མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བཙན་འཛུལ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་གསུམ་གྱིས་མེ་ནཱ་མེ་ཁོ་ཇེ་མཱ་ (Minamikojima)ཞེས་པའི་སཱིན་ཁཱ་ཁའོ་གླིང་ཕྲན་གྱི་མཚོ་ཁུལ་དུ་བཙན་འཛུལ་བྱས་འདུག

ཁ་སང་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག ཉི་ཧོང་དང་རྒྱ་ནག་གིས་བདག་དབང་རྩོད་ལེན་བྱེད་བཞིན་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་སཱིན་ཁཱ་ཁའོ་གླིང་ཕྲན་གྱི་(Minamikojima)ཞེས་པའི་སྤྱི་གཡར་མཚོ་ཁུལ་དུ། རྒྱ་ནག་གི་མཚོ་དམག་གྲུ་གཟིངས་ ༢༡༥༡ དང་ ༢༡༡༣། ༢༡༠༢ རྟགས་ཅན་གསུམ་གྱིས་མེ་ནཱ་མེ་ཁོ་ཇེ་མཱ་དུ་བཙན་འཛུལ་གྱིས་ཆུ་ཚོད་ ༢ རིང་སྐོར་གཡེང་བྱས་ཏེ་ཕྱིར་ལོག་ཡོད་པ་དང་། ཉི་ཧོང་གཞུང་གིས་རྒྱ་ནག་གི་བྱ་སྤྱོད་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་འདུག 

ཉི་ཧོང་སྲིད་བློན་ཤིང་ཛོ་ཨ་བྷེ་ལགས་ཀྱིས། “སཱིན་ཁཱ་ཁའོ་གླིང་ཕྲན་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ལོ་རྒྱུས་གང་ནས་བལྟས་ཀྱང་ཉི་ཧོང་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཡང་། ཉེ་ལམ་རྒྱ་གཞུང་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ཐོག་མཁའ་དབྱིངས་དབྱེ་མཚམས་ས་ཐིག་གསར་བཟོ་དང་། སཱིན་ཁཱ་ཁའོ་མཚོ་གླིང་གི་བདག་དབང་རྒྱ་ནག་ལ་ཡོད་ཅེས་ཕྱིར་བསྒྲགས་ཀྱིས་མཚོ་དམག་གྲུ་གཟིངས་བཏང་སྟེ་འཇིགས་སྐུལ་བྱེད་བཞིན་ཡོད་སྟབས། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ་གྲོས་མོལ་ལམ་ནས་གནད་དོན་དེ་སེལ་དགོས་པའི་སྐུལ་མ་བྱ་དགོས”ཞེས་བརྗོད་འདུག

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེས། རྒྱ་ནག་གིས་ཉི་ཧོང་དང་མཉམ་དུ་སཱིན་ཁཱ་ཁའོ་གླིང་ཕྲན་གྱི་བདག་དབང་རྩོད་ལེན་ཐད་ཀྱི་གནད་དོན་དེ་ཞི་བའི་གྲོས་མོལ་བརྒྱུད་སེལ་འདོད་ཡོད་ཀྱང་། གྲོས་མོལ་དེ་མགོ་འཛུགས་མ་བྱས་པའི་སྔོན་ལ་ཉི་ཧོང་གིས་མཚོ་གླིང་དེ་རྒྱ་ནག་གིས་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པ་ངོས་འཛིན་བྱེད་དགོས་སྐོར་བརྗོད་འདུག ཨ་རིའི་རྒྱལ་དོན་དྲུང་ཆེ་ཇོན་ཀེ་རའེ་ལགས་ཀྱིས། རྒྱ་ནག་གཞུང་གིས་ཉི་ཧོང་དང་རྒྱ་ནག་བར་འཕྲད་བཞིན་པའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་མཚོ་གླིང་རྙོག་དྲ་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པར་ཞི་བའི་ངང་ནས་ཐག་གཅོད་བྱས་ཏེ། ཨེ་ཤ་ཡའི་མངའ་ཁུལ་ནང་ཞི་བདེ་བརྟན་བརླིང་ཡོང་བ་བྱ་དགོས་སྐོར་བརྗོད་འདུག

 

ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་ཉི་ཧོང་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་དེ་ ༢༠༡༣ ལོའི་ཟླ་ ༡༡ པའི་ཚེས་ ༧ ཉིན་རྒྱ་གཞུང་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་མཚོ་གླིང་ཐོག་མཁའ་དབྱིངས་དབྱེ་མཚམས་ས་ཐིག་གསར་བཟོ་དང་། ༢༠༡༣ ལོའི་ཟླ་ ༡༢ པའི་ཚེས་ ༢༩ ཉིན་སྲིད་བློན་ཤིང་ཛོ་ཨ་བྷེ་ལགས་ཀྱིས་རྒྱ་ནག་གིས་འཁོན་འཛིན་ཤུགས་ཆེན་བྱེད་བཞིན་པའི་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་འདས་གྲོངས་སུ་ཕྱིན་པའི་ཉི་ཧོང་གི་དམག་མི་ཚོའི་རྗེས་དྲན་མཆོད་འབུལ་ལྷ་ཁང་ཡཱ་སུ་ཁཱོ་ཎེ་ (Yasukuni shrine) ཞེས་པའི་ནང་ཆེས་མཐོའི་མཆོད་འབུལ་དུ་བསྐྱོད་པ་སོགས་ལ་བརྟེན་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་ཆེན་པོ་བྱུང་ཡོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

༢༠༢༦/༠༦/༡༢
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese