མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གསར་བ།

བོད་ཀྱི་དུས་བབ།
༢༠༡༣/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཨི་ཊ་ལིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་མི་ཟུར་པ་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་Matteo Mecacci མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གསར་པར་བསྐོ་གཞག་བྱུང་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རི་ཆ་ཌི་སྒེར་ Richard Gere ལགས་ཀྱིས་གནད་དོན་དེའི་སྐོར་བརྗོད་དོན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གཙོས་འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་ལས་འགུལ་ཚོགས་པའི་དུས་ཚིགས་ཧ་ཅང་གལ་ཆེའི་སྐབས་འདིར་སྐུ་ཞབས་མེ་ཐིའུ་མེ་ཁ་ཅི་མཆོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་གསར་པར་བསྐོ་གཞག་བྱུང་བར་ང་ཚོས་དགའ་སྤོབས་ཆེན་པོས་འཚམས་འདྲི་ཞུ་རྒྱུ་ཡིན། ངས་སྐུ་ཞབས་མེ་ཁ་ཅི་མཆོག་དང་ལྷན་ལོ་མང་རིང་ལས་ཀ་བྱས་པར་བརྟེན་ཡག་པོ་ངོ་ཤེས་ཀྱི་ཡོད། ཁོང་ནི་ཧུར་བརྩོན་ཅན་ཞིག་དང་ཐུགས་སེམས་བཟང་པོ། འཇོན་ཐང་ཅན་གྱི་དབུ་ཁྲིད་ཅིག་ཡིན། འཛམ་གླིང་ཁྱོན་ལ་དམངས་གཙོ་གོང་འཕེལ་གཏོང་ཆེད་སྐུ་ཞབས་མེ་ཁ་ཅི་མཆོག་གིས་བྱས་རྗེས་ཆེན་པོ་བཞག་ཡོད་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་གྲོགས་འདྲིས་ཆེན་པོ་ཡོད་པ་དང་། བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན། ཁོང་ནི་རྒྱ་ནག་ནང་གི་ཆབ་སྲིད་དང་རིག་གཞུང་། སྤྱི་ཚོགས་སོགས་ཀྱི་སྐོར་ལ་རྒྱུས་མངའ་ཆེན་པོ་ཡོད། སྐུ་ཞབས་ཁོང་ཚོགས་གཙོར་བསྐོ་གཞག་བྱུང་བ་དེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་རྒྱལ་སྤྱིའི་འབྲེལ་ལམ་དང་དམངས་གཙོ་འཕེལ་རྒྱས་སོགས་ཀྱི་གནད་དོན་ཐོག་ཉམས་མྱོང་ཆེན་པོ་ཐོབ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག

གནས་ཚུལ་འདིའི་སྐོར་བོད་མིའི་སྒྲིག་འཛུགས་དྲ་བར་བཀོད་པ་ལྟར་ན། ཚོགས་གཙོ་གསར་པ་མཆོག་ཇོར་ཇི་ཡའི་ Georgia ཡུལ་དུ་འོས་བསྡུ་རྟོག་ཞིབ་གནང་མཁན་ཚོགས་ཆུང་གི་ཚོགས་མི་ཡིན་སྟབས། མི་འགྱངས་པར་ཡུལ་དེར་ཕེབས་ཏེ་ལས་དོན་གྲུབ་མཚམས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོའི་ལས་འགན་བཞེས་ཏེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལོ་ལྔའི་ལས་འཆར་བཀོད་སྒྲིག་གནང་རྒྱུ་ཡིན་འདུག

དེ་སྔ་སྐུ་ཞབས་མེ་ཁ་ཅི་མཆོག་གིས་ཊར་ཀི་ Turkey དང་ཡུ་ཀེ་རེན། Ukraine ཨུ་རུ་སུ། Russia བྷེ་ལ་རུ་སུ། Belarus ཀ་ཛ་ཀི་སི་ཐན་ Kazakhstan སོགས་རྒྱལ་ཁབ་ ༢༠ ལྷག་གི་འོས་བསྡུའི་རྟོག་ཞིབ་ཆེད་ཕེབས་མྱོང་ཡོད་ཅིང་། ཕྱོགས་མཚུངས་སྲོག་ཁྲིམས་ཀྱི་ཉེས་ཆད་མེད་པ་བཟོ་རྒྱུའི་ལས་འགུལ་སྤེལ་མཁན་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་གནང་སྟེ་ ༢༠༠༧ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་འཛམ་གླིང་ཁྱོན་ཡོངས་སུ་སྲོག་ཁྲིམས་ཀྱི་ཉེས་ཆད་མེད་པ་བཟོ་རྒྱུའི་གྲོས་ཆོད་འཇོག་ཐུབ་པ་བྱུང་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་འགལ་ཉེས་ཅན་པའི་ཁྲིམས་ཁང་ International Criminal Court གསར་འཛུགས་བྱ་རྒྱུར་གཞོགས་འདེགས་ཞུས་ཡོད་འདུག

དེ་ཡང་སྐུ་ཞབས་མེ་ཁ་ཅི་མཆོག་གིས་དེང་སྐབས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་ནག་སྟོབས་ཤུགས་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར་བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་འགུལ་དེ་སྔ་ལས་ཤུགས་ཆེ་རུ་གཏོང་རྒྱུ་ནི་བོད་མི་ཙམ་གྱི་ཆེད་དུ་མ་ཟད། འཛམ་གླིང་ཁྱོན་ཡོངས་ལ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྟབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལས་དོན་དེ་དག་གིས་བདེན་པ་དང་འགྲོ་བ་མིའི་རིན་ཐང་གི་སྟོབས་ཤུགས་ནི་དྲག་པོས་གཉའ་གནོན་བྱེད་མི་ཐུབ་པའི་བརྡ་ལན་གསལ་པོ་གཏོང་བཞིན་ཡོད་པར་བརྟེན་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་སོགས་བརྗོད་འདུག

སྐུ་ཞབས་མེ་ཁ་ཅི་མཆོག་ནི་ཨི་ཊ་ལིའི་ཕོ་ལོ་རེན་སི་ (Florence) ཞེས་པའི་གྲོང་ཁྱེར་ནང་སྐྱེས་ཤིང་། ཨི་ཊ་ལིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚན་པའི་ཚོགས་མི་དང་། ༢༠༠༨ ལོར་ཨི་ཊ་ལིའི་རྒྱལ་ཡོངས་འོས་བསྡུའི་སྐབས་ཁོང་རེ་ཌི་ཀལ་ཆབ་སྲིད་ཚོགས་པའི་ཚོགས་གཞོན་དུ་བསྐོ་གཞག་བྱུང་རྗེས་ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གནང་ཡོད་འདུག ཁོང་གི་སྣེ་ཁྲིད་འོག་ ༢༠༠༩ ལོར་ཨི་ཊ་ལིའི་རྒྱལ་ས་རོམ་དུ་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐེངས་ལྔ་པ་ཚོགས་ཏེ་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་ཡོད་འདུག ལྷན་ཚོགས་སྐབས་དེར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་(International Network of Parliamentarians on Tibet)གསར་འཛུགས་གནང་ཡོད་ཅིང་། ༢༠༡༡ ཟླ་ ༣ ནང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གསར་པའི་འོས་བསྡུའི་སྐབས་རྟོག་ཞིབ་ཚོགས་ཆུང་(Tibetan Election Observation Mission)ནང་ཡོད་པར་བརྟེན་བཙན་བྱོལ་བོད་མིའི་དམངས་གཙོ་འཕེལ་རྒྱས་ཆེད་ཞབས་འདེགས་ཞུས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 3

  1. སྣང་གསལ། says:
    ལོ་ 12 སྔོན།

    རྒྱལ་སྤྱིའི་བོདལས་ཚོགས་གཙོ་གསར་མཆོག་ལ་འཚམས་དྲིན་ཞུ་།
    ལུང་པ་མང་པོའི་ནང་ཡན་ལག་གང་ཙམ་ཞིག་ཡོད་འདུག་ཡིན་ཡང་ཚོགས་པ་རེ་འགའི་ཚོགས་གཙོ་ལ་རྗེས་ཕོ་འདྲ་ཡོད་ས་མ་རེད་ཕལ་ཆེར་མ་ཤི་བར་ཁོང་ལས་ཞན་པ་ཞིག་སྤྱི་ཚོགས་ན་མེད་པར་འདྲ་་་བསམ་ཚུལ་འདི་བཤད་འདོད་བྱུང་སྤྱི་ཡོངས་ཚོགས་པ་དེར་རྗེས་སུ་ཡིད་རང་ཡོད་ཐུགས་ཆེ་བླ་མེད་དུ་ཆེ་་་་་

    Reply
  2. ཁྲི་འགྱུར་མེད་རྡོ་རྗེའི་ཟིན་བྲིས། says:
    ལོ་ 12 སྔོན།

    རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྐོ་བཞག་གནང་མཁན་ཨ་རི་གཞུང་རེད་དམ་དེ་མིན་བོད་རེད།

    Reply
  3. བསྟན་འཛིན་ཕུན་ཚོགས། says:
    ལོ་ 12 སྔོན།

    འགན་འཛིན་གསར་པ་མཆོག་ལ་འཚམས་འདྲིའི་བཀའ་ཤིས་བདེ་ལེགས་ཞུ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ཟེར་བ་འདི་སྒྲིག་འཛུགས་རྙིང་པ་དང་བོད་པའི་རྩ་དོན་ཐཽག་ཧ་ཅང་གལ་གནད་ཆེན་པོ་ཅན་ཞིག་ཆགས་ཡོད་པ་མ་ཟད། རྒྱལ་སྤྱི་ཐོག་ཏུའང་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་ཚོགས་མི་ཟེར་ན་འདྲ་སྒྲིག་འཛུགས་འདིར་ཡན་ལག་ཀྱང་མང་པོ་ཞིག་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese