ཁ་སང་པེ་ཅིན་གྱི་དགོང་མོའི་ཆུ་ཚོད་ ༡༡ ཙམ་ལ། ཤིན་ཅང་པཱ་ཊོའུ་རྫོང་སི་ལི་བྷོའུ་ཡཱ་གྲོང་ཚོ་ཉེན་རྟོག་ཁང་གིས་དོགས་ཡོད་ཉེས་ཅན་འཛིན་བཟུང་བྱེད་སྐབས། ཉེན་རྟོག་པ་དང་ཡུལ་མིའི་བར་འཁྲུག་འཛིང་ཤོར་ཏེ། ཉེན་རྟོག་པ་ ༢ དང་ཡུལ་མི་ ༡༤ རྐྱེན་ལམ་བཏང་ཡོད་པ་དང་། ཉེན་རྟོག་པ་ ༢ ལ་རྨས་སྐྱོན་ཕོག་ཡོད་འདུག
དེ་རིང་སྔ་དྲོར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ས་གནས་ཉེན་རྟོག་ཁང་གིས། དྲག་སྤྱོད་པ་ ༩ ཡིས་ལག་ཏུ་གྲི་དང་སྟ་རེ་བཟུང་སྟེ་ཉེན་རྟོག་ཁང་ལ་ཚུར་རྒོལ་བྱས་ཡོད་ལུགས་དང་། ཐེངས་འདིའི་དོན་རྐྱེན་ཁྲོད་དྲག་སྤྱོད་པ་ ༡༤ ས་གནས་དེ་རང་ནས་ཚར་གཅོད་དང་། དོགས་ཡོད་ཉེས་ཅན་ ༢ འཛིན་བཟུང་བྱས་ཏེ། ད་ལྟའི་ཆར་སྤྱི་ཚོགས་ཀྱི་གནས་བབ་རྒྱུན་ལྡན་ཆགས་ཡོད་ལུགས་བརྗོད་ཀྱང་། བྷི་བྷི་སི་གསར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ས་གནས་མི་མང་ ༥༠ ཙམ་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་འཛོམས་ཏེ། ཉེན་རྟོག་པས་གང་བྱུང་གིས་མི་མང་དམར་གསོད་མི་གཏོང་བའི་འབོད་སྐུལ་བྱེད་ཀྱི་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་གསར་འགྱུར་བརྒྱུད་ལམ་བཀག་སྡོམ་དང་ཡུལ་མིའི་འགྲོ་འོང་ལ་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་འདུག
གསར་འགོད་པ། པདྨ་མཚོ།
འོ་ཡ་ལས་ཀ་འདི་མ་འོ་ཙེ་ཏུང་ཞེས་པས་འཇུག་འབྲས་རེད་མཁྱེན་པ་གནང་དགོས་བོད་མི་ཚོ།།།།།།