མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཙི་བཅོས་ཐུབ་ཀྱི་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོང་ཁྱེར་ནེའུ་ཡོག་གི་སྨན་བཅོས་ཚན་རིག་པ་ཁག་ཅིག་གིས་ཨེ་ཙི་ནད་པའི་ལུས་ཟུངས་ཀྱི་(HIV)ཞེས་པའི་ནད་འབུ་ལ་“ཨན་ཌི་རི་ཌོར་ཝོ་རལ”ཞེས་པའི་བཅོས་ཐབས་བརྒྱུད་རྩ་མེད་བཟོ་ཐུབ་ཀྱི་ཡོད་སྐོར་བརྗོད་འདུག  

ཁ་སང་རྒྱ་གར་དུས་བབ་གཙོས་པའི་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ནང་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་རྟེན་གཞི་བྱས་པའི་ཨལ་བྷར་ཌི་ཨན་སི་ཀྲིང་གསོ་རིག་སློབ་ཆེན་གྱི་ཆེད་མཁས་པ་དྷ་དྷ་ཆོ་ཝ་ (Ekaterina Dadachova)ལགས་གཙོས་པའི་གསོ་རིག་ཆེད་མཁས་པ་ཁག་ཅིག་གིས་དུས་ཡུན་རིང་པོར་ཉམས་ཞིབ་དང་ཚོད་ལྟ་བྱས་པ་བརྒྱུད། འཛམ་གླིང་ཐོག་ཆེས་ཉེན་ཁ་དང་ཞེད་སྣང་བྱེད་ཀྱིན་པའི་འགོས་ནད་སྲིན་འབུ་འཁྲུག་པའི་གཉེན་ནད་རེག་དུག་སྟེ། དབྱིན་སྐད་ནང་ཨེ་ཙི་(AIDS)ཞེས་པ་དེ་བཅོས་ཐུབ་ཀྱི་ཡོད་སྐོར་གསལ་བསྒྲགས་སྤེལ་འདུག

ལྕམ་ངྷ་ངྷ་ཆོ་ཝ་སོགས་ཀྱིས་ཨེ་ཙི་ནད་འབུ་ཡོད་པའི་ནད་པ་ ༡༥ ཙམ་གྱི་ཁྲག་ལ་བརྟག་དཔྱད་སྨན་བཅོས་བྱས་པ་བརྒྱུད་ན་ཚ་དེ་ཚད་གཞི་མཐོ་བའི་ཨན་ཌི་རི་ཌོར་ཝོ་རལ་(antiretroviral therapy)སྨན་བཅོས་ལ་བརྟེན་དགོས་པ་དང་། གཟུགས་པོའི་ནད་འགོག་ཕྲ་ཕུང་གསོ་ཐབས་(mAb2556) དང་། (radionuclide Bismuth-213)ཞེས་པ་ཞིག་གསར་བཟོ་གནང་སྟེ། (radionuclide Bismuth-213) ཞེས་པའི་སྨན་བཅོས་འདིས་ཁྲག་རྩའི་ནང་ཡོད་པའི་ཨེ་ཙི་ནད་འབུ་ཁག་རྩ་མེད་བཟོས་པ་ཙམ་ལས་ལུས་ཟུངས་ཀྱི་ཁྲག་རྩའི་མ་ལག་ཁག་ལ་གནོད་སྐྱོན་མི་བཟོ་ཚུལ་དང་། ང་ཚོས་མིའི་ཀླད་པའི་ནང་ཡོད་པའི་ཟུངས་ཁྲག་འགོག་སྲུང་གི་ཐབས་ལམ་ལ་བརྟེན་ཏེ། (mAb2556)ཞེས་པའི་བཅོས་ཐབས་སྤྱད་དེ་ཨེ་ཙི་ནད་འབུས་ཁྱབ་པའི་ཟུངས་ཁྲག་གི་ནད་འབུ་རྣམས་རྩ་མེད་བཟོ་བཞིན་ཡོད་ཀྱང་། སྨན་བཅོས་བརྟག་ཐབས་དེ་ཡག་པོ་བྱེད་མ་ཐུབ་པ་ཡིན་ན་ཀླད་པའི་དབང་རྩ་ཉམས་ཉེས་བྱུང་སྟེ་དབང་པོ་སྐྱོན་ཅན་ནམ། ཡང་ན་སེམས་ཁམས་བདེ་པོ་མེད་པ་ཆགས་རྒྱུའི་ཉེན་ཁའང་ཡོང་སྲིད་སྐོར་བརྗོད་འདུག

ད་ལྟ་གསོ་རིག་བརྟག་ཐབས་འདིས་ལྷོ་ཨ་ཧྥེ་རི་ཀའི་ཁུལ་གྱི་ནད་པ་ས་ཡ་ ༢།༨ ལ་སྨན་བཅོས་བྱས་ཡོད་པ་དང་། ༢༠༣༠ སྔོན་ཚུད་ནང་ནད་པ་ས་ཡ་ ༡༥ ཙམ་ལ་ཕན་ཐོགས་སྒྲུབ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

ཨེ་ཙི་ཞེས་པའི་བཅོས་ཐབས་མེད་པའི་ནད་གཞི་འདི་ཐོག་མ། དུས་རབས་ ༢༠ པའི་དུས་མཇུག་ཏུ་ལྷོ་ཨ་ཧྥི་རི་ཁའི་གླིང་ཆེན་དུ་སྤྲེའུ་ལས་མི་ལ་འགོས་ཁྱབ་ཕྱིན་པར་ཚན་རིག་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། འགྲོ་བ་མིའི་སྤྱི་ཚོགས་ནང་ཕོ་མོས་འཁྲིག་སྤྱོད་དང་། ཁྲག་འདྲེས་པ། ཨེ་ཙི་ནད་པའི་ནུ་ཞོ། སྐྲ་དང་ཁ་སྤུ་བཞར་ཆས། སྨན་ཁབ། ཁྲག་སྦྱིན་སོགས་ལས་འགོས་ཁྱབ་འགྲོ་བཞིན་ཡོད་འདུག ནད་གཞི་འདི་ཐོག་མ་ ༡༩༨༠ ཙམ་ལ་ངོས་འཛིན་བྱུང་རྗེས་ད་བར་ནད་པ་ས་ཡ་ ༣༦།༢ ལྷག་དང་། ནད་གཞི་འདིས་རྐྱེན་པས་མི་ས་ཡ་ ༦།༥ ཙམ་འདས་གྲོངས་སུ་ཕྱིན་ཡོད་འདུག  འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱི་སྙན་ཐོར་གསལ་བ་ལྟར་ན། རྒྱ་གར་ལ་ཨེ་ཙི་ནད་པ་ས་ཡ་༤།༣༩ དང་རྒྱ་ནག་ནང་ས་ཡ་༣ ལྷག་ཡོད་འདུག རྒྱ་གར་ནི་འཛམ་གླིང་ནང་གི་ཨེ་ཙི་ནད་པ་མང་ཤོས་ཨང་ ༣ པ་དང་། རྒྱ་ནག་ཨང་ ༡༣ པ་ཡིན་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་བཀའ་བློན་མཆོག་གི་འདི་ལོའི་འཛམ་གླིང་ཨེ་ཙི་ཉིན་མོའི་གསུང་འཕྲིན་ནང་། ད་ལྟ་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ཤེས་རྟོགས་བྱུང་བའི་ཨེ་ཙི་ནད་པ་ ༡༣ ཙམ་ཡོད་ལུགས་གསུངས་འདུག མི་མང་ཚོའི་ངོས་ནས་ཨེ་ཙི་ནད་པ་དེ་ལས་མང་བའི་ཚོད་དཔག་བྱེད་ཀྱིན་ཡོད།  

 

འབྲེལ་ཡོད་གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༢༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༢༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༢༣ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡

མཆན། 4

  1. བར་ཕུ་ཕུན་ཚོགས། says:
    ལོ་ 12 སྔོན།

    དངོས་གནས་གཏམ་བཟང་རེད། ད་ལྟའི་གནས་ཚུལ་འདི་ལ་བརྟེན་ནས་ང་ཚོས་བོད་རིགས་ཀྱི་འཕྲོད་བསྟེན་སྲུང་སྐྱོབས་ཆེདདང་། གཉན་ནད་རེག་དུག་ལྡན་པའི་མིའི་རིགས་ལ་སྨན་བཅོས་ཀྱི་གོ་སྐལ་ག་དུས་གནང་རྒྱུ་ཡིན་མིན་སྒུག་ནས་ཡོད།

    Reply
  2. བློ་བཟང་མདོ་སྔགས། says:
    ལོ་ 12 སྔོན།

    ནད་རིགས་འདི་ལ་བཅོས་ཐབས་ཡོད་ཀྱང་། བོད་པ་ཚང་ལ་མཚོན་ན། ནད་རིགས་དེ་བཅོས་བྱེད་ཀྱི་སྒོར་མོ་མེད་སྟབས། མུ་མཐུད་ནས་ནད་རིགས་མི་ཡོང་བའི་ཐབས་ལ་འབད་དགོས་པར་སྙམ།

    Reply
  3. སྣང་གསལ། says:
    ལོ་ 12 སྔོན།

    ཡཡ་དེ་ངོ་མ་གཏང་བཟང་ཞིག་་་་ངས་དམིགས་གསལ་ཁོང་རྣམས་པར་
    ཐུགས་ཆེ་་་་་ཞུ་བ་ཡིན་་་་་་

    Reply
  4. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ཡག་རེད་དེ་ཡིན་ན་ཡག་པོ་རེད་ད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese