མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བའི་སློབ་དཔོན་ཆེན་མོ་ཨེ་ཧམ་ཊོ་ཊི་འཇུ་བཟུང་།

བོད་ཀྱི་དུས་བབ།
༢༠༡༤/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་གྱི་ཕྱི་དྲོ། རྒྱ་གཞུང་གིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཡུ་གུར་བའི་སློབ་དཔོན་ཆེན་མོ་ཨེ་ཧམ་ཊོ་ཊི་ལགས་དང་སློབ་མ་ ༥ འཛིན་བཟུང་བྱས་ཏེ། ད་ཆར་གར་ཡོད་མ་ཤེས་པར་ལྷག་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཙམ་ལ། རྒྱ་གཞུང་ཉེན་རྟོག་པ་ ༣༠ ཙམ་གྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དཔལ་འབྱོར་རིག་པའི་སློབ་དཔོན་ཡུ་གུར་བ་ཨེ་ཧམ་ཊོ་ཊི (Ilham Tohti ) ལགས་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་གར་ཡོད་ཅི་བྱུང་མེད་པར་གྱུར་ཡོད་པ་མ་ཟད། ཁྱིམ་ལ་སྔོག་བཤེར་བྱས་ཏེ་གློག་ཀླད་དང་ཁ་པར། འོད་སྡེར། ཡིག་ཆ་སོགས་བཙན་འཁྱེར་བྱས་འདུག་ལ། ཉིན་དེར་ཀྲུང་དབྱང་མི་རིགས་སློབ་ཆེན་འགྲིམ་བཞིན་པའི་ཡུ་གུར་སློབ་མ་བུ་ ༥ དང་བུ་མོ་ ༢ བཅས་འཛིན་བཟུང་བྱས་ཡོད་པ་དང་། དགོང་མོ་དེར་བུ་མོ་ ༢ ཀློད་གྲོལ་བཏང་ཡོད་ཀྱང་། གཞན་རྣམས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག

ཨེ་ཧམ་ཊོ་ཊི་ཡི་བཟའ་ཟླ་ཀོའུ་ཙེ་ལི་ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་དུ་བརྗོད་པ་ལྟར་ན། ཉིན་དེར་ཁོ་མོ་རང་ཁྱིམ་དུ་བསླེབས་སྐབས། ཁྱིམ་དུ་ལོ་ ༧ དང་ ༤ ལ་སོན་པའི་བུ་ཆུང་གཉིས་ལས་མེད་པ་དང་། ཉེན་རྟོག་པ་སུམ་ཅུ་བཞི་ཅུ་ཞིག་གིས་ཁྱིམ་ཡོངས་སུ་སྔོག་བཤེར་བྱས་པ་དང་། ཁོ་མོའི་ལག་འཁྱེར་ཁ་པར་སོགས་ཁ་པར་ ༣ དང་གློག་ཀླད་ ༤ ། འོད་སྡེར། ཁྱོ་གའི་ཡིག་ཆ་ཁག སློབ་མའི་རྒྱུགས་ཤོག དངུལ་སྒམ་སོགས་བཙན་འཁྱེར་བྱས་ཡོད་པ་མ་ཟད། ཉིན་དེར་ཨེ་ཧམ་ཊོ་ཊིའི་ལོ་ ༧༠ ལོན་པའི་ཨ་མའང་ཆུ་ཚོད་ ༡༠ ཙམ་གྱི་རིང་ཉེན་རྟོག་པས་མགོ་སྐོར་འོག་བཀག་ཉར་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱ་གཞུང་གིས་ཉེན་རྟོག་པ་ཆེད་གཏོང་གིས་ཁྱིམ་མི་ཚོའི་འགྲོ་འདུག་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་འདུག

པེ་ཅིན་དུ་གནས་སྡོད་བོད་རིགས་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས། ཉིན་ ༨ ཀྱི་གོང་དུ་ཁོང་མོ་དང་ཝང་ལི་ཞོང་གཉིས་ཨེ་ཧམ་ཊོ་ཊི་ལགས་ལ་ལྟ་རུ་ཕྱིན་སྐབས། ཨེ་ཧམ་ཊོ་ཊི་ལགས་ཀྱིས་འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་སྒེར་གྱི་རླངས་འཁོར་བཏང་ནས་བཟའ་མི་ཚང་མ་གནམ་གྲུ་ཐང་དུ་ཨ་མ་བསུ་བར་འགྲོ་སྐབས། ཉེན་རྟོག་པས་རྗེས་འདེད་བྱས་ཏེ་བསམ་བཞིན་དུ་ཁོ་བོའི་རླངས་འཁོར་ལ་བརྡབ་སྐྱོན་བཏང་བ་མ་ཟད། ཉེན་རྟོག་པས་ཁོང་གི་ཁྱིམ་མི་ཚང་མ་གསོད་འདོད་པ་ཡིན་ཞེས་བརྗོད་ཡོད་ལུགས་དང་། གོ་ཐོས་ལྟར་ན་ཤིན་ཅང་ཉེན་རྟོག་པས་པེ་ཅིན་ཉེན་རྟོག་ཁང་ལ་ཁོང་འཛིན་བཟུང་བྱེད་དགོས་པའི་རེ་སྐུལ་བྱས་ཡོད་ཀྱང་། པེ་ཅིན་ཉེན་རྟོག་ཁང་གིས་བརྡ་ལན་སྤྲད་མེད་ཚུལ་སོགས་འགྲེལ་བརྗོད་བྱས་ཡོད་སྐོར་བརྗོད་འདུག

ཁ་སང་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཧོང་ལི་ཡིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག ། ཨེ་ཧམ་ཊོ་ཊི་ལགས་ཀྱིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་པའི་དོགས་གཞིའི་འོག་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ། འབྲེལ་ཡོད་ལས་ཁུངས་ནས་ཁྲིམས་ལྟར་འདྲི་གཅོད་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག དེ་རིང་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཇན་སཱ་ཁེ་ལགས་ཀྱིས། རྒྱ་གཞུང་གིས་ཨེ་ཧམ་ཊོ་ཊི་ལགས་དང་སློབ་མ་ཚོའི་གནས་ཚུལ་འཕྲལ་དུ་ཕྱིར་བསྒྲགས་བྱེད་དགོས་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྨྲ་བརྗོད་རང་དབང་སོགས་ཁོ་ཚོས་ལོངས་སུ་སྤྱོད་ཐུབ་པར་ཁག་ཐེག་བྱེད་དགོས་པའི་འབོད་སྐུལ་དང་། ཞི་བའི་ཐབས་ལམ་ལ་བརྟེན་ནས་རྒྱ་གཞུང་གི་སྲིད་བྱུས་དང་བྱ་སྤྱོད་ལ་ངོ་རྒོལ་བྱེད་མཁན་གྱི་ཁྲིམས་རྩོད་པ་དང་སྤྱི་ཚོགས་ལས་འགུལ་བ། གསར་འགོད་པ་སོགས་འཛིན་བཟུང་བཀག་ཉར་བྱེད་བཞིན་པར་སེམས་འཚབ་ཆེན་པོ་ཡོད་ལུགས་བརྗོད་འདུག དེ་བཞིན། འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱིས་ཀྱང་། ཨེ་ཧམ་ཊོ་ཊི་ལགས་དང་ཁོང་གི་ཁྱིམ་མིའི་བདེ་འཇགས་ཐད་སེམས་ཁྲལ་ཆེན་པོ་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ལ་ཁོང་གི་གནས་ཚུལ་གསལ་བོ་བཟོ་བར་ཛ་དྲག་གི་སྐུལ་མ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག

ཨེ་ཧམ་ཊོ་ཊི་ལགས་ནི། ༡༩༦༩ ལོའི་ཟླ་ ༡༠ ཚེས་ ༢༥ ཉིན་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ཁུལ་ཨཱ་ཐོའུ་གྲོང་ཁྱེར་དུ་སྐྱེས་པ་དང་། ཤིན་ཅང་དུ་དམའ་རིམ་གྱི་སློབ་སྦྱོང་བྱས་རྗེས། སྔ་གཞུག་ཏུ་རྒྱ་ནག་བྱང་ཤར་དགེ་འོས་སློབ་ཆེན་དང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་དཔལ་འབྱོར་རིག་པའི་ཐོག་སློབ་གཉེར་བྱས་ཡོད་པ་དང་། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རྒྱལ་སྤྱིའི་རྩིས་བསྡོམས་ཆེད་ལས་སྡེ་ཚན་གྱི་སློབ་དཔོན་གཞོན་པ་ཡིན་ལ།  ༢༠༠༦ ལོར་ཡུ་གུར་ཐད་གཏོང་དྲ་བ་གསར་བཟོ་བྱས།  ༢༠༠༩ ལོར་ཤིན་ཅང་གི་རྒྱལ་ས་ཡཱོ་རོམ་ཆི་ཡི་ནང་ཟིང་འཁྲུག་བྱུང་རྗེས། ཡུ་གུར་དྲ་བར་ཁ་བྲལ་དྲིལ་བསྒྲགས་བྱེད་ཀྱི་ཡོད་པའི་ཉེས་འཛུགས་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༧ ཚེས་༨ ཉིན་ཁོང་དང་ཁོང་གི་ཁྱིམ་མི་རྣམས་རྒྱ་གཞུང་ཉེན་རྟོག་པས་བཀག་ཉར་བྱས་ཡོད། དེའི་ཐད་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞོང་སོགས་ཤེས་ཡོན་པ་བརྒྱ་ཕྲག་མཉམ་འབྲེལ་གྱིས་༼ཡུ་གུར་ཤེས་ཡོན་པ་ཨེ་ཧམ་ཊོ་ཊི་ལགས་བཀག་ཉར་བྱས་པའི་སྐོར་གྱི་འབོད་སྐུལ༽ཞེས་པའི་ཡིག་ཆ་སྤེལ་ཏེ་ཞུ་གཏུག་བྱས་སྟབས།  ལོ་དེའི་ཕྱི་ཟླ་ ༨ ཚེས་ ༢༣ ཉིན་ཀློད་གྲོལ་བཏང་ཡོད། ཁོང་གིས་རྒྱ་གཞུང་གིས་རྩ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ལ་སྲུང་བརྩི་བྱས་ཏེ། སྨྲ་བརྗོད་རང་དབང་ཆེད་ནག་ཉེས་གཡོགས་པའི་ཡུ་གུར་གྱི་གསར་འགོད་པ་དང་རྩོམ་པ་པོ་ཚོར་རང་དབང་སྤྲོད་དགོས་པའི་འབོད་སྐུལ་ཐེངས་མང་བྱས་པར་བརྟེན།  རྒྱ་གཞུང་ཉེན་རྟོག་པས་ཁོང་ལ་རྗེས་འདེད་དང་ཉེན་བརྡ། བཀག་ཉར་སོགས་སུན་གཙེར་སྣ་ཚོགས་བཟོས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༢ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese