མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་ཇིབ་ནང་འབར་གས་དོན་རྐྱེན་བྱུང་།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨི་ཇིབ་ཀྱི་མངའ་སྡེ་ཌ་ཁཱ་ལ་ཡཱའི་རྒྱལ་སའི་གྲོང་ཁྱེར་ཉེན་རྟོག་ཁང་དུ་འབར་གས་དོན་རྐྱེན་བྱུང་སྟེ་མི་ ༡༤ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་ ༡༣༠ ཙམ་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག

ཁ་སང་དགོང་དྲོའི་ཆུ་ཚོད་ ༡༡།༡༠ ཐོག་ཨི་ཇིབ་ཀྱི་མངའ་སྡེ་ཌ་ཁཱ་ལ་ཡཱ་ (Dakahliya )ཡི་རྒྱལ་ས་མན་སུ་ར་ ( Mansoura) ནང་གི་གྲོང་ཁྱེར་ཉེན་རྟོག་སྤྱི་ཁྱབ་ལས་ཁུངས་ཀྱི་ཁང་བརྩེགས་སྒོ་ཁར་རླངས་འཁོར་ཞིག་ལ་འབར་གས་དོན་རྐྱེན་བྱུང་སྟེ་མི་ ༡༤  རྐྱེན་ལམ་དུ་ཕྱིན་ཡོད་པ་དང༌། གཞན། མི་ ༡༣༠ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག འབར་གས་དེའི་ཤུགས་ཚད་ཧ་ཅང་ཆེ་སྟབས་ཉེ་འགྲམ་གྱི་ཁང་པ་དང་ཚོང་ཁང་སོགས་ཀྱི་སྒོ་དང་སྒེའུ་ཁུང་ལ་གཡོ་འགུལ་ཆེན་པོ་ཐེབས་ཡོད་པ་མ་ཟད། སྤྱི་ལེ་ ༢༠ ཙམ་གྱི་སར་གཡོ་འཁྱོམ་ཆེན་པོ་ཐེབས་ཡོད་འདུག

གནས་ཚུལ་དེའི་བྱུང་རྐྱེན། མོ་བྷ་རག་གིས་སྣེ་ཁྲིད་པའི་ཨི་ཇིབ་གཞུང་དེ་སྔའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ཕམ་ཉེས་ཆེན་པོ་བྱུང་སྟེ། མོར་སེ་ (Morsi)ཡིས་མགོ་ཁྲིད་པའི་ཁ་ཆེའི་སྤུན་ཟླ་མཐུན་ཚོགས་ལ་རྒྱལ་ཁ་ཐོབ་ཅིང་ ༢༠༡༢ ལོའི་ཕྱི་ཟླ་ ༦ པའི་ཚེས་ ༣༠ ཉིན། མོར་སེ་ཨི་ཇིབ་ཀྱི་དམངས་གཙོའི་ལམ་ནས་བདམས་ཐོན་བྱུང་བའི་སྲིད་འཛིན་ཐོག་མར་བསྐོ་བཞག་བྱས་ཡོད་ཀྱང༌།  ཨི་ཇིབ་ཀྱི་སྲིད་འཛིན་ཟུར་པ་མོ་བྷ་རག་ཕྱོགས་གཏོགས་ཀྱི་ཁ་ཆེ་ཤོག་ཁག་དང་དྲག་པོའི་དམག་དཔུང་གིས་ངོ་རྒོལ་བྱས་ཏེ། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣ ཉིན་བཙན་དབང་གིས་གཞུང་སྒོ་རྒྱག་བཅུག་ཡོད་པ་མ་ཟད། མོར་སེ་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་གྱར་བྱེད་མཁན་དང༌འཇིགས་སྐུལ་རིང་ལུགས་པར་ལག་འབྲེལ་བྱས་པ། དམག་མི་དང་ཉེན་རྟོག་པ་གང་བྱུང་འཛིན་བཟུང་བྱས་པ་སོགས་ཀྱི་ནག་ཉེས་བཙུགས་ཏེ་བཙོན་བཅུག་བྱས་ཡོད།

ཉེ་ཆར་ཨེ་ཇིབ་ཀྱི་ས་གནས་གང་སར་མོར་སེ་ཀློད་གྲོལ་གཏོང་དགོས་པའི་ངོ་རྒོལ་དང༌། འབར་གས་དོན་རྐྱེན་རྒྱུན་ཆད་མེད་པར་བྱུང་ཡོད་སྟབས། བར་བརྒལ་གཞུང་གིས་མོར་སེ་ལ་རྒྱབ་སྐྱོར་བྱེད་མཁན་ཁ་ཆེ་མཐུན་ཚོགས་ཀྱི་ཚོགས་མི་ ༢༠༠༠  ཙམ་འཛིན་བཟུང་བྱས་ཡོད་སྟབས།  ཁ་སང་ཁ་ཆེ་སྤུན་ཟླ་མཐུན་ཚོགས་ཀྱི་མཐོ་རིམ་དཔོན་རིགས་ ༤༥༠ ལྷག་གིས་མོར་སེ་དང་ཁ་ཆེ་མཐུན་ཚོགས་ཀྱི་ཚོགས་མི་ཚོ་ཀློད་གྲོལ་དགོས་པའི་ཟས་བཅད་ངོ་རྒོལ་བྱས་ཡོད་འདུག

འབར་གས་དོན་རྐྱེན་སྐོར་ལ། ཨི་ཇིབ་བར་བརྒལ་གཞུང་གི་སྲིད་བློན་ཨཱ་ཛམ་བྷེབ་ལཱ་ཝུ་ (Hazem Beblawi )ལགས་ཀྱིས་དྲ་ཐོག་བརྙན་འཕྲིན་( ONTV)ཞེས་པ་བརྒྱུད། ཐེངས་འདིའི་དོན་རྐྱེན་དེ་དྲག་སྤྱོད་རིང་ལུགས་པའི་བྱ་སྤྱོད་ཅིག་ཡིན་སྟབས། གཞུང་ངོས་ནས་འཇིགས་སྐུལ་རིང་ལུགས་པར་འཆར་འགོད་བྱེད་མཁན་དང་སྐུལ་སློང་བྱེད་མཁན་ཡོངས་གང་མགྱོགས་འཛིན་བཟུང་གིས་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག

ཨ་རིའི་བདེ་སྲུང་དྲུང་ཆེ་ཆོག་ཧེ་ཇཱལ་ ( Chuck Hagel)ལགས་ཀྱིས། ཨི་ཇིབ་སྲིད་འཛིན་མོར་སེ་གནས་དབྱུང་གཏོང་མཁན་གྱི་དྲག་ཤུགས་དམག་དཔོན་ ( Abdel Fatah al-Sisi)ལ་ཁ་པར་བརྒྱུད། ཨི་ཇིབ་བར་བརྒལ་གཞུང་གིས་མོར་སེ་དང་ཁ་ཆེ་མཐུན་ཚོགས་ཀྱི་ཚོགས་མི་མང་པོ་འཛིན་བཟུང་བྱས་པ་དེར་བློ་ཕམ་དང་གནས་ཚུལ་དེ་ཐག་གཅོད་ཡག་པོ་བྱེད་དགོས་སྐོར་བརྗོད་འདུག

ཆབ་སྲིད་དབྱེ་ཞིབ་བ་ཚོས། ཨི་ཇིབ་ནང་གི་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་དེ་དག་ནི། བར་བརྒལ་སྲིད་གཞུང་དང་མོར་སེ་ཤོག་ཁག་གི་འཐབ་རྩོད་ཞིག་ཡིན་པ་མ་ཟད། ཤེ་ཨ་དང་སོ་ཎེ་སེ་ ( Shia and Sunni) ཁྲོད་ཀྱི་དྲག་པོའི་ལམ་ལུགས་ཀྱི་རྒོལ་འཛིང་ཞིག་ཀྱང་ཡིན་སྟབས། དེ་དག་འཕྲལ་མར་མཚམས་འཇོག་བྱ་ཁག་པོ་ཡིན་སྐོར་བརྗོད་འདུག

རྒྱལ་སྤྱིའི་ཐབས་ཇུས་ཐོག་གི་ཆེད་མཁས་པ་ཨབ་དྷུལ་ཧྥི་ཡིང་ལགས་ཀྱིས།  གལ་ཏེ། བར་བརྒལ་སྲིད་གཞུང་གིས་གནས་ཚུལ་དེ་ཐག་གཅོད་ལེགས་པོ་བྱེད་མ་ཐུབ་ཚེ། མ་འོངས་པར་རྒྱལ་ཁབ་དང་མང་ཚོགས་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཡིན་སྐོར་བརྗོད་འདུག

བྷོག་ཀིང་ཤེས་ཡོན་ལྟེ་གནས་ཁང་གི་ཞིབ་འཇུག་པ་ཧི་ཤམ་ཨལ་ཡར་ ( Hisham Hellyer) ལགས་ཀྱིས།  ཨེ་ཇིབ་ནང་བྱུང་བཞིན་པའི་འཇིགས་སྐུལ་རིང་ལུགས་པའི་དོན་རྐྱེན་དེ་དག  ཉེ་བའི་ལོ་ཤས་ནང་ཨི་ཇིབ་བར་བརྒལ་གཞུང་དང་ཁ་ཆེ་མཐུན་ཚོགས་བར་ལྟ་བ་མ་མཐུན་པའི་དབང་གིས་བྱུང་བ་ཞིག་ཡིན་སྐོར་དང༌། གལ་ཏེ། ཨི་ཇིབ་ནང་གི་ངོ་རྒོལ་དེ་དག་འོས་བསྡུའི་ལམ་ནས་གཞུང་གསར་པ་འོས་འདེམས་མ་བྱས་སྔོན་ལ་ལྷིང་འཇགས་བཟོ་མ་ཐུབ་པ་ཡིན་ན། ཨི་ཇིབ་ནང་བསྐྱར་དུ་གསར་བརྗེ་ཞིག་འབྱུང་སྲིད་སྐོར་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

ཆུ་ཚོད་ ༢ སྔོན་ལ།
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

ཆུ་ཚོད་ ༣ སྔོན་ལ།
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

ཆུ་ཚོད་ ༣ སྔོན་ལ།
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

ཆུ་ཚོད་ ༧ སྔོན་ལ།
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦
tibettimes
Mobile App

བོད་པའི་བྱིས་པ་རྣམས་དགོན་པར་འགྲོ་བར་དམ་དྲག་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese