མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛིན་སྐྱོང་གིས་ལྷན་ཚོགས་ཀྱི་རྒྱུན་གྲོན་ཐོག་དགོངས་པ་བཞེས་རོཊ།

བོད་ཀྱི་དུས་བབ།
༢༠༡༤/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོཊ་ཀྱི་མཛད་སྒོའི་སྟེང་ཚོགས་གཙོས་འབྲེལ་ཡོད་འཛིན་སྐྱོང་གིས་ལྷན་ཚོགས་ཀྱི་རྒྱུན་གྲོན་ཐོག་དགོངས་པ་བཞེས་དགོས་ཚུལ་དང་། བཀའ་སྤྱི་གཉིས་ཀྱིས་ལྷན་ཚོགས་ཀྱི་སྒྲིག་གཞིར་བསྐྱར་བཅོས་གནང་དགོས་སྐོར་སོགས་བརྗོད་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ བའི་སྟེང་། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཡིག་ཚང་དུ། ལྷན་ཚོགས་གསར་འཛུཊ་གནང་སྟེ་ལོ་ ༡༠ འཁོར་བའི་མཛད་སྒོ་ཞིག་ཚོགས་ཡོད་ཅིང་། དེར་སྨན་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་གཉིས་དང་། དྲུང་ཆེ། སྐུ་བཅར་སྨན་པའི་སྐུ་ཚབ། ཚོགས་ཟུར་དང་སྐབས་བཞིའི་རྒྱུན་ལས་བཅས་ལྷན་འཛོམས་ཐོག ཚོགས་གཙོ་སྨན་རམས་པ་བཟོད་པ་ལགས་ཀྱིས་ ༢༠༡༣ ལོའི་ལས་བསྡོམས་སྙན་སྒྲོན་གནང་སོང་།

ལས་བསྡོམས་ནང་གསལ་བ་ལྟར་ན། ལྷན་ཚོཊ་ཐེངས་ཉི་ཤུ་བའི་ཐོག་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་རྩ་འཛིན་སྒྲིག་གཞིར་བསྐྱར་བཅོས་གནང་ཡོད་པ་དང་། སྨན་རྩིས་ཁང་གི་སྨན་སྦྱོར་ཁང་ ༢༠༡༣ ལོའི་ཟླ་ ༧ ཚེས་ ༡ ནས་ ༢༠༡༦ ལོའི་ཟླ་ ༦ ཚེས་ ༣༠ བར་གྱི་ལོ་གསུམ་རིང་སྨན་སྦྱོར་ཁང་ཚད་ལྡན་ཞིག་ཏུ་འཕྲལ་སེལ་དེབ་སྐྱེལ། བོད་དང་ཧི་མ་ལ་ཡའི་སྔོ་སྦྱོར་ཁང་ ༢༠༡༣ ལོའི་ཟླ་ ༧ ཚེས་ ༡༨ ནས་ ༢༠༡༦ ལོའི་ཟླ་ ༧ ཚེས་ ༧ བར་དེབ་སྐྱེལ་ངོས་ལེན། ལ་དྭགས་དབུས་གཞུང་ནང་པའི་མཐོ་རིམ་སློབ་གཉེར་ཁང་ ༢༠༡༣ ལོའི་ཟླ་ ༩ ཚེས་ ༢༦ ནས་བོད་ཀྱི་གསོ་བ་རིག་པའི་སྨན་པ་དཀའ་བཅུ་བའི་སློབ་གཉེར་ཁང་དུ་གཏན་འཇགས་ངོས་ལེན་གནང་ཡོད་འདུག

དེ་བཞིན། གསོ་བ་རིག་པ་རྒྱ་གར་གཞུང་གིས་ཁྲིམས་མཐུན་ངོས་ལེན་གནང་རྗེས་ལྷན་ཚོགས་ཐེངས་ཉི་ཤུ་བའི་གྲོས་ཆོད་ལྟར། ཧི་མ་ཅཱལ་མངའ་སྡེའི་འཕྲོད་བསྟེན་ལས་ཁུངས་སུ་ལྷན་ཚོགས་ཀྱི་ངོ་སྤྲོད་དང་སྦྲགས་གསོ་རིག་སྨན་པའི་མཚན་ཐོ་ཕུལ་བ་དང་། ༢༠༡༣ དང་ ༢༠༡༤ སྨན་པའི་ཤེས་ཡོན་གོང་སྤེལ་གྱི་ཟབ་འཁྲིད་དང་གསོ་བ་རིག་པའི་རྒྱལ་ཡོངས་ཚོགས་ཆེན་གོ་སྒྲིག་ཆེད་རྒྱ་གར་སྲོལ་རྒྱུན་ཨྰ་ཡུ་ཤའི་འབྲེལ་ཡོད་ལས་ཁུངས་ལ་དཔལ་འབྱོར་གྱི་རོགས་རམ་གནང་རྒྱུའི་ལས་འཆར་ཕུལ་བ། བོད་མིའི་སྒྲིག་འཛུགས་རྩིས་ཞིབ་ལས་ཁུངས་ཀྱིས་འདས་པའི་ལོ་དགུའི་རིང་གི་རྩིས་ཞིབ་གནང་གི་ཡོད་ཅིང་། ༢༠༡༣ ཟླ་ ༤ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༣༡ བར་སྨན་པ་ ༩ དེབ་སྐྱེལ་གནང་སྟེ་ད་བར་ཁྱོན་སྨན་པ་ ༤༣༢ ལྷན་ཚོགས་འོག་དེབ་སྐྱེལ་ཞུས་ཡོད་འདུག ད་དུང་། ༢༠༡༣ ལོར་བོད་དང་ཧི་མ་ལ་ཡའི་སྔོ་སྦྱོར་ཁང་བོད་ཀྱི་གསོ་རིག་སྨན་སྦྱོར་སྡེ་ཚན་ཚད་ལྡན་ཞིག་ཏུ་ལོ་གསུམ་རིང་འཕྲལ་སེལ་དེབ་སྐྱེལ་དང་། ད་ལྟའི་འཆར་སྨན་སྦྱོར་ཁང་ཚད་ལྡན་གཏན་འཇགས་དེབ་སྐྱེལ་ཞུས་ཟིན་པ་གཅིག་དང་། འཕྲལ་སེལ་དེབ་སྐྱེལ་ཞུས་ཟིན་པ་གསུམ་བཅས་ཡོད་འདུག  

མཇུག་ཏུ་ཚོགས་གཙོ་ལགས་ཀྱིས། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་ཐོག་མར་རང་གཞུང་ནས་དགོངས་པ་ཆེ་བཞེས་ཀྱིས་བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར། གསོ་རིག་སྨན་པ་དང་སྨན་གྱི་སློབ་གཉེར་བ་བཅས་ཚད་ལྡན་སྟངས་འཛིན་ཡོང་ཆེད་གསར་འཛུགས་གནང་བ་རེད། ཚོང་དང་ཁེ་ཡོད་ཀྱི་ཚོགས་པ་གཞན་དང་མི་འདྲ་བར་གསོ་བ་རིག་པའི་ཁྲིམས་སྒྲིག་སྟངས་འཛིན་གྱི་སྒྲིག་འཛུཊ་གལ་ཆེན་ཞིག་ཆགས་ཡོད་སྟབས། འབྲེལ་ཡོད་འཛིན་སྐྱོང་ནས་ཞུ་ཧམ་རྣར་གཟོན་དུ་མ་དགོངས་པར་ལྷན་ཚོགས་ཀྱི་རྒྱུན་གྲོན་ཐོག་ཇི་དགེའི་དགོངས་བཞེས་རྒྱུ་དང་། ལྷན་ཚོགས་ཀྱིས་བཀའ་སྤྱི་གཉིས་ལ་ལྷན་ཚོགས་ཀྱི་ཁྲིམས་སྒྲིག་ལ་བསྐྱར་ཞིབ་གནང་རྒྱུ་གལ་ཆེན་ཡིན་ཚུལ་ཞུས་ཡོད་ཅེས་སོགས་བརྗོད་བྱུང་།

ཚོགས་གཙོས་མུ་མཐུད་དོན།  “ ད་ལྟའི་ཆར་སྨན་པའི་ལྷན་ཚོགས་ཀྱི་དཀའ་ངལ་གཙོ་བོ། ཁྲིམས་སྒྲིག་ནང་གསལ་བ་ལྟར་ཚོགས་མི་ཏག་ཏག་དགོས་པ་དང་། མ་འོངས་ལས་དོན་བྱེད་ཕྱོགས་ཐོག་སྔོན་མའི་ཁྲིམས་སྒྲིག་རན་མ་རན་དང་། ཁ་སྣོན་ག་རེ་རྒྱག་དགོས་མིན་ཆགས་ཡོད་པ་རེད། དེའི་སྐོར་གྲོས་ཚོགས་ལ་ཕུལ་ཡོད་ཀྱང་བསྐྱར་ཞིབ་སོང་ཡོད་པ་མ་རེད། དེ་དག་བྱུང་བ་ཡིན་ན་སྨན་པའི་ལྷན་ཚོགས་ཀྱི་དམིགས་ཡུལ་དང་དགོས་པ་ལ་དཔག་པའི་ལས་དོན་འགྲུབ་ཐུབ་མིན་དང་། ཚོགས་མིའི་ཆ་ཤས་ལེན་མཁན་ཚོར་དཀའ་ངལ་འཕྲད་ཀི་མ་རེད། ང་ཚོའི་སྐབས་འདིར་མཚོན་ན་སྨན་རྩིས་ཁང་ལ་སྐུ་ཚབ་བཞི་ཡོད་ཀྱང་། ད་ལྟ་སྐུ་ཚབ་གསུམ་ལས་ཡོད་པ་མ་རེད། འཕྲོད་བསྟེན་གྱི་སྐུ་ཚབ་ཡང་ཏག་ཏག་ཚང་ཡོད་པ་མ་རེད། མ་འོངས་པར་དེ་དག་གི་ཐོག་ཡག་པོ་དང་གསལ་བོ་ཆགས་པ་ཡིན་ན་ཡག་པོ་ཡོང་གི་རེད།”ཅེས་སོགས་བརྗོད་བྱུང་།

གསར་འགོད་པ། དོན་གོ 

འབྲེལ་ཡོད་གསར་འགྱུར།

Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧
གསར་འགྱུར།

ཇོ་ནང་སྨོན་ལམ་ཆེན་མོ་སྐབས་བཅུ་དགུ་པ་འཚོག་གིན་འདུག

༢༠༢༦/༠༡/༠༦
From left to right: US President Donald Trump, Venezuela’s President Nicolas Maduro and Chinese President Xi Jinping. Graphic by Adekunle Owolabi
Mobile App

ཨ་རིས་ཝི་ནེ་རྫོ་ལར་དྲག་རྒོལ་བྱེད་དོན་ནི་སྣུམ་གྱི་ཐོན་ཁུངས་ཆེད་རེད་ཟེར།

༢༠༢༦/༠༡/༠༥

མཆན། 1

  1. བསྟན་འཛིན་བསོད་ནམས། says:
    ལོ་ 12 སྔོན།

    ལོ་འཁོར་མཛད་སྒོའི་སྟེང་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་དབུས་བོད་ཀྱི་སྨན་རྩིས་ཁང་གི་གཞུང་འབྲེལ་སྐུ་མགྲོན་མེད་དོན་ག་རེ་ཡིན་ནམ། ཆེས་མཐོའི་སྨན་པའི་ལྷན་ཚོགས་འདི་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཐག་གཅོད་གཙང་མ་ཞིག་བྱས་ན་མ་གཏོགས་འདི་ལྟར་བཞག་ན་དངོས་ནས་དྲང་གནས་ཆོ་མེད་པ་ཞིག་ཆགས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese