མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་ནང་གནམ་གྲུ་བརྡབ་སྐྱོན།

བོད་ཀྱི་དུས་བབ།
༢༠༡༤/༠༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་ནང་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་སྟེ། ཌན་མེག་རྒྱལ་ཁབ་ཀྱི་མི་གཅིག་ཐེ་པའི་འགྲུལ་བ་ ༡༨ འདས་གྲོངས་སུ་ཕྱིན་ཡོད་འདུག

ཟླ་འདིའི་ཚེས་ ༡༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༡།༣༠ ཡས་མས་སུ་བལ་ཡུལ་སྤོག་ར་ (Pokhara) ནས་རྒྱལ་ས་ཀ་ཐ་མན་གྲུའི་བྱང་ཕྱོགས་ཀྱི་ཇོམ་ལྰ་ ( Jumla) ས་གནས་སུ་འཕུར་བསྐྱོད་བྱས་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་གནམ་གཤིས་ཀྱི་རྐྱེན་པས་བརྡབ་སྐྱོན་བྱུང་སྟེ། ཌན་མེག་ (Denmark) རྒྱལ་ཁབ་ཀྱི་མི་སེར་གཅིག་ཐེ་པའི་འགྲུལ་བཞུད་པ་ ༡༨ འདས་གྲོངས་སུ་ཕྱིན་ཡོད་འདུག

གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། གནམ་གྲུ་དེ་བལ་ཡུལ་སྤོག་ར་ནས་འཕུར་མགོ་བརྩམས་རྗེས། སྐར་མ་བཅོ་ལྔ་ཙམ་གྱི་རིང་བོར་བརླག་ཏུ་ཕྱིན་སྟེ་གར་སོང་ཆ་མེད་ཆགས་ཡོད་པ་དང་། རྗེས་སུ་ས་གནས་ཉེན་རྟོག་པ་དང་དམག་མི་མཉམ་རུབ་ཐོག་འཚོལ་ཞིབ་བྱེད་སྐབས། རྒྱལ་ས་ཀ་ཐ་མན་གྲུའི་ནུབ་ཕྱོགས་སུ་རྒྱང་ཐག་སྤྱི་ལེ་ ༢༢༦ ཡོད་པའི་ཨར་གྷན་ཇེ་ (Arghakhachi) ཞེས་པའི་རྫོང་གི་ནགས་གསེབ་དུ་བརྡབ་སྐྱོན་བྱུང་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག་ལ། གནམ་གྲུའི་ནང་ཁ་ལོ་བ་གཉིས་དང་ཞབས་ཞུ་བ་གཅིག་བཅས་ལས་བྱེད་གསུམ་དང་། ཌན་མེག་རྒྱལ་ཁབ་ཀྱི་མི་སེར་གཅིག་ཐེ་བའི་འགྲུལ་བ་ ༡༥ བཅས་ཁྱོན་མི་ ༡༨ ཡོད་འདུག

ཉེ་བའི་ཆར་ཌན་མེག་རྒྱལ་ཁབ་ཀྱི་མི་སེར་ཨམ་མེ་ཐེན་སེན་ (M.Mathiensen) དང་། བལ་ཡུལ་ཀོང་རི་སེའི་ཇོམ་ལྰ་ས་ཁུལ་གྱི་ས་གནས་ཚོགས་གཙོ་སྐུ་ཞབས་མ་ནྰ་པི་སེ་རྗེ་ཝ་ (Manab Sejwal)། གསར་འགོད་པ་གྷོ་རེ་གྷ་ཐ་ཡ་ཐི་ (Gauri Kathayat) ། དམག་མི་ཌེ་པ་ཤི་རེ་སི་ཐ (Deepak Shrestha)། སྨན་པ་བྷེ་ཀ་པོ་ཀ་རེ (Dr. Bikalpa Pokhare) བཅས་གཙོས་པའི་མི་ ༡༡ ངོས་འཛིན་བྱས་ཐུབ་ཡོད་པ་ལས། གཞན་རྣམས་མེས་འཚིག་ཏེ་ངོས་འཛིན་མི་ཐུབ་པར་གྱུར་ཡོད་འདུག

འདིའི་ཐད་བལ་ཡུལ་མཁའ་ལམ་འགྲིམ་འགྲུལ་ལས་ཁང་གིས་གསར་ལམ་དུ། འགྲུལ་སྐྱེལ་གནམ་གྲུ་དེར་གཟའ་འཁོར་སྔོན་མའི་ནང་བརྟག་དཔྱད་བྱེད་སྐབས་འཕྲུལ་ཆས་སོགས་ལ་གནོད་སྐྱོན་གང་ཡང་མེད་པ་དང་། ཐེངས་འདིར་གནམ་གཤིས་ཀྱི་རྐྱེན་པས་བརྡབ་སྐྱོན་བྱུང་སྟེ་ཨར་གྷན་ཇེ་རྫོང་གི་ནགས་གསེབ་དུ་ལྷུང་སྟབས། མགྱོགས་མྱུར་ངང་ཛ་དྲག་མྱུར་སྐྱོབ་བྱེད་རྒྱུར་དཀའ་ངལ་གང་མང་འཕྲད་ཡོད་ཚུལ་བརྗོད་ཡོད་འདུག

གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིར་བརྡབ་སྐྱོན་བྱུང་བའི་འགྲུལ་སྐྱེལ་གནམ་གྲུ་དེ་ཕྱི་ལོ་ ༡༩༧༣ ཡས་མས་སུ་ཁེ་ཎ་ཌ་རྒྱལ་ཁབ་ནས་ནང་འདྲེན་བྱས་ཏེ། ད་ལྟའི་བར་བལ་ཡུལ་ནང་འགྲུལ་བསྐྱོད་བྱས་ཏེ་ལོ་ ༤༠ ལྷག་འགྲོ་བཞིན་ཡོད་འདུག་ལ། ཉེ་བའི་ལོ་འགའི་རིང་བལ་ཡུལ་ནང་གནམ་གྲུ་བརྡབ་སྐྱོན་གྱི་དོན་རྐྱེན་བསྟུད་མུར་བྱུང་སྟེ། ཕྱི་ལོ་ ༢༠༡༠ དང་ ༢༠༡༢ ལོ་སོ་སོར་བལ་ཡུལ་གྱི་གནམ་གྲུ་ཧི་མ་ལ་ཡའི་རི་རྒྱུད་དུ་ལོ་རེར་བརྡབ་སྐྱོན་ཐེངས་གཉིས་རེ་བྱུང་བ་སོགས་ཀྱི་དབང་གིས། སྔར་ལོའི་ཕྱི་ཟླ་ ༡༢ ནང་ཡུ་རོབ་མཐུན་ཚོགས་ཀྱིས་བལ་ཡུལ་གྱི་གནམ་གྲུའི་ཉེན་སྲུང་དང་བདེ་འཇགས་སྐྱོ་བོ་ཡིན་ཚུལ་བཤད་དེ། ཡུ་རོབ་ནང་བལ་ཡུལ་གྱི་འགྲུལ་སྐྱེལ་གནམ་གྲུ་འཕུར་བསྐྱོད་བྱེད་རྒྱུར་བཀག་འགོག་བྱས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༨ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese