མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧུའུ་ཅཱ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རེས་གཟའ་ཉི་མའི་ཉིན་གྱི་ཕྱི་དྲོར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ཧུའུ་ཅཱ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་འདུག

ཁ་སང་ཕྱི་དྲོར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་གྲགས་ཅན་ཧུའུ་ཅཱ་ཉེས་འདོགས་ཟིང་སློང་གི་ཉེས་མིང་འོག་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ད་ལྟའི་ཆར་རྒྱུ་རྐྱེན་གང་ཡིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་གསལ་བཤད་བྱས་མི་འདུག

ཉིན་དེའི་སྔ་དྲོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་འབྲིང་རིམ་ཁྲིམས་ཁང་དང་པོ་ཟེར་བས། རྒྱ་ནག་གི་སྤྱི་དམངས་གསར་པའི་ལས་འགུལ་གྱི་སྣེ་ཁྲིད་པ་ཞེ་ཀྲི་ཡོང་ལ་ཁྲིམས་བཤེར་བྱས་ཏེ། མི་མང་འདུ་འཛོམས་བྱེད་སའི་སྒྲིག་ལམ་ལ་གཏོར་བརླག་བྱས་པའི་ཉེས་མིང་འོག ལོ་ ༤ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རྒྱ་གཞུང་གིས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པའི་ཐད། ཨ་རིའི་ཨོ་ཁི་ལཱ་ཧོ་མཱ་གཙུག་ལག་སློབ་གྲྭ་ཆེན་མོའི་ནུབ་ཞི་བདེ་རྒྱ་མཚོ་ཞིབ་འཇུག་ཁང་གི་འགན་འཛིན་ལི་ཞོ་པིན་གྱིས། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་ཚོར་འཛིན་བཟུང་དྲག་གནོན་གྱི་སྲིད་བྱུས་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་མ་ཟད། དྲག་གནོན་བྱེད་ཐབས་སྔར་ལས་ཚབས་ཆེན་ཡིན་སྐོར་བརྗོད་ཡོད་པ་དང་། དེ་བཞིན། ཝེ་པའོ་སོགས་སྤྱི་ཚོགས་དྲ་བ་ཁག་གི་ནང་དུའང་རྒྱ་ནག་གི་ཆབ་སྲིད་གནས་བབ་སྔར་ལས་དམ་དྲག་ཅན་དུ་གྱུར་ཡོད་ལུགས་བརྗོད་ཀྱིན་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རང་དབང་ལྷན་ཁང་ (Freedom House) ཞེས་པས་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་། འདས་ལོར་ཚོགས་པ་དེས་འཛམ་གླིང་གི་རྒྱལ་ཁབ་ ༡༩༥ དང་ས་ཁུལ་ཁག་ ༡༤ ནང་ཆབ་སྲིད་ཐོབ་ཐང་དང་སྤྱི་དམངས་རང་དབང་གཉིས་ཀྱི་ཐོག་རིམ་པ་ ༡ ནས་ ༧ བར་དབྱེ་སྟེ་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་ནག་གི་ཆབ་སྲིད་ཐོབ་ཐང་གནས་རིམ་ ༧ པ་དང། སྤྱི་དམངས་རང་དབང་གནས་རིམ་ ༦ པ་བཅས་ཆ་སྙོམས་ཀྱིས་རིམ་པ་ ༦.༥ པ་སྟེ། འཛམ་གླིང་ཐོག་ཆབ་སྲིད་ཐོབ་ཐང་དང་སྤྱི་དམངས་རང་དབང་གི་གནས་བབ་ཇེ་ཞན་དུ་འགྲོ་བཞིན་ཡོད་པའི་རྒྱལ་ཁབ་ཁག་ ༥༤ ཡི་ནང་ནས་སྐྱོ་ཤོས་དང་ཚབས་ཆེ་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༣ ལོ་ནི་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་ལ་དྲག་གནོན་བྱེད་ཤུགས་ཆེ་རུ་བཏང་བའི་ལོ་ཞིག་ཏུ་གྱུར་བ་ཕྱིར་བསྒྲགས་བྱས་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

ཆུ་ཚོད་ ༤ སྔོན་ལ།
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་། Photo: Studio Incendo
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་སླར་ཡང་ལོ་བཅུ་ཡི་ཁྲིམས་ཐག་བཅད། 

ཆུ་ཚོད་ ༥ སྔོན་ལ།
པར་༧དཔལ་ས་སྐྱ་ཁྲི་འཛིན་པ་ ༤༤ མཆོག་གི་ངོ་དེབ་ལས་བླངས།
Mobile App

༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པའི་ཁྲི་སྟོན་མཛད་སྒོ་འཚོགས།

༢༠༢༦/༡༡/༠༥
Mobile App

ཟམ་གདོང་རིན་པོ་ཆེ་མཆོག་ནི་ངེས་པ་དོན་གྱི་དཔའ་བོ་རེད།

༢༠༢༦/༡༡/༠༥
ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༡༡།༥
Mobile App

ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དང་བསྟུན་དགེ་རྒན་ཉིན་མོ་སྲུང་གཙི་གནང་།

༢༠༢༦/༡༡/༠༥
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། དྲིན་ལན་འཇལ་སྟངས་ཁོང་ནས་སྦྱོངས་ཨང་།

༢༠༢༦/༡༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese