མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐོབ་ཐང་དང་འགན་འཁྲི་དོ་མཉམ་ན་དམངས་གཙོ་ཚད་ལྡན་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

གྱི་བ་ཚང་ཁྲི་སྲོང་རྡོ་རྗེས།
ཁྲིམས་བཟོ་ལྷན་ཁང་སྤྱི་བཤད་པ།

ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་དུས་སྔོན་ཆད་རང་ཅག་ཆོས་ལྡན་ཞིང་འདི་བོད་བཙན་པོའི་རྒྱལ་རབས་རིམ་བྱོན་གྱིས་སྒྲུང་ལྡེའུ་བོན་གསུམ་གྱི་ཆབ་དཔལ་རིག་གནས་འཕེལ་པའི་མི་རིགས་ཤིག་རེད། ཕྱིས་སུ་བཙན་པོའི་རྒྱལ་རྒྱུད་ཀྱི་དུས་རབས་ལ་རྫོགས་ཚིག་བཀོད་པ་ནས་བོད་སིལ་བུར་འཐོར་བའི་ལོ་རྒྱུས་ཡང་བ་བྱུང་བ་ནས་བོད་ཀྱི་མཐའ་དབུས་ཀུན་ལ་ཆབ་སྲིད་ཀྱི་དབང་བསྒྱུར་པའི་སྐལ་བཟང་དེ་མ་བྱུང་བ་རེད།

རྒྱལ་མཆོག་ན་རིམ་གྱིས་ལེགས་བཅོས་རིམ་པའི་ཐུགས་དཀྱིལ་ཡངས་པའི་ཆོས་ཕྱོགས་ཀྱི་བོད་སྟོད་སྨད་བར་གསུམ་གོང་བུ་གཅིག་ཏུ་སྒྲིལ་ཡོད་མོད་ཆབ་སྲིད་ཀྱིས་གཅིག་གྱུར་ཞིག་མ་བྱུང་པ་མ་ཟད་དུས་ལ་བབས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་མ་ཐུབ་པར་མཐའ་མར་བོད་ས་ཡོངས་རྫོགས་རྒྱ་འོག་ཏུ་ཚུད་པའི་ལོ་རྒྱུས་ཀྱི་ཕམ་ཉེས་ཆེན་པོ་བྱུང་། བོད་འབངས་གཞིས་བྱེས་གཉིས་སུ་གྱེས་ནས་དཀའ་སྡུག་གི་ལོ་རྒྱུས་ཀྱག་ཀྱོག་མཚམས་ཏེ་ཕྱི་ལོ་ ༡༩༦༠ ལོར་དམངས་གཙོའི་ལམ་ལུགས་ཕྱག་བསྟར་གནང་མགོ་བརྩམས་ཤིང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོས་གལ་ཆེའི་བཀའ་སློབ་ཕེབས་དགོངས་སུ། 1 “ ཕྱིན་ཆད་ང་ཚོ་བོད་མི་རིགས་དང་ཆོས། སྐད་ཡིག་གི་ཤན་ཕྱེ་བའི་དར་མདོ། ཨ་མདོ་ཚུན་གྱི་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཐོགཐོབ་ཐང་དང་དབང་ཆ་འདྲ་མཉམ་ཡོད་པའི་སྤྱིའི་གཞུང་ཞིག་དགོས་པ་བཅས་ལ་དམིགས་ནས་འཐུས་མི་བསྡུས་པ་ལས་འཕྲལ་སེལ་རྒྱ་གར་ནང་ཡོད་པའི་བོད་མི་ཉུང་ཤས་ཀྱི་འཐུས་མི་ལྟ་བུ་མིན” ཞེས་དང་། ཡང་། “ལས་དོན་ཐུབ་ངེས་ཀྱི་བསམ་ཚུལ་གང་ཡོད་འཛེམ་ཟོན་དང་། འཇིགས་ཞུམ་མེད་པར་ཤོད་དགོས། འཛེམ་ཟོན་དང་འཇིགས་ཞུམ་བྱེད་དགོས་ས་སུ་ཡང་མེད། ཁྱེད་ཚོ་བོད་ཆོལ་གསུམ་གྱི་རྒྱ་ཆེའི་མི་དམངས་ཀྱི་ཚབ་བྱེད་ཐུབ་བའི་ཆོལ་ཁ་གསུམ་ཁོངས་བཙན་བྱོལ་མི་དམངས་ནས་འདེམས་སྒྲུག་བྱས་པའི་ཐོག ལས་སྨོན་དབང་གིས་བོད་མིའི་འགོར་སླེབས་པ་ངས་ཐག་བཅད་པའི་མི་ཤ་སྟག་རེད།  དེ་ཡིན་ན་སྤྱིར་བཏང་མི་དམངས་ནང་ཁུལ། གཞུང་ཞབས།གལ་སྲིད་ངའི་ཐོག་ནས་ནོར་འཁྲུལ་བྱུང་ན་ཡང་ཁྱོད་ཚོས་ང་ལ་ལས་དོན་འདིར་ནོར་འཁྲུལ་འདི་ལྟ་བུ་བྱུང་འདུག་ཅེས་གསལ་པོ་བཤད་ན།  ངོས་ནས་དགའ་པོའི་ངང་ནས་ཉན་འཇོག་གིས་ནོར་འཁྲུལ་སྐྱོན་སེལ་བྱེད་དགོས་པ་ལས། ང་རྒྱལ་བ་རིན་པོ་ཆེ་ཡིན་ཟེར་ནས་མཐོན་པོ་ཁྲི་དང་། བཙན་པོའི་བཀའ་ཡི་ལས་ལོག་བྱེད་འོས་པ་མིན་ལ་བྱེད་ཀྱི་ཡང་མ་རེད། གལ་སྲིད་བྱས་ན་ང་རང་ནོར་བ་རེད ” ཅེས་གསུངས་ཡོད།

ཡང་༧གོང་ས་མཆོག་གིས་ཁྲིམས་བཟོ་ལྷན་ཁང་འདི་བཞིན་མགོ་བཙུགས་སྟངས་ཐད་གསུངས་དོན།  2 “ ༧གོང་ས་མཆོག་ནས་བཙན་བྱོལ་ནང་གི་རང་དབང་ཞེས་པའི་དབྱིན་དེབ་ནང་བཀའ་ཕེབས་གསལ་ ༡༩༦༠ ནང་ངོས་ནས་སྲིད་གཞུང་གི་འཛིན་སྐྱོང་བཅོས་བསྒྱུར་བྱེད་པའི་དོན་གཉེར་བ་དང་ཆབས་ཅིག་བཀའ་ཤག་དང་མི་གཞན་ཁག་ཅིག་དང་མཉམ་རུབ་ཀྱི་སྒོ་ནས་འཐུས་སྒོ་ཚང་པའི་དམངས་གཙོའི་ལམ་ལུགས་སུ་སྐྱོད་པའི་ལས་རིམ་དཀའ་ཚེགས་དང་ལྡན་པ་དེ་ཐོག་མར་མགོ་འཛུགས་ལྟ་བུར། ལོ་འདིའི་ཟླ་ ༩ ཚེས་ ༢ ཉིན་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་དེ་གསར་འཛུགས་བྱས་ཤིང་ཆེས་མཐོའི་ཁྲིམས་བཟོ་ལྷན་ཚོགས་ཀྱི་སྒྲིག་འཛུགས་དེ་ནི་བོད་ཆོལ་ཁ་གསུམ་སྟེ་དབུས་གཙང་དང་ཨ་མདོ། ཁམས་བཅས་ཀྱི་མངའ་ཁུལ་ནས་སོ་སོའི་འདོད་མོས་ལྟར་རང་དབང་གི་འོས་ཤོག་འཕེན་པ་ལ་བརྟེན་ནས་འདེམས་ཐོན་བྱུང་བ་ཞེ་གཅིག་ཡིན། ད་རུང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཁག་གི་འཐུས་མི་རྣམས་ཀྱང་དེའི་ནང་ཚུད་ཡོད་པར་མ་ཟད། རྗེས་སུ་བོན་པོའི་འཐུས་མིའང་འཚུད་ཐབས་བྱས་ཡོད། ལྷན་ཚོགས་དེར་བོད་མི་དམངས་སྤྱི་འཐུས་ལྷན་ཁང་ཞེས་མཚན་གསོལ་ཐོགགྲོས་ཚོགས་ཁང་ལྟ་བུའི་ལས་ཁུར་འགན་ལེན་བྱེད་མུས་དང་སྤྱི་འཐུས་ལྷན་ཁང་དེས་སྤྱི་དོན་གལ་ཆེའི་ཐོག་བཀའ་ཤག་དང་ལྷན་ཁང་ཁག་གི་དྲུང་ཆེ་ཚོ་དང་མཉམ་དུ་ཟླ་རེར་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ཞེས་ཚོགས་འདུ་རེ་འཚོགས་བཞིན་ཡོད། དམིགས་བསལ་གྱི་དུས་སྐབས་སུ་བོད་གཞུང་ཆེ་མཐོའི་རྒྱུན་ལས་ཚོགས་འདུ་ཞེས་བཀའ་ཤག་དང་ལྷན་ཁང་ཁག་གི་དྲུང་ཆེ་བཅས་ལྷན་འཛོམས་འཕར་མ་གནང་སྲོལ་ཡོད་ཅིང་། དེའི་སྐབས་བཀའ་བློན་རྣམ་པ་དང་དྲུང་ཆེ་ཚོས་དགོངས་འཆར་བཏོན་ཚད་ཀྱང་ཐག་གཅོད་སྤྱི་འཐུས་མང་མོས་ཀྱིས་འགྲོ་དགོས། སྤྱི་འཐུས་ལྷན་ཁང་གི་འཐུས་མི་རྣམས་ནས་ལས་དོན་གང་ཡིན་ཐོག་འོས་ཤོག་འཕངས་ཏེ་ཐག་གཅོད་དང་ལག་བསྟར་བྱེད་ཀྱི་ཡོད་པ་རེད ” ཅེས་སྤྱི་སྨན་བཀའ་སློབ་ལམ་སྟོན་ཕ་མས་བུ་ལ་བགོས་བ་བཞིན་ཕྱི་ལོ་ ༡༩༦༠ ལོ་ཟླ་ ༩ ཚེས་ ༢ ཉིན་བོད་གཞུང་དམངས་གཙོའི་ལམ་ལུགས་ཐོག་མ་དབུ་བརྙེས་བ་རེད། 

༧གོང་ས་མཆོག་གཙོས་བའི་སྐབས་དེའི་ལྷག་དཀར་གཞུང་དྲང་གི་མཛད་གཙོ་རྣམ་པས་སྐུ་ངལ་ལ་མ་འཛེམ་བར་ཕྱི་ནང་གི་འགལ་རྐྱེན་གང་མང་ཞིག་ལ་གདོང་གཏད་ནས་རིམ་པའི་ཚགས་ཚུད་དང་དོན་སྙིང་ཆེ་བའི་དམངས་གཙོའི་ལམ་སྲོལ་འདི་ལག་བསྟར་རྒྱུན་འཁྱོངས་གནང་། ཕྱི་ལོ་ ༡༩༩༡ ལོའི་སྐབས་བཅུ་གཅིག་པ་ནས་བོད་མི་དམངས་སྤྱི་འཐུས་ཀྱི་མི་འགྲོ་ཇེ་མང་ལ་བཏང་སྟེ་ཆོལ་ཁུངས་རེ་ནས་འཐུས་མི་བཅུ་རེ་དང་ཆོས་རྒྱུད་རེ་ནས་འཐུས་མི་གཉིས་རེ། སྐབས་གཉིས་པ་ནས་༧གོང་ས་མཆོག་གིས་ཡེ་ཤེས་དབྱངས་དཔྱད་ཀྱིས་འཐུས་མི་གཉིས་གསུམ་རེ་བསྐོ་སྲོལ་ཡོད་པ་བཞིན་ཁྱོན་སྤྱི་འཐུས་མི་གྲངས་ཞེ་གསུམ་བྱུང་ཡོད་ལ་ལས་དོན་བྱེད་ཕྱོགས་སོགས་སྔོན་ལས་ཡར་རྒྱས་དང་ཚགས་ཚུད་བྱུང་ཡོད་པ་སྨོས་མེད་ཐོག སྐབས་བཅུ་གསུམ་པ་ནས་ཐད་བསྐོས་སྤྱི་འཐུས་རྣམ་རིམ་བཞིན་མ་དགོས་པའི་ཐོག་བོད་མི་འདུས་སྡོད་ཅུང་ཆེ་བའི་ཕྱིའི་རྒྱལ་ཁབ་ཁག་ནས་འཐུས་མི་དགོས་གལ་ཆེ་བར་གཟིགས་ཏེ་བྱང་ཨ་མེ་རི་ཁ་ནས་སྤྱི་འཐུས་གཉིས་དང་ཡུ་རབ་ཁུལ་ནས་སྤྱི་འཐུས་གཅིག་བཅས་སྤྱི་འཐུས་གསུམ་ས་གནས་དེ་གའི་ཆོས་ལུགས་དང་ཆོལ་ཁུངས་རིས་མེད་བོད་རིགས་མི་མང་གིས་འདེམས་བསྐོ་བྱས་ཏེ། རང་དབང་གི་རྒྱལ་ཁབ་ཁག་ན་གནས་བཞུགས་བོད་མི་ཡོངས་ལ་ཁྱབ་པའི་དམངས་གཙོའི་སྒྲིག་འཛུགས་ཤིག་ལ་མངོན་འགྱུར་བྱུང་ཡོད་པ་བཅས་བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་འདི་བཞིན་ལོ་རེར་ཐེངས་གཉིས་རེར་ལྷན་ཚོགས་གནང་མུས་དང་མཚམས་རེར་དམིགས་བསལ་འཚོགས་འདུ་འཕར་མ་ལྷན་ཚོགས་གནང་སྲོལ་ཡང་པ་ཡོད་རེད།

ཁྲིམས་བཟོ་ལྷན་ཁང་གི་གལ་ཆེའི་རང་བཞིན་བརྗོད་པ།

དམངས་གཙོའི་ལམ་ལུགས་ཤིག་ལ་མཚོན་ན་ཐོག་མ་ཁྲིམས་བཟོ་ལྷན་ཁང་ངམ་སྤྱི་འཐུས་ལྷན་ཚོགས་འདི་ཆགས་ཡོད། དམངས་གཙོའི་ཀ་བ་གསུམ་ཚང་བའི་སྒྲིག་འཛུགས་ཤིག་དང་སྲིད་གཞུང་གང་ཞིག་ལ་ད་གཟོད་དམངས་གཙོའི་རྒྱལ་ཁབ་བམ་སྒྲིག་འཛུགས་ཟེར་གྱི་ཡོད། འདི་ལ་སྲིད་འཛིན་ལམ་ལུགས་དང་སྲིད་བློན་ལམ་ལུགས་གཉིས་སུ་དབྱེ་ལ་སྟངས་འཛིན་བྱེད་མཁན་གཙོ་བོ་ཁྲིམས་བཟོ་ལྷན་ཁང་ཆགས་ཡོད་པ་རེད། ཁྲིམས་བཟོ་ལྷན་ཁང་ནས་གཏན་ལ་ཕབས་པའི་ཁྲིམས་དང་ལོ་རེའི་རྒྱལ་ཁབ་ཀྱི་གཏོང་སྒོ་སོགས་སྤྱི་འཐུས་ཀྱི་གསུམ་ཆའི་གཉིས་ཀྱི་མོས་མཐུན་རྒྱབ་སྐྱོར་འོག་བཀའ་འཁྲོལ་ཐོབ་དགོས་པ་ཞིག་ཆགས་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་འབེབས་ལ་ནོར་འཛོལ་དང་འཐུས་ཤོར་བྱུང་བ་ཡིན་ན་འཛིན་སྐྱོང་བཀའ་ཤག་གི་ལས་དོན་སྤྱི་ལ་དོ་ཕོག་འགྲོ་ཡི་ཡོད་པས་ཀ་བ་འདི་དཀྱིལ་སྙིང་ཡིན་པས་རྒྱུ་མཚན་ཀྱང་དེ་རེད།

སྤྱི་འཐུས་ཀྱི་གཞི་རྩའི་འོས་ཆོས།

དང་པོ། བོད་མི་གཙང་མ་ཡིན་དགོས་པ་སྟེ་བོད་མིའི་ངོས་འཛིན་ཡོད་པའི་དཔང་རྟགས་ཡིག་ཆ་ཁོངས་འཕེར་ལ་ཚད་འཛིན་བྱེད་ངེས་རེད། གཉིས་པ། རིག་འཚོ་མ་ཟིན་པ་མ་ཡིན་པ་དང་བུ་ལོན་སྒྲུབ་འཇལ་མ་ཐུབ་པ་སོགས་ཁྲིམས་ཐོག་ཉེ་འགེལ་གླེང་རྙོག་མེད་མཁན་ཞིག་ཡིན་དགོས་པ། གསུམ་པ། ལས་ཐོག་འཛིན་སྐྱོང་ལས་བྱེད་དམ་གཞུང་ཞབས་མ་ཡིན་པ་བཅས་འོས་བསྡུ་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་འོས་ཆོས་རེད། བཞི་བ། སྤྱི་འཐུས་ནི་ལྷག་དཀར་གཞུང་དྲང་དང་། ལས་དོན་གང་བསྒྲུབ་དྲང་བདེན་ཟོལ་མེད་ཀྱི་སྤྱི་འགན་གཙུག་འཛིན་ཐུབ་མཁན་ངེས་པར་དུ་ཡིན་དགོས།

སྤྱི་འཐུས་ཀྱི་འོས་འགན་དང་ཆེ་མཐོང་།

སྤྱི་འཐུས་ཀྱི་འོས་འགན་གཙོ་བོ་འཛིན་སྐྱོང་བཀའ་ཤག་གི་ལས་དོན་སྤྱི་དང་བྱེ་བྲག་ལ་དུས་རྒྱུན་ཐུགས་སྣང་མཁྱེན་རྟོགས་ཡོད་དགོས་པ་དང་གཅིག་གནས་ས་ཐོག་གི་མི་མང་གི་གནས་སྟངས་ལ་ཐུགས་ཁུར་དང་གཟིགས་རྟོགས་བྱེད་རྒྱུ་དང་གཉིས། ཆོལ་ཁ་དང་ཆོས་རྒྱུད་དབྱེ་བ་མེད་པར་བོད་མི་མང་སྤྱི་ལ་ཁྱབ་པའི་སྤྱི་མི་སྤྱོད་བཟང་མིག་དཔེར་འོས་པ་ཞིག་ཡིན་དགོས་པ་དང་གསུམ། འོས་འགན་འདི་དག་བསྲུང་བའི་སྤྱི་འཐུས་ཤིག་ཡིན་ན་སྤྱི་འཐུས་སྤྱིའི་ཆེ་མཐོང་དང་སྒེར་གྱི་ཆེ་མཐོང་ཀྱང་སྨོས་མེད་ཅིག་རེད། བོད་ཀྱི་གནད་དོན་དེ་རྒྱ་བོད་ཀྱི་གནད་དོན་ཞིག་ཆགས་ཡོད་དུས་རྒྱ་བོད་ཀྱི་ཆབ་སྲིད་གོ་རྟོགས་ཡོད་པ་ཞིག་དང་རྒྱལ་སྤྱིའི་སྲིད་དོན་འགྱུར་བར་གཟིགས་རྒྱ་ཡངས་པ། རང་རེའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་ངེས་ཤེས་གཏིང་ཟབ་པོ་ཡོད་དགོས་པ་དང་བཞི།

ད་ལྟའི་རང་རེའི་འཐུས་མི་གདམ་སྟངས་ལ་བལྟ་བ།

འོས་མི་ངོ་སྤྲོད་བྱེད་སྟངས་ཏེ་ཚོགས་པ་དང་མི་སྒེར་བཅས་ནས་དམངས་གཙོའི་ཀ་བ་བཞི་བར་གྲགས་པའི་བརྒྱུད་ལམ་ཁག་དང་མཉམ་འབྲེལ་གྱིས་ཁྲིམས་དང་སྒྲིག་གཞི་ལ་མ་འགལ་བ་ཞིག་བྱེད་པ་ལས། རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་བྱས་པའི་སྤྱི་བར་གནོད་པ་ལས་ཕན་པ་མེད། སྤྱི་ལ་གནོད་ཡོང་དུས་རང་ལའང་དེ་མཚུངས་གནོད་བསྐྱལ་ཡོད་པ་མཐོང་ཆོས་རེད། དཔེར་ན། འདི་ག་ས་གནས་གྲོས་ཚོགས་དང་ས་གནས་མགོ་འཛིན་སོགས་འོས་བསྡུ་ཆུང་ཚགས་ཀྱི་འོས་བསྡུའི་སྐབས། མི་མངོན་ས་ནས་འོས་མི་འགའ་རེ་ཤོག་ཆུང་དུ་ཕབས་ནས་སུས་བཀྲམས་འདིས་གདམས་མེད་པར་ཐོན་ཡོང་བ་དེས་ང་ཚོའི་མི་དམངས་ཀྱི་སེམས་ཁམས་དང་། དམངས་གཙོའི་དགོངས་པ་དང་མི་མཐུན་པ་མ་ཟད་མི་མང་གི་སྤྱི་བལྟ་མི་འཛེས་པ་ཡོང་གི་ཡོད།  དེའང་ལས་ཐོག་འཐུས་མི་ཁ་ཤས་ཀྱི་ཆབ་སྲིད་འཁྲབ་སྟོན་ཙམ་ལས་བློ་གཟུ་བོར་བསམ་ན་མང་ཚོགས་ལ་མགོ་སྐོར་གཏོང་གི་ཡོད་པ་གསལ་པོ་རེད། ལུང་ཚན་དང་དགའ་ཕྱོགས་བསྒྲིགས་པའི་འོས་བསྡུ་དེས་འཐུས་མི་ཚད་ལྡན་ཞིག་ཕེབས་ཐུབ་ཀྱི་མེད། མི་འགའ་རེ་ལོ་ཉི་ཤུ་ལྷག་ལ་ཞབས་སྟེགས་བཅད་བསྡད་པ་ལས་སྤྱི་པའི་ལས་དོན་ལ་ཡར་རྒྱས་ཀྱི་རྣམ་པ་ཏིལ་འབྲུ་ཙམ་སྟོན་རྒྱུ་མེད་པ་དང་ས་འཐུས་ཁག་ཅིག་གིས་རང་གི་མིང་ཚད་ལྡན་ཞིག་འབྲི་མི་ཤེས་མཁན་ཡང་ཡོད་པ་རེད། ས་གནས་གྲོས་ཚོགས་ནི་ས་གནས་མགོ་འཛིན་ལས་ཁུངས་ལ་སྟངས་འཛིན་བྱེད་མཁན་གྱི་ས་གནས་ས་ཐོག་གི་འཐུས་མི་ཞིག་ཡིན་དུས་དབུས་གྲོས་ཚོགས་ལམ་ལུགས་དེ་ས་གནས་ཁག་ནའང་ཡོད་པ་ཞིག་རེད།

བར་མའི་འོས་བསྡུ་དང་འོས་མི།

ད་ལྟ་མདོ་སྨད་ཀྱི་བར་མའི་འོས་བསྡུའི་ས་མིག་གཅིག་ལ་འོས་མི་མང་པོ་ཞིག་གིས་འཚང་ཁ་བརྒྱབ་ནས་ཡོང་དུས་ཕྱོགས་གཅིག་ནས་ཡར་རྒྱས་དང་ཕྱོགས་གཞན་ཞིག་ནས་གཟབ་ནན་བྱེད་དགོས་པ་ཞིག་ཏུ་མཐོང་གི་འདུག སུ་ཞིག་གིས་གདོང་ལྤགས་མཐུག་པོས་ཧམ་བཤད་བྱེད་པ་དང་སུ་ཞིག་ནི་ཤེས་འཇོན་གཉིས་ལྡན་གྱི་འོས་མི་ཚད་ལྡན་ཡིན་པ་སོགས་ལེགས་ཉེས་དབྱེ་འབྱེད་གང་ལེགས་བྱེད་པ་ལས། ལུང་ཚན་གཅིག་པ་དང་དགའ་ཉེ་ཡིན་པ་ཙམ་དུ་བདམས་པ་ཡིན་དམངས་གཙོའི་སྒྲིག་སྲོལ་དང་མཐུན་གྱི་མེད་ལ་སྤྱི་འགན་མ་ཁུར་བའི་རྣམ་པ་གསལ་པོ་རེད།

དེའང་མདོ་སྨད་ཀྱི་ལངས་ཕྱོགས་སྤྱི་དང་ཡང་དགོས་མདོ་སྨད་ཀྱི་ལས་དོན་ཆེ་ཕྲ་གང་ལ་དོ་ཁུར་བྱེད་མྱོང་ཡོད་མེད་ལས་ཀྱང་སྤྱི་འཐུས་ལ་འོས་མིན་གསལ་པོ་རེད། ད་ལྟ་མདོ་སྨད་ཀྱི་ལས་ཐོག་སྤྱི་འཐུས་ཚོ་དང་གཤིབ་བསྡུར་གྱིས་གང་ཞིག་ན་སྟོང་ཆ་ཡོད་པ་དེ་ལ་དམིགས་ནས་ཡོང་རྒྱུ་ཡིན་པའི་སྤྱི་འཐུས་དེས་ཁ་གསབ་ཐུབ་པ་བྱུང་ན་གོ་སྐབས་འདི་ཆུད་ཟོས་སུ་མ་སོང་བ་རེད། འོན་ཀྱང་དེ་ལས་ལྡོག་ན་མི་ས་མིག་ཅིག་ཁ་སྐོང་བྱས་པ་ཙམ་ལས་གཞན་རིན་ཐང་མེད་སོང་བ་རེད། ད་ལྟ་མདོ་སྨད་མི་མང་གིས་རང་དོན་རང་གཅེས་བྱས་ཏེ་འོས་འཕེན་པ་དང་སེམས་ཁུར་ཡིད་གཟབ་གྱིས་འོས་བླུགས་པ་ཡིན་ན་བོད་བསྟན་སྲིད་ལ་དང་རྒྱལ་བའི་དགོངས་གཞི་ཡང་བསྒྲུབ་པ་རེད། འོས་ཤོག་གཅིག་གིས་ཁྱད་པར་ཆེན་པོ་ཡོད་པ་མཐོང་ཆོས་བཞིན་མུད་པ་ཡན་གྱིས་རྩ་དོན་བཤད་པ་དང་རྒྱལ་བ་རིན་པོ་ཆེ་ཞེས་ལག་པ་ཐོད་པར་བཞག་པ་ཙམ་གྱིས་དགོངས་གཞི་བསྒྲུབ་རྒྱུ་ཁག་པོ་རེད།

མཇུག་བསྡུ་བ།

འུ་ཚོའི་ཁོར་ཡུག་ན་སྲིད་དོན་ལ་དེ་ཙམ་དོ་སྣང་མི་བྱེད་པ་མ་ཟད་འདོད་པ་མེད་པའི་འདུ་ཤེས་འཛིན་མཁན་མང་པོ་འདུག རང་གི་དོན་དག་ལ་འཕྲད་དུས་ད་གཟོད་སྐད་ངན་འབྱིན་པ་ལས་དུས་རྒྱུན་དོ་སྣང་མེད་པ་འདི་་དམངས་གཙོའི་སྒྲིག་འཛུགས་ཤིག་གི་མི་མང་གི་འགན་ཁུར་སྟངས་ཤིག་མིན་པར་དེ་ལས་ལྡོག་པའི་བྱ་སྤྱོད་ཅིག་རེད། འགན་འཁྲི་དང་ཐོབ་ཐང་འདྲ་མཉམ་དུ་སྤྱོད་མ་ཐུབ་ཚེ་དམངས་གཙོ་ཚད་ལྡན་ཞིག་ལོངས་སུ་སྤྱོད་ཐུབ་ཀྱི་མེད། དེའང་གཞུང་དམངས་གཉིས་ཕན་ཚུན་མཉམ་རུབ་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྤྱི་དང་བྱེ་བྲག་དམངས་གཙོའི་ཤེས་བྱ་གོང་མཐོར་གཏོང་བར་འབད་བརྩོན་བྱེད་དགོས།

མཆན།

1. མཛད་རྣམ་སྙིང་རྗེས་རོལ་མཚོ། རྩོམ་སྒྲིག་གནང་བའི་གླེགས་བམ་བདུན་པའི་ཤོག་ངོས་ ༩༠ ན་གསལ།

2. མཛད་རྣམ་སྙིང་རྗེས་རོལ་མཚོ། རྩོམ་སྒྲིག་གནང་བའི་གླེགས་བམ་བདུན་པའི་ཤོག་ངོས་ ༩༦ ན་གསལ།

 

འབྲེལ་ཡོད་གསར་འགྱུར།

བོད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་དང་ལྷ་སྡེ་མི་སྡེར་སྔོག་བཤེར་བྱས་ནས་༧གོང་ས་མཆོག་གི་སྐུ་པར་བཙན་འཕྲོག་བྱེད་བཞིན་པ། པར་དུས་བབ་ཀྱི་བསྒྲིགས།
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་མང་པོ་བཙན་འཕྲོག་བྱས་འདུག 

ཆུ་ཚོད་ ༧ སྔོན་ལ།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། ༢༠༢༥།༡༠།༢༡ པར་འབྲེལ་ཡོད་མཁོ་སྤྲོད་གནང་།
Mobile App

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་དྷ་སར་བར་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

ཆུ་ཚོད་ ༩ སྔོན་ལ།
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

གཞས་པ་ཨ་སངས་ལགས་མུ་མཐུད་བཀག་ཉར་འོག་ཡོད་འདུག

༢༠༢༥/༡༠/༡༨
Zhang Youxia (front), newly-elected Vice Chairman of the Central Military Commission of the People's Republic of China, swears an oath with members of the Central Military Commission (L-R) Zhang Shengmin, Liu Zhenli, He Weidong, Li Shangfu, and Miao Hua, after they were elected during the fourth plenary session of the National People's Congress (NPC) at the Great Hall of the People in Beijing. photo credit: Reuter
Mobile App

རྒྱ་ནག་གཞུང་གིས་དམར་ཤོག་དཔོན་རིགས་དགུ་ཕྱིར་ཕུད་བཏང་།

༢༠༢༥/༡༠/༡༨
མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་བརྟན་གསུམ་འདེགས་འབུལ་ཞུས། ༢༠༢༥།༡༠།༡༨ དུས་བབ་ཀྱི་པར།
Mobile App

མོན་ཡུལ་འཕགས་བོད་མཛའ་འབྲེལ་ཚོགས་པས་༧གོང་ས་མཆོག་ལ་མནྜལ་རྟེན་གསུམ་འདེགས་འབུལ་ཞུས།

༢༠༢༥/༡༠/༡༨
Richard Gere receiving the Human Rights First Visionary Award. Photo: ICT
Mobile App

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།

༢༠༢༥/༡༠/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese