རིས་མེད་བསྟན་པའི་གསལ་བྱེད་༧ཆོས་རྗེ་དམ་པ་ཡིན་བཞིན་ནོར་བུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་མལ་བ་ནས་བཟུང། རྒྱ་བལ་འབྲས་འབྲུག་གི་ཞལ་སློབ་རྣམས་ཀྱིས་གནས་མཆོག་རྡོ་རྗེ་གདན་དུ་ལོ་ལྟར་འདས་མཆོད་སྨོན་ལམ་འཚོགས་བཞིན་པ་དགོངས་མངལ་ལྟར་ལ།འདས་མཆོད་སྐབས་བཅུ་གཅིག་པ་འདི་ཉིད་ཆོས་རྗེ་མཆོག་སྐུ་མྱ་ངན་ལས་འདས་ནས་ལོ་ཧྲིལ་བོ་བཅུ་འཁོར་བའི་དུས་དྲན་ཁྱད་པར་ཅན་ལ་ཁེལ་ཡོད་སྟབས། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༡ ཚེས་ ༢༦ ནས་དབུ་འཛུགས་ཞུས་ཏེ་ཉིན་གསུམ་གྱི་རིང་འདས་མཆོད་སྨོན་ལམ་སྔར་རྒྱུན་ལས་གྲ་རྒྱས་ཞིག་དང། དེ་བཞིན་ཕྱི་ཚེས་ ༢༩ ཉིན་ཆོས་རྗེ་མཆོག་གི་བླ་ན་མེད་པའི་རྣམ་ཐར་རྗེས་སུ་དྲན་པ་ཞེས་པའི་བགྲོ་གླེང་ཞིག་ཀྱང་འཚོགས་རྒྱུ། འདས་མཆོད་ཚོགས་མགོན་དུ་གསང་ཆེན་སྔ་འགྱུར་བའི་བསྟན་པའི་བསྟན་པའི་མངའ་བདག ༧སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེས་དབུས་སྔ་འགྱུར་མ་དགོན་དྲུག་གི་གསེར་ཁྲི་འཛིན་པའི་༧སྐྱབས་རྗེ་རྣམ་པ་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་སྙན་གསན་གསོལ་འདེབས་ཞུས་ཡོད་ལགས་ན། བླ་མ་རུང་གི་སློབ་རྒྱུན་རྣམས་དམིགས་བསལ་གྲ་སྒྲིག་ཆེད་སྔ་རྩམ་ཕེབས་གནང་སྐྱོང་ཡོང་བ་དང། རིས་མེད་ཀྱི་གྲྭ་བཙུན་གང་མང་དུས་ལྟར་ཕེབས་རྒྱུར་སྙིང་ཐགས་པ་ནས་གསོལ་འདེབས་ཞུ་ཞུ།
ཞེས་འདས་མཆོད་གོ་སྒྲིག་ཚོགས་ཆུང་ནས
འབྲེལ་བ་གནང་ཡུལ། ༩༨༨༢༤༥༠༡༠༧
།