རྒྱ་གཞུང་གིས་རྒྱ་ལོ་སྨོན་ལམ་ཆེན་མོའི་སྐབས་རེབ་གོང་དང་སྐུ་འབུམ་བཅས་ས་གནས་ཁག་ཏུ་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་མི་མང་ལ་དམ་དྲག་བྱེད་ཀྱི་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་བཟུང་རེབ་གོང་རོང་བོ་དགོན་ཆེན་དུ་རྒྱ་ལོ་སྨོན་ལམ་ཚོགས་བཞིན་ཡོད་པ་ལྟར། ཉིན་འདི་དག་རིང་རྒྱ་གཞུང་གིས་རྨ་ལྷོ་ཁུལ་ཐོག་དང་རོང་བོ་དགོན་པའི་ཉེ་འཁོར་བཅས་སུ་དམག་མི་དང་ཉེན་རྟོག་མི་སྣ། དཔུང་རྟགས་དམར་བོ་བཏགས་པའི་སྐོར་སྲུང་མི་སྣ་བཅས་མངགས་གཏོང་གིས་མི་མང་ལ་དམ་དྲག་བྱེད་ཀྱིན་པར་མ་ཟད། དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་སྐབས། དགོན་པའི་ཕྱོགས་ཡོངས་སུ་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས་ས་གནས་མི་མང་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་མཆོད་མཇལ་བ་རྣམས་ལ་དམ་དྲག་བྱེད་ཀྱི་ཡོད་འདུག
གསར་འགོད་པ། དོན་གོ
སྨོན་ལམ་ཆེན་མོར་ཕུལ་བའི་སྨོན་ཚིག་གསར་བ་གཅིག
མ་བོས་རྒྱ་འདྲེའི་དཔུང་དམག་འདི། མི་དགོས་མི་ཡི་གད་སྙིགས་ཏེ།
རླུང་ལྷ་ཁྲོས་པའི་ཕུ་གཅིག་གིས། གནམ་སའི་མཐའ་རུ་འཕེན་པར་སྨོན།