མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམར་ཤོག་གི་རྒྱལ་སྲས་དག

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་འཛིན་གཙོས་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོའི་ནང་མི་སྤུན་མཆེད་དག་གི་དཔལ་འབྱོར་འབྲེལ་ལམ་གྱི་གསང་བ་ཕྱིར་བསྒྲགས་བྱས་འདུག

ཟླ་སྔོན་མའི་ཚེས་ ༢༡ ཉིན། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་རྟོག་ཞིབ་མཐུན་ཚོགས་( ICIJ) ཀྱིས། རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཚོའི་ཁྱིམ་རྒྱུད་ཀྱི་དམར་ཤོག་རྒྱལ་སྲས་དག་དང་། དེ་དག་གི་གཉེན་ཉེ་སྤུན་མཆེད་ཚོས་ཕྱི་རྒྱལ་གྱི་བདག་བཟུང་འོག་ཡོད་པའི་མཚོ་གླིང་ཁག་ནང་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཁེ་ལས་མཉམ་འབྲེལ་བཙུགས་ཏེ། རྒྱ་ནག་གཞུང་ལ་དཔྱ་ཁྲལ་འཇལ་མི་དགོས་པའི་ཚོང་ལས་གཉེར་བཞིན་ཡོད་སྟབས། དམར་ཤོག་ཚོགས་པའི་འབྱོར་ལྡན་དག་གི་ཚོང་ལས་ཁེ་སྤོགས་ཀྱི་གསང་བ་ཆེན་པོ་ཞིག་ཕྱིར་བསྒྲགས་བྱས་ཡོད་འདུག

དེའི་ནང་རྒྱ་ནག་གི་ད་ལྟའི་སྲིད་འཛིན་ཞི་ཅིན་ཕིན་གྱི་བཟའ་ཟླའི་གཅེན་མོའི་ཁྱོ་ག་ཏིན་ཅ་ཀོས་ (Deng Jiagui) དང་། སྲིད་འཛིན་ཟུར་བ་ཧུའུ་ཅིན་ཐའོ་ཡི་ཚ་བོ་ཧའོ་ཡེ་ཧྲི་ (Hu Yishi)། སྲིད་བློན་ཟུར་བ་ཝིན་ཅ་པའོ་ཡི་བུ་ཝིན་ཡོན་སུང་ (Wen Yungsong) དང་མག་པ་ལའོ་ཁྲུང་ཧང་ (Liu Chunghang)། སྲིད་བློན་ཟུར་བ་ལེ་ཕིན་གྱི་བུ་མོ་ལེ་ཞའོ་ལིན་ (Li Xiaolin) སྲིད་འཛིན་ཟུར་བ་ཝང་ཀྲིན་གྱི་བུ་ཝང་ཀྲི་ (Wang zhi) དང་ཝང་ཇུན་ (Wang Jun)བཅས་ཚུད་ཡོད་འདུག

དབྱིན་ཡུལ་གྱི་བདག་བཟུང་འོག་ཡོད་པའི་གླིང་ཕྲན་ནང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྲས་དག་གིས་ཁེ་ལས་མཉམ་འབྲེལ་བཙུགས་ཏེ་ཚོང་ལས་བྱེད་བཞིན་པའི་ཁྲོད། སྲིད་འཛིན་ཞི་ཅིན་ཕིན་གྱི་བཟའ་ཟླའི་གཅེན་མོའི་ཁྱོ་ག་ཏིན་ཅ་ཀོས་ཀྱིས་ཚོང་ལས་སྤྱིའི་བརྒྱ་ཆ་ ༥༠ ཙམ་ཟིན་ཡོད་སྐོར་བརྗོད་འདུག

ན་ནིང་ཞི་ཅིན་ཕིན་ཀྱིས་རྒྱ་ནག་གི་སྲིད་འཛིན་གོ་གནས་བཟུང་རྗེས་དམར་ཤོག་ཚོགས་པ་བརྟན་བརླིང་ཡོང་ཆེད་ལྐོག་ཟ་རྒོལ་རྡུང་ཀྱི་ལས་འགུལ་སྤེལ་མགོ་བཙུགས་ཏེ། ཁོས་གཞུང་དངུལ་ལྐོག་ཟའི་ནང་ཚུད་པའི་སྦྲང་མ་དང་སྟག་མཉམ་རྡུང་བྱེད་རྒྱུ་དང་། སྲིད་གཞུང་གི་ལས་བྱེད་པ་ཚོས་སོ་སོའི་རྒྱུ་དངོས་གང་ཡོད་གསལ་སྟོན་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད་ཀྱང་། ལས་དོན་དེ་དག་ལག་ལེན་བསྟར་མིན་དང་གྲུབ་འབྲས་ཐོན་མིན་སྲིད་འཛིན་ཞི་ཅིན་ཕིན་གྱིས་དམར་ཤོག་ཚོགས་པའི་རྒྱལ་སྲས་དང་སྤུན་མཆེད་ཚོར་ཐག་གཅོད་ཇི་ལྟར་བྱེད་མིན་ལ་ཐུག་ཡོད།

རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་གྱིས་ཨ་སྒོར་དུང་ཕྱུར་མང་པོ་ལྐོག་ཟ་བྱས་པ་དང་ཁོའི་བུ་གཉིས་ཀྱིས་རྒྱ་ནག་ནང་གི་བརྡ་འཕྲིན་བརྒྱུད་ལམ་ཕྱེད་ཀ་ཙམ་སྟངས་འཛིན་བྱེད་པའི་དཔལ་འབྱོར་གྱི་གསང་བ། གཞན་ཅང་གི་ཕྱོགས་གཏོགས་མི་བཞི་ཤོག་ཁག་གསར་བའི་ནང་གི་བའོ་པང་ཀོ་ (Wu Bangguo) དང་ཅ་ཆིན་ལིན་ (Jia Qinglin) ལི་ཁྲང་ཁྲུང་ (li Changchun) བཅས་ཀྱི་དཔལ་འབྱོར་གནས་སྟངས་སྐོར་ལ་ད་སྔ་གནས་ཚུལ་གང་ཡང་ཐོན་མེད།

གནད་དོན་དབྱེ་ཞིབ་པ་ཚོས། ན་ནིང་ནེའུ་ཡོག་གསར་ཁང་དང་བྷུ་ལོམ་བྷར་གྷི་( Bloomberg)། ཝ་ཤིན་ཊོན་ཆ་འཕྲིན་བཅས་ཀྱིས་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་ཁག་ཚོའི་ནང་མིའི་དཔལ་འབྱོར་གྱི་གསང་བ་ཕྱིར་བསྒྲགས་བྱས་པར་བརྟེན། རྒྱ་ནག་ནང་གི་རྒྱལ་སྤྱིའི་གསར་འགོད་པ་ཚོར་དམ་དྲག་དང་ཐོངས་ཆེན་ཐོག་དཀའ་ངལ་སྤྲད་ཡོད་སྟབས། ད་ཐེངས་དམར་ཤོག་ཚོགས་པའི་མགོ་ཁྲིད་ཚོའི་གསང་བ་བསྐྱར་དུ་ཐེར་འདོན་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག  

གསར་འགྱུར་བརྒྱུད་ལམ་ཁག་ཏུ། ན་ནིང་སྤྱི་ཟླ་ ༡༡ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཏེ། རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་བདེ་འཇགས་ལས་ཁུངས་ལ་དཔེ་བླངས་ཏེ་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་ཟེར་བ་གསར་འཛུགས་བྱས་ཡོད་ཅིང་། ལས་ཁུངས་དེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ལྟ་རྟོག་དང་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་གཏོང་འཆར་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་སྔོན་སྲིད་འཛིན་ཞི་ཅིན་ཕིན་གྱིས་མི་མང་ལ་ཁས་ལེན་བྱས་པ་ཁག་ལག་ལེན་བསྟར་མིན་ལ་ལྟད་མོར་བལྟ་རྒྱུ་ཡིན་སྐོར་རྗོད་བཞིན་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༤ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༤ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༤ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

༢༠༢༦/༠༤/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese