མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉལ་ཆས་ཀྱི་སྦྱིན་གཏོང་།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཀིརྟིའི་དགེ་རྩ་ཚོགས་པས་དྷ་ས་ཁུལ་གྱི་བོད་རིགས་ཉམ་ཐག་དང་མེག་གྷན་ཁྲོམ་གཞུང་གི་རྒྱ་གར་སྤྲང་པོ་ཚོར་ཉལ་ཆས་ཀྱི་སྦྱིན་པ་གཏོང་གི་འདུག

ཀིརྟིའི་དགེ་རྩ་ཚོགས་པའི་ངོས་ནས་འཆར་ཅན་ལྟར་ལོ་རེར་བོད་མིའི་ཤེས་ཡོན་ཡར་སྐུལ་ཆེད་སློབ་ཡོན་རོགས་རམ་དང་ཉམ་ཐག་རྒས་གཅོང་ལ་རོགས་སྐྱོབ་ཀྱི་ལས་གཞི་འདྲ་མིན་སྒྲུབ་བཞིན་ཡོད་པ་ལྟར། རེས་གཟའ་ཟླ་བའི་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ ནས་ ༤ བར་དྷ་ས་ཁུལ་གྱི་བོད་རིགས་ཉམ་ཐག་དང་དྷ་སའི་ཁྲོམ་གཞུང་གི་རྒྱ་གར་སྤྲང་པོ་ཚོར་ཉལ་ཆས་ཀྱི་སྦྱིན་པ་བཏང་བའི་སྐོར་ལ་གསར་འགོད་པས་རྒྱུས་ལོན་བྱས་ཡོད།

ཀིརྟིའི་དགེ་རྩ་ཚོགས་པའི་ཚོགས་གཙོ་རྒན་བློ་བཟང་ཤེས་རབ་ལགས་སུ་སྦྱིན་གཏོང་གི་དགོས་དམིགས་སྐོར་དྲིས་པར་ཁོང་གིས། “༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་དགོངས་གཞི་ལྟར་བླ་མའི་བླ་བྲང་དེ་དམངས་གཙོ་ཅན་གྱི་ཚོགས་པའི་ངོ་བོར་བསྒྱུར་ཏེ་ཀིརྟིའི་དགེ་རྩ་ཚོགས་པ་ཞེས་དགེ་རྩ་ཚོགས་པ་ཞིག་གི་ངོ་བོར་བསྒྱུར་ཡོད་པ་དང་། ཚོགས་པ་འདིའི་ངོས་ནས་རྒས་གཅོང་ལ་རོགས་སྐྱོར་དང་སློབ་ཡོན་རོགས་རམ། ནད་པ་ཉམ་ཐག་ལ་རོགས་སྐྱོབ་བཅས་སྡེ་ཚན་གསུམ་ཡོད་པ་ལས། ད་རེབ་ཉལ་ཆས་(ཀམ་པྰ་ལེ)སྦྱིན་གཏོང་འདི་རྒན་འཁོགས་དང་ནད་གཅོང་ལ་རོགས་སྐྱོར་བྱེད་པའི་ལས་གཞིའི་འོག་ནས་འགྲོ་བཞིན་ཡོད་པ་རེད། ནམ་རྒྱུན་ནས་སྤྲང་པོ་ཚོ་སྤྲང་པོ་རང་བྱས་ནས་གྲལ་རིམ་ཞིག་གི་ངོ་བོའི་ཐོག་ནས་གནས་བསྡད་པ་མ་གཏོགས་སྤྱི་ཚོགས་ཐོག་སོ་སོའི་རྐང་པའི་སྒང་ལངས་མ་ཐུབ་པའི་དཀའ་ངལ་ཞིག་ག་ས་གང་དུ་ཡོད་སྟབས། ང་ཚོས་ཉིན་བདུན་གྱི་ཆུ་ཚོད་གཏན་འབེབས་བྱས་ཏེ་དྷ་རམ་ས་ལའི་ས་ཆ་ཁུག་ཀྱོག་དག་ཏུ་གསལ་བསྒྲགས་བྱས་ཡོད་ལ། དམིགས་ཡུལ་གཙོ་བོ་ཉམ་ཐག་དང་ལྷག་པར་དུ་རྒན་འཁོགས་ལ་གྱོན་གོས་ཀྱི་དཀའ་ངལ་ཡོད་སྟབས། དགུན་འཁྱག་གི་དུས་འདིར་ཁོ་ཚོར་ཕན་ཞིག་ཐོགས་ན་བསམ་པ་ཡིན། ”བརྗོད་བྱུང་།

ཐེངས་འདིའི་སྦྱིན་གཏོང་ལ་དངུལ་ཅི་ཙམ་བཏང་ཡོད་པ་དང་། ཉམ་ཐག་ག་ཚོད་ཅིག་ལ་སྤྲད་ཡོད་པའི་སྐོར་ཁོང་གིས། “དགེ་རྩ་ཚོགས་པ་བཙུགས་པ་ནས་བཟུང་རོགས་སྐྱོར་སྡེ་ཚན་གསུམ་དེ་ཡོད་པ་རེད། ད་ལྟ་རྒྱུན་ལས་སྐབས་གཉིས་པ་ཡིན་ལ། རྒྱུན་ལས་ལོ་གསུམ་གྱི་ནང་ལོ་རེར་རོགས་སྐྱོར་སྡེ་ཚན་རེ་རེར་ཧིན་སྒོར་འབུམ་ ༣ རེ་འཇོག་དགོས་སྟབས། ད་ལྟའི་ཆར་རོགས་སྐྱོར་སྡེ་ཚན་གཅིག་ལ་ཧིན་སྒོར་འབུམ་ ༡༦ ཡས་མས་ཡོད་པ་དང་། དེ་ལ་ལོ་རེར་སྐྱེད་ཀ་ཅི་ཙམ་ཡོད་ན་དེས་རོགས་སྐྱོར་བྱེད་ཀྱི་ཡོད་པ་རེད། ད་ལོ་ཡིན་ན་ཉལ་ཆས་ ༥༠ ཐམ་པ་ཉོས་ཤིང་། ཉལ་ཆས་རེ་རེར་ཧིན་སྒོར་ ༡༨༠༠ ཡས་མས་སྤྲད་པ་རེད། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་ཕྱི་དྲོར་ཆུ་ཚོད་ ༢ རིང་རྒྱ་གར་དང་བོད་པ་སོགས་མི་རིགས་དབྱེར་མེད་ཀྱི་ཐོག་ནས་ཉལ་ཆས་ ༢༠ མ་ཟིན་ཙམ་སྤྲད་ཚར། ང་ཚོས་རྒན་གསོ་ཁང་ལ་འབྲེལ་བ་བྱེད་སྐབས། འབུམ་སྡེ་ལ་ནས་ཡོང་བའི་རྒན་འཁོགས་སྐྱོ་བོ་ ༡༥ ཙམ་ཡོད་ལབ་སོང་བས་ཁོ་ཚོར་སྤྲོད་འཆར་ཡོད། དེ་མིན་གྱི་ལྷག་མ་རྣམས་ཀྱང་མུ་མཐུད་དུ་སྤྲོད་རྒྱུ་ཡིན། སྤྱིར་བཏང་དོ་བདག་རང་ཉིད་ལེན་དུ་ཡོང་དགོས་ཀྱང་། ནད་པ་ཡོང་མི་ཐུབ་མཁན་དང་དྷ་སའི་ཁྲོམ་གཞུང་དུ་རྒྱུན་འདུག་བྱས་པའི་རྒྱ་གར་གྱི་སྤྲང་པོ་ཚོར་ང་ཚོ་ཕར་སོང་ནས་སྤྲོད་ཀྱི་ཡོད། ”ཅེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

མཆན། 4

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 12 སྔོན།

    “བླ་མའི་བླ་བྲང་དེ་དམངས་གཙོ་ཅན་གྱི་ཚོགས་པའི་ངོ་བོར་བསྒྱུར་ཏེ་ཀིརྟིའི་དགེ་རྩ་ཚོགས་པ་ཞེས་དགེ་རྩ་ཚོགས་པ་ཞིག་གི་ངོ་བོར་བསྒྱུར་ཡོད།”
    འདི་ལ་དགེ་སྐྱོན་གང་ཆེ་བཤད་མི་ཤེས། དགོན་སྡེ་ཡིན་ཕྱིར། དགེ་བའི་བགྱི་བ་དག་ལ་སྙིང་ནས་ཡི་རང་ཞུ།

    Reply
  2. ཤར་མདའ། says:
    ལོ་ 12 སྔོན།

    ད་ཐང་ཀིརྟིའི་དགེ་རྩ་ཚོགས་པའི་ཉམ་ཐག་ཚོ་ལ་རོགས་སྐྱོར་གནང་གི་ཡོད་པ་འདི་ནི་རླབས་ཆེན་གྱི་བྱ་བ་ཞིག་སྒྲུབ་པ་མཐོང་སོང་གང་ཡིན་ཟེར་ན་དེང་སང་བླ་མ་ཡིན་ན་རང་ཉིད་རྒྱུ་ཆེན་པོ་ཡིན་དགོས་པ་བསམ་མཁན་ལས་རང་ཉིད་ལ་ཡོད་པ་ཉམ་ཐག་ཚོ་ལ་སྤྲད་དགོས་བསམ་མཁན་མེད་པ་ལྟ་བུ་རེད་དེ་འདྲ་ཡིན་དུས་ཧ་ཀྱང་ཕན་ཆེན་་པོ་མ་ཐོག་རུང་མིག་ལྟོས་ཡག་པོ་ཞིག་འཇོག་ཐུབ་པས་ན་སྙིང་ནས་ཀིརྟིའི་དགེ་རྩ་ཚོགས་བའི་དབུ་འཛིན་གྱི་གཙོས་རྒྱུན་ལས་རྣམ་པ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  3. གངས་ལྡོམ། says:
    ལོ་ 12 སྔོན།

    བཙན་བྱོལ་ནང་དུ་ཀིརྟིའི་དགེ་རྩ་ཚོགས་པ་དང་འདྲ་པ་དཀོན་པོ་རེད་ཅེས་བཤད་ཆོག

    Reply
  4. མི་རྒོད། says:
    ལོ་ 12 སྔོན།

    བོད་པ་སྤྲང་པོ་འདི་ཚོའི་བཞིན་མདྭངས་ཧ་ཅང་ལེགས་པོ་དངུལ་མི་ལ་བཅོལ་ནས་མ་རག་པས་ཉིན་ང་དགའ་བསུ་ཞུ་ཆོག།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese