:
    ལོ་ 12 སྔོན།

    ང་ལ་མདོ་སྨད་སྤྱི་འཐུས་འོས་མི་གཉིས་ཡོད།
    སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་དང་ཨ་ཚོགས་ཀླུ་མཁར་བྱམས་གཉིས་ཡིན།

    Reply
  42. རིག་པའི་བུ། says:
    ལོ་ 12 སྔོན།

    ངས་མདོ་སྨད་ཀྱི་སྤྱི་འཐུས་འོས་མི་ལྔ་འདེམས་རྒྱུ་ཡིན།

    1) སྤྲུལ་ནག་པ་བློ་གྲོས་དཔལ་བཟང་།
    2) བརྡ་འཕྲིན་ལག་རྩལ་པ་བློ་བཟང་སྨོན་ལམ།
    3) ནོར་གླིང་གི་འགན་འཛིན་གཞོན་པ་གནང་མྱོང་མཁན་སྒྲོལ་མ་སྐྱབས།
    4) རང་དབང་གི་རྩོམ་པ་པོ་ཨ་ཚོགས་ཀླུ་མཁར་བྱམས།
    5) རྡ་རམ་ས་ལར་རྒྱ་ཡིག་ལས་ཁུངས་ཀྱི་འགན་འཛིན་དབང་མོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese