བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྟེ་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བ་དང་བསྟུན་ཏེ། འདི་གའི་གསར་འགོད་པས་ངྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ཅིག་གི་ཚོགས་གཙོ་དང་འབྲེལ་ཡོད་ལས་སྣེ་ཚོར། ད་ལོའི་གསུམ་དུས་ཉིན་ལས་འགུལ་གང་འདྲ་སྤེལ་འཆར་ཡོད་མེད་དང་། ཚོགས་པ་སོ་སོར་ལོ་གསར་པའི་ནང་ལས་འཆར་གང་དག་ཡོད་མེད་ཐད་བཅར་འདྲི་ཞུས་ཡོད།
གསུམ་བཅུའི་དུས་དྲན་དང་དམངས་གཙོའི་དུས་དྲན། སྐུའི་འཁྲུངས་ལྷ་ཡར་གསོ་དང་། ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་སོགས་ནི་གཞུང་འབྲེལ་གྱིས་སྲུང་གཙི་བྱེད་སྲོལ་ཡོད་པ་ལྟར། ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་གྱི་ཞོགས་པར་ངྷ་རམ་ས་ལའི་གཙུག་ལག་ཁང་དུ་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དབུ་བཞུགས་ཐོག བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་གནང་རྗེས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྣེ་ཁྲིད་འོག ངྷ་ས་ཉེ་འཁོར་གྱི་སློབ་ཕྲུག་དང་གྲྭ་བཙུན། མི་མང་བཅས་ཀྱིས་ལོ་རེའི་བོད་རྒྱའི་འབྲེལ་ལམ་གྱི་གནས་སྟངས་ལ་གཞིགས་ཏེ་འབོད་ཚིག་སྣ་ཚོགས་འཁོད་པའི་ཕྲེད་དར་བསྣམས་ཏེ་ངོ་རྒོལ་སྐད་འབོད་བྱེད་བཞིན་ངྷ་ཤོད་ཀ་ཅཱ་རིལ་ཁྲིམས་ཁང་བར་གོམ་བགྲོད་གནང་སྲོལ་ཡོད།
ཕྱི་ལོ་ ༢༠༠༣ ཡས་མས་ནས་བཟུང་བོད་རྒྱའི་འབྲེལ་ལམ་བསྐྱར་མཐུད་བྱུང་རྗེས་འབྲེལ་མོལ་ལ་ཁོར་ཡུག་བསྐྲུན་ཆེད་ལོ་གསུམ་བཞིའི་རིང་མི་མང་གི་སྐད་འབོད་ཇེ་གཉོམ་དུ་བཏང་ཡོད་ཀྱང་། ༢༠༠༨ ལོར་བོད་ནང་ཞི་རྒོལ་བྱུང་རྗེས་མི་མང་གི་སྐད་སྒྲ་ཇེ་མཐོ་དང་ལས་འགུལ་གྱི་ངར་ཤུགས་ཇེ་ཆེར་ཕྱིན། འོན་ཀྱང་། འདས་པའི་ལོ་གཉིས་གསུམ་གོང་ནས་ངྷ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནང་གནས་ཚུལ་སྣ་ཚོགས་བྱུང་བ་དང་། ལྷག་པར་དུ་ལས་ཀྱི་སྣེ་མོར་གཏོགས་མཁན་རེ་ཟུང་གི་བཤད་སྤྱོད་ལ་བརྟེན་ཏེ། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་ལ་མདུན་སྐྱོད་ཆེ་ཙམ་གནང་ཡོད།
ཟླ་འདིའི་ཚེས་ ༥ ཉིན་༧གོང་ས་མཆོག་གིས་རྒྱ་གར་བྱང་ཤར་ཁུལ་གྱི་མི་མང་ཚོར་བཀའ་སློབ་གནང་བ་དང་འབྲེལ། “ང་
གཟའ་ཟླ་བའི་ཉིན་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་སུ། ད་ལོའི་གསུམ་དུས་ལ་ལས་འགུལ་གང་འདྲ་ཡོད་མེད་དང་། ལོ་གསར་པའི་ནང་ཚོགས་པར་ལས་འཆར་གང་འདྲ་ཡོད་མེད་སོགས་བཅར་འདྲི་ཞུས་པར། ཁོང་གིས་འདི་ལྟར་ལན་བསྐྱོན་བྱུང་། “ ད་ལོའི་གསུམ་བཅུའི་དུས་དྲན་ཉིན་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་གཙོ་བོ་དེ་ག་རེ་ཡིན་ཟེར་ན། ཉེ་ལམ་ཕྱི་ཟླ་འདིའི་ཚེས་ ༨ ཉིན་བོད་མི་ ༥༥ ཙམ་གྱིས་ངྷ་རམ་ས་ལ་ནས་མགོ་འཛུགས་གནང་སྟེ་རྒྱ་གར་རྒྱལ་ས་ལྡི་ལི་བར་ཞི་བའི་གོམ་བགྲོད་གནང་གི་ཡོད་པ་དེ་ཕྱི་ཟླ་ ༣ ཚེས་ ༡༠ ཉིན། ལྡི་ལི་ཇན་ཏར་མན་ཏར་དུ་མཇུག་བསྒྲིལ་རྒྱུ་རེད། ཉིན་དེར་ལྡི་ལིའི་རྒྱ་ནག་གཞུང་ཚབ་དང་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས། རྒྱལ་ཁབ་ཁག་གི་གཞུང་ཚབ་སོགས་ལ་དེ་སྔའི་དགོས་འདུན་ཁག་ཞུ་གཏུག་བྱས་ཏེ་བོད་དོན་ལ་རྒྱབ་སྐྱོར་ཡོང་ཐབས་བྱ་རྒྱུ་རེད། འདི་ག་ངྷ་རམ་ས་ལ་ནས་གཙུག་ལག་ཁང་གི་གཞུང་འབྲེལ་མཛད་སྒོ་གྲོལ་རྗེས། གཞོན་ནུ་དང་བུད་མེད། དགུ་བཅུ་གསུམ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཞིས་མི་མང་སྣེ་ཁྲིད་དེ་ངྷ་ཤོད་ཀཱ་ཅཱ་རིལ་བར་ཞི་བའི་གོམ་བགྲོད་གནང་རྒྱུ་རེད། དེ་བཞིན། ང་ཚོའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་ནས་ས་གནས་ཁག་ ༨༧ ཙམ་ནང་གཞོན་ནུའི་གསུང་འཕྲིན་འགྲེམས་སྤེལ་བྱ་རྒྱུ་སོགས་རེད།” ཅེས་བརྗོད་བྱུང་།
ད་ལོའི་ལས་འཆར་སྐོར་ལ། “ བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་ལས་འགུལ་སྣེ་འཁྲིད་མཁན་གྱི་ཚོགས་པ་ཞིག་ཡིན་པའི་ཆ་ནས། དེ་སྔོན་བཙན་བྱོལ་བོད་མིའི་ཁྲོད་བོད་དོན་འཐབ་རྩོད་ཐད་སེམས་ཤུགས་དང་ཚོར་བ་ཆེན་པོ་ཡོད་ཀྱང་། བར་ལམ་མི་མང་ནང་འཐབ་རྩོད་གནས་བབ་ཉམས་ཆགས་སུ་ཕྱིན་པར་ངོས་འཛིན་བྱེད་ཀྱི་ཡོད། མ་འོངས་པར་ང་ཚོས་མི་མང་ནང་བོད་དོན་འཐབ་རྩོད་ཀྱི་སེམས་ཤུགས་བསྐྲུན་ཐབས་དང་། འཐབ་རྩོད་ཀྱི་སྙིང་སྟོབས། ཆོད་སེམས། མི་རིགས་ཀྱི་ལ་རྒྱ་བསྐྲུན་ཐབས་སོགས་ལ་འབད་བརྩོན་ཞུ་རྒྱུ་ཡིན། གཞོན་ནུའི་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་དང་། ས་གནས་རྒྱུན་ལས་རྣམས་ལ་ཆབ་སྲིད་དང་ལོ་རྒྱུས། ཤེས་ཡོན་བཅས་ཀྱི་གོ་རྟོགས་སྤེལ་རྒྱུ་སོགས་ཀྱི་ལས་རིམ་བསྒྲིགས་ཡོད། ” ཅེས་བརྗོད་བྱུང་།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་སྒྲོལ་མ་ལགས་སུ་བཅར་འདྲི་ཞུས་པར། ཁོང་མོས་འདི་ལྟར་བརྗོད་བྱུང་། སྤྱིར་བཏང་གསུམ་བཅུའི་དུས་དྲན་དེ་གཞུང་འབྲེལ་མཛད་སྒོ་ཞིག་ཆགས་ཡོད་སྟབས། འཆར་ཅན་ལྟར་བུད་མེད་ལྷན་ཚོགས་ཀྱི་སྐུ་ཚབ་ཉིན་དེའི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་དུ་ཞུགས་ཀྱི་ཡོད་པ་རེད། མཛད་སྒོ་གྲུབ་རྗེས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་མཉམ་རུབ་ཐོག་མི་མང་གི་སྣེ་འཁྲིད་རྒྱུ་ཡིན་པ་ཙམ་ལས། ས་གནས་ཁག་ཏུ་དམིགས་བསལ་ལས་འགུལ་གང་ཡང་མེད་སྐོར་ངོ་སྤྲོད་གནང་སོང་།
ཚོགས་པ་ཁག་མཉམ་རུབ་ཀྱི་ལས་འགུལ་ཐོག་གྲོས་བསྡུར་བྱེད་སྐབས་འབོད་ཚིག་ཐད་གླེང་སློང་ཅི་བྱུང་ཐད་བརྗོད་དོན། “ སྤྱིར་བཏང་ང་ཚོ་ཚོགས་པ་ཁག་གི་ལྟ་བ་དང་ལངས་ཕྱོགས་མཐུན་གྱི་མེད་སྟབས། ཕྱི་མིའི་མཐོང་སྣང་ལ་ཏག་ཏག་མེད་པའི་སྣང་ཚུལ་ཡོང་གི་ཡོད་པ་རེད། ཡིན་ནའང་། སུམ་ཅུའི་དུས་དྲན་ལྟ་བུར་ཆ་བཞག་ན་ལས་འགུལ་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད། ང་ཚོས་མཉམ་རུབ་ཐོག་སྤེལ་དགོས་པའི་དགོས་པ་རྒྱུ་མཚན་གཙོ་བོ། བོད་ནང་བོད་མི་བརྒྱ་དང་སུམ་ཅུར་ཉེ་བས་རང་ལུས་མེར་བསྲེཊ་གནང་སྟེ་ཛ་དྲག་ཆགས་ཡོད་པ་དང་། ད་ཆར་ཡང་རང་ལུས་མེར་བསྲེཊ་གནང་མཁན་གྱི་ནང་མི་དང་གཞས་པ་སོགས་མང་པོ་ཞིག་ལ་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། བོད་ནང་གི་ཛ་དྲག་གི་གནས་སྟངས་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་བྱ་རྒྱུ་དང་། དངོས་ཡོད་གནས་ཚུལ་ལ་རོགས་རམ་ཡོང་ཆེད་མཉམ་རུབ་ཐོག་སྤེལ་གྱི་ཡོད་པ་རེད། དེའི་ཐོག་ལ་ལྟ་བ་དང་ལངས་ཕྱོགས་དམིགས་བསལ་ཡོད་པ་མ་རེད། འབོད་ཚིག་གི་ཐོག་ནས་ཀྱང་ཐུན་མོང་གི་ཐོག་ནས་ ‘བོད་ལ་དྲང་བདེན་དགོས’། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ནང་མེར་བསྲེཊ་གནང་དགོས་པའི་རྐྱེན་རྩ་གང་ལ་ཐུག་ཡོད་མེད་རྟོག་ཞིབ་ཆེད། ‘རང་དབང་གི་རྟོག་ཞིབ་པ་གཏོང་དགོས’ ‘རྒྱ་གཞུང་གིས་རང་སྲེག་ཐད་འགྲེལ་བཤད་ལོག་པར་རྒྱག་བཞིན་པ་མཚམས་འཇོག་དགོས’ ཞེས་ཀྱི་འབོད་ཚིག་ཁག་འཇོག་རྒྱུའི་བཀའ་བསྡུར་བྱུང་ཡོད། ” ཅེས་བརྗོད་བྱུང་།
ད་ལོའི་ལས་འཆར་སྐོར་ལ། བུད་མེད་ལྷན་ཚོགས་ཀྱི་ངོས་ནས་འདས་པའི་ལོ་ ༥༥ རིང་གི་བོད་གཞིས་བྱེས་གཉིས་སུ་མི་རིགས་བསྲེས་ལྷད་དང་འབྲེལ་བའི་གནད་དོན་ཐོག་ཉམས་ཞིབ་བྱས་ཏེ་དུས་དེབ་ཅིག་འདོན་སྤེལ་བྱ་རྒྱུ་དང་། ལོ་རེར་བུད་མེད་ལྷན་ཚོགས་ཀྱི་ཤེས་ཡོན་དཔའ་མོའི་མཚན་ཐོག་ནས་སློབ་ཡོན་འབུལ་བཞིན་ཡོད་པ་ལྟར། འདི་ལོའི་ཤེས་ཡོན་དཔའ་མོའི་སློབ་ཡོན་དེ་བོད་ནང་གི་བུད་མེད་ཀྱི་ཤེས་ཡོན་ཡར་རྒྱས་ཆེད་གཏོང་རྒྱུ། ས་གནས་ཁག་ནང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུ་སོགས་གྲ་སྒྲིག་ཡོད་ཚུལ་ངོ་སྤྲོད་གནང་བྱུང་།
བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པར། གསུམ་བཅུའི་དུས་དྲན་དེ་རྒྱུན་ལྡན་གྱི་ལས་འགུལ་ཆུང་ཚགས་དང་མི་འདྲ་བར། ལོ་རྒྱུས་ཀྱི་ཉིན་མོ་ཞིག་ཆགས་ཡོད་སྟབས་སྲུང་གཙི་ཞུ་རྒྱུ་ཧ་ཅང་གལ་ཆེན་ཡིན་ཡང་། འཐབ་རྩོད་བྱེད་སྟངས་དང་དྲན་གསོ་ཞུ་ཕྱོགས་ཀྱང་དུས་ལ་དཔག་པའི་ལམ་སྟོན་གཞིར་བཞག་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་དང་། འདི་ལོའི་ཚོགས་པ་ཁག་མཉམ་རུབ་ཀྱི་དུས་དྲན་ཐད་སྔ་ཕྱི་ཚོགས་འདུ་ཐེངས་གཉིས་ཚོགས་ཏེ་འབོད་ཚིག་ཐད་གྲོས་བསྡུར་བྱས་ཡོད་པ་དང་། དགུ་བཅུ་གསུམ་གྱི་ཚོགས་གཙོ་གཞོན་དང་དྲུང་ཆེ་བཅས་འཛོམས་ཏེ། ཉེ་ཆར་༧གོང་ས་མཆོག་གིས་གནང་བའི་བཀའ་སློབ་དང་འབྲེལ་ནས། ཐེངས་འདིའི་དུས་དྲན་སྐབས་འབོད་ཚིག་རང་སྣང་གང་ཤར་བྱས་འགྲིག་གི་མེད་པའི་སྐོར་ལ་གྲོས་བསྡུར་བྱུང་ཡོད་སྐོར་བརྗོད་བྱུང་།
པ་སངས་ཚེ་རིང་ལགས་ཀྱིས་གསུམ་དུས་ཀྱི་འབོད་ཚིག་སྐོར་བརྗོད་དོན། “ སྤྱིར་བཏང་ཉི་མ་འདི་འདྲའི་གནད་འགག་གི་སྐབས་ལ་ཚང་མར་ཚོར་བ་ཡོད་པ་གཅིག་མཚུངས་ཡིན་རྒྱུ་རེད་དེ། ང་ཚོ་ཚོར་བ་གཅིག་པུའི་ཐོག་ནས་བསྡད་ན་ཕན་ལས་གནོད་ཚབ་ཆེ་བ་ཡོང་གི་རེད། ཚོགས་པ་ཁག་གིས་རང་རང་ས་ནས་འབོད་ཚིག་བཟོས་ཏེ། མཐའ་མར་ཡག་ཤོས་དེ་བདམས་རྒྱུ་བྱས་ཡོད་པ་རེད། བོད་རང་བཙན་ཡིན་ཟེར་བ་དང་། ནམ་རྒྱུན་རྒྱ་མིའི་གནད་ཡོད་དཔོན་རིགས་ལ་མཚན་སྨད་ཞུ་པ་སོགས་སྐབས་བསྟུན་གྱིས་མི་གནང་རྒྱུ་གལ་ཆེན་པོ་རེད། ཁ་ཤས་ཀྱིས་འབོད་ཚིག་དང་ལས་འགུལ་གྱི་རྣམ་པའི་ཐོག་ནས་ང་ཚོའི་ལངས་ཕྱོགས་དང་འགལ་ཟླ་འགྲོ་བའི་རྣམ་པ་ཐོན་པ་ཡིན་ན་མཉམ་ཞུགས་ཐུབ་ཐབས་མེད་ཚུལ་བརྗོད་བྱུང་། འཐབ་རྩོད་ཀྱི་ཐད་ནས་དབུ་མ་དང་རང་བཙན་གཉིས་ཀ་བོད་ཀྱི་འཐབ་རྩོད་ཡིན་ཡང་། བྱེད་སྟངས་ཀྱི་ཐོག་ནས་མང་པོ་ཞིག་ལོ་རྒྱུས་ཀྱི་རང་བཙན་དང་སྒེར་གྱི་ཚོར་སྣང་གི་རང་བཙན་གཉིས་བསྲེས་ཡོང་སྐབས། ལས་དོན་བསྒྲིགས་སྐབས་ཀྱང་དཀའ་ངལ་འཕྲད་ཀྱི་འདུག དེའི་རིགས་དེ་དབྱེ་བ་གསལ་བོ་འབྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།” ཅེས་བརྗོད་བྱུང་།
ད་ལོའི་ལས་འཆར་ཐད། ཕྱི་ཟླ་བདུན་པའི་ནང་༧གོང་ས་མཆོག་གིས་ལ་དྭགས་ནས་དུས་འཁོར་དབང་ཆེན་གསུང་འཆར་ཡོད་པའི་ཐོག གཏམ་བརྗོད་འཁྲབ་སྟོན་དང་པར་རིས་འགྲེམས་སྟོན་སོགས་གོ་སྒྲིག་ཞུ་འཆར་ཡོད་པ་དང་། དེའི་རྗེས་ཀ་རྡོར་སྒང་གསུམ་ཁུལ་དུ་གཏམ་བརྗོད་འཁྲབ་སྟོན་གནང་རྒྱུ། ཆབ་སྲིད་བཙོན་པ་ ༢༠ ལྷག་ལ་དྲི་བ་དྲིས་ལན་བརྒྱུད་མི་ཚེའི་ལོ་རྒྱུས་སྐོར་གྱི་འོད་སྡེར་སྒྲིག་བཟོ་བཅས་ཀྱི་འཆར་གཞི་ཡོད་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ས་གནས་ཚོཊ་གཙོ་རྡོ་རྗེ་ཚེ་བརྟན་ལགས་སུ་བཅར་འདྲི་ཞུས་པར། འདས་པའི་ལོ་མང་རིང་ངྷ་རམ་ས་ལའི་ཚོགས་པ་ཁག་མཉམ་རུབ་ཐོག་ལས་འགུལ་སྤེལ་ཡོད་པ་དང་། མ་འོངས་པར་ཡང་མུ་མཐུད་དུ་ལས་འགུལ་སྤེལ་དགོས་སྟབས། ཚོགས་པ་ཁག་གི་མཉམ་འབྲེལ་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ད་སྔ་གསར་འགོད་གསལ་བསྒྲགས་སོགས་ཀྱི་སྐབས་སུ་ཚོགས་པ་ཁག་གིས་ཚོགས་པའི་ལངས་ཕྱོགས་དང་འབྲེལ་བའི་བརྡ་ལན་སྤྲོད་སྟངས་ཐད་ཕན་ཚུན་བསམ་ཤེས་ཀྱི་ཐོག་ནས་འགྲོ་ཐུབ་ཡོད་སྐོར་སོགས་བརྗོད་བྱུང་།
རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྗོད་དོན། “ཉེ་ལམ་ཚོགས་པ་ཁག་གི་ཚོགས་འདུ་ཞིག་དང་འབྲེལ་ཏེ་འབོད་ཚིག་ཐོག་སྐད་ཆ་ཞིག་ལྷག་བསྡད་ཡོད་པ་རེད། སྤྱིར་བཏང་འབོད་ཚིག་ག་རེ་བསྒྲགས་མིན་དེ་དོན་དག་ཆེན་པོ་གང་ཡང་མ་རེད། ང་རང་གི་ངོས་ནས་མི་མང་གིས་འབོད་ཚིག་ག་རེ་བསྒྲགས་མིན་དེ་མི་མང་རང་གི་ལག་ཏུ་བཞག་ན་ཡག་གི་རེད་བསམ་གྱི་ཡོད། མི་མང་ལ་མཚོན་ན་སོ་སོའི་འབོད་ཚིག་སྒྲོག་པའི་གཏམ་བརྗོད་རང་དབང་ཡོད་པ་རེད། ཚོགས་པ་ཁག་གིས་སྡིངས་ཆ་ཞིག་བསྐྲུན་གྱི་ཡོད་པ་མ་གཏོགས། ང་ཚོས་མི་མང་སྐད་བཏང་སྟེ་ཡོང་བཞིན་པ་དེ་འདྲ་མ་རེད། ཉིན་གཅིག་གཉིས་ཀྱི་ལས་འགུལ་ལ་བརྟེན་ཏེ་འབོད་ཚིག་བསྒྱུར་དགོས་པ་དེ་འདྲ་བྱས་ན་ཡག་པོ་མི་འདུག་བསམ་སོང་།” ཞེས་བརྗོད་བྱུང་།
ད་ལོའི་ལས་འཆར་ཐད། བོད་རང་བཙན་སློབ་ཕྲུག་ཚོགས་པ་དེ་རྒྱལ་སྤྱིའི་ཚོགས་པ་ཆགས་ཡོད་སྟབས་བརྡ་འཕྲིན་བརྒྱུད་ལམ་ཐོག་བདུན་ཕྲག་རེ་རེ་བཞིན་ནང་ཁུལ་གོ་བསྡུར་དང་། ཕྱི་ལོགས་སུ་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་དང་། མ་འོངས་པར་ཡང་རྒྱལ་ཁབ་ཁག་གི་བློ་ཁ་མཐུན་པའི་གནད་ཡོད་མི་སྣ་དག་གི་ནུས་པ་མཉམ་སྤུངས་ཡོང་ཐབས་ལ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་སོ་སོའི་གཞུང་དང་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུའི་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ཨོ་སི་ཊོ་ལི་ཡར་ཚོགས་འཆར་ཡོད་པའི་རྒྱལ་ཁབ་ཉི་ཤུའི་ཚོགས་འདུར་བོད་དོན་ཞུ་གཏུག་སོགས་གྲ་སྒྲིག་བྱེད་བཞིན་ཡོད་སྐོར་ངོ་སྤྲོད་གནང་བྱུང་།
རྨེའུ་དཀོན་ལགས། འཁྲབ་ཀི་མ་འདུག ཁྱོད་ཀྱི་ཨ་ཕ་དྲིན་ཆེན་པོས་རྒྱ་ནག་ལ་རྒོལ་རྐྱེན་ནི་དགྲ་བོ་འདི་བ་ངོས་ལེན་མེད་ཕྱིར་ཡིན་པ་ལས། ཁྱེད་རང་རྡ་ས་ནས་འཁྲབ་སྟོན་དང་གོ་སྐབས་འཚོལ་ས་ཆེད་ཚོགས་པ་འདིར་ཐོབ་པ་མིན་པ་ཤེས་དགོས། མགོ་འདོག་རྒྱལ་ཚོང་བ་ཁྱེད་ཚོས་རྡ་ས་ནས་བོད་རང་བཙན་ཟེར་མི་ཆོག་དང་རྒྱ་མིའི་དཔོ་ན་ངན་ཚོར་མཚད་སྨོད་བྱས་མི་ཆོག་ཟེར་བའི་གཏམ་ངན་འདི་ནི་བཙན་བྱོལ་ལོ་རྒྱུས་ཀྱི་ཞབས་འདྲེན་རེད་ད། ཆབ་སྲིད་བཙོན་པ་ངོ་མ་ཚོའི་བླ་མ་བཙོངས་རོགས།
ཁོག་ཚེར་མ་ལ་ཁ་རུ་ཁ་ཐུག་གི་ལན་འདེབས།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་དང་གྲུབ་འབྲས་ཁག་ཧ་མི་གོ་ན་དྲ་ཚིགས་https://www.studentsforafreetibet.org/campaigns འདི་ལ་ལྟོས། གལ་ཏེ་དབྱིན་ཡིག་མི་ཤེས་ན་ང་ལ་གསུངས་དང་། ངས་ཁྱོད་ལ་བོད་བསྒྱུར་བྱས་ཆོག ཁོང་ཚོས་རྒྱབ་ལོགས་ན་ལས་འགུལ་མང་པོ་ཞིག་སྤེལ་གྱི་ཡོད་པ་རེད་ལ། གྲུབ་འབྲས་ག་ཚོད་ཅིག་སྨིན་གྱིན་ཡོད་པ་ཉི་མའི་འོད་ལག་པས་འགེབས་མི་ཐུབ་པའི་དཔེ་བཞིན་རེད། ངས་ལོ་ངོ་བཞི་ཙམ་གྱི་རིང་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་གི་ནང་ལས་ཀ་བྱས་མྱོང་ལ། བོད་རང་བཙན་སློབ་ཕྲུག་ཚོགས་པ་ནི་དེའི་ཁྲོད་ཀྱི་གཅིག་ཡིན། ཚོགས་པ་འདིས་གཞོན་སྐྱེས་ཚོར་འགོ་ཁྲིད་དང་འཚེ་མེད་ཞི་བའི་ལས་འགུལ་གྱི་སྦྱོང་བརྡར་སྤྲོད་གྱིན་འདུག་ལ། དེ་དག་གིས་བོད་ཀྱི་མི་རབས་གསར་བ་ཚོ་ལས་འགུལ་གྱི་ནང་འཛུལ་ཞུགས་ཙམ་མ་ཡིན་པར་སྣེ་ཁྲིད་ཀྱི་ནུས་པ་བསྐྱེད་བསྲིང་བྱེད་ཐུབ་ཀྱི་འདུག ཚོགས་པ་འདི་བཙུགས་ནས་ལོ་ངོ་བཅུ་ལྷག་ཙམ་མ་གཏོགས་འགོར་མེད་ཀྱང་། ཚོགས་པ་འདིའི་ནུས་པ་དང་གྲུབ་འབྲས་ནི་བློ་ཡུལ་ལས་འགོངས་པ་ཞིག་རེད་འདུག ཚོགས་པ་འདི་ད་ཆ་འཛམ་གླིང་གི་རྒྱལ་ཁབ་༣༥་ལྷག་གི་ནང་དུ་ཁྱབ་འདུག་ལ། ཚོགས་མི་༣༠༠༠༠་ལྷག་འདུག ཚོགས་པ་འདི་ད་དུང་རྒྱ་ཆེ་རུ་འགྲོ་བཞིན་ཡོད་ལ། བོད་དོན་འཐབ་རྩོད་ལ་སྔར་ལས་ལྷག་པའི་ནུས་པ་འདོན་ངེས་པ་ནི་སྨྲོས་མེད་ཡིན།
ཚོགས་པ་འདི་བསྐྱེད་བསྲིང་བྱེད་མཁན་བོད་ཀྱི་བུད་མེད་ན་གཞོན་ཞིག་ཡིན། ཁོ་མོའི་མིང་ལ་ལྷག་སྒྲོན་ཟེར། མོའི་ཨ་མ་དབྱིན་ཇི་ཡིན་སོང་བས། མིག་རྒྱང་ཐུང་ལ་ཕྲག་དོག་གིས་བཟིས་པའི་བོད་ཀྱི་ཚོགས་པ་འགའ་ཤས་ཀྱི་ལས་ཀྱི་སྣེ་མོ་བ་རེ་ཟུང་གིས་མི་ཤེས་ཤེས་མདོག་གིས་རིག་རུས་བཤད་ཁུལ་བྱས་ནས་མོ་རང་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཁག་གི་ནང་ནས་ཕྱིར་འབུད་གཏོང་རྩིས་བྱེད་ཀྱི་ཡོད། ཡིན་ཡང་མོའི་ནུས་པ་ལ་འགྲན་ནུས་པའི་བོད་ཀྱི་ན་གཞོན་ཞིག་ཞོག་ལབ་ན། ཡིད་སྐྱོ་བ་ཞིག་ལ། ང་ལ་མཛུབ་མོ་སྟོན་ས་གང་ཡང་མེད།
༡༽ རྩིས་ཕྲ་མི་འདུག་ཟེར་མཁན་གྱི་ཁོག་དུག་ཚེར་ཟེར་བ་འདིས་མིང་རྫུན་འདྲ་མིན་བེད་སྤྱོད་བྱས་ནས་བོད་ཡིག་དྲ་ཚིགས་མང་དག་ཅིག་ཏུ་ལོ་ངོ་ཁ་ཤས་སྔོན་ནས་བོད་རང་བཙན་སློབ་ཕྲུག་ལ་ཁུངས་མེད་སྐྱོན་འཛུགས་རྐྱང་རྐྱང་བྱེད་ཀྱིན་ཡོད་པའི་ཚོརསྣང་བྱུང་། རྩིས་ཕྲ་མི་མང་ལ་བསྟན་དགོས་ཟེར་བ་འདིར་རྒྱུ་མཚན་གང་ཡང་མི་འདུག དང་པོ་ཁྱེད་ཀྱིས་ཚོགས་པ་འདི་གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་ཚོགས་པ་ཞིག་མིན་ཚུལ་བརྗོད་བཞིན་དུ་རྩིས་ཕྲ་མི་མང་ལ་སྟོན་དགོས་ཟེར་བ་དེ་ངས་གཏན་ནས་མགོ་ཚོས་མ་སོང་། གལ་ཏེ་ཚོགས་པ་འདི་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་མིན་ན། མི་མང་ཟེར་བ་འདི་སུ་ལ་གོ་གི་ཡོད། དགོངས་དག གལ་ཏེ་བོད་ཀྱི་མི་མང་ལབ་ཀྱི་ཡོད་ཚེ། བོད་ལ་གཞུང་འབྲེལ་མི་ཡིན་པའི་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་༢༠༠་ལྷག་ཙམ་ཡོད། དེ་དག་གི་ཁྲོད་ནས་ཚོགས་པ་གང་ཞིག་གིས་ཁྱོད་ལ་རྩིས་ཕྲ་བསྟན་སོང་། ལན་ཐོབས།
ཁོང་ཚོར་རྩིས་ཕྲ་ཞིབ་མོ་ཡོད་ཡོད་པ་རེད། དང་པོ་ཁྱོད་ཀྱི་དོགས་པ་རྣམ་རྟོག་གཙང་བཟོ་བྱོས། ལྷག་པར་ཀླད་པའི་ནང་གི་གད་སྙིགས་གཙང་བཟོ་བྱས་རྗེས་ཞིབ་ཏུ་ཞིབ་འཇུག་བྱོས།
༢༽ “ ཚོགས་པ་འདིའི་རྒྱུན་ལས་ཚོགས་གཙོ་ཚོགས་གཞོན་རྣམས་སྲིད་དབང་སྒེར་གཅོད་བྱས་ཏེ་མི་ཚེ་གཅིག་ལ་བརྗེ་བོ་རྒྱག་ཡ་ཡོད་པ་མ་རེད་”ཟེར་བ་འདི་ཡང་ཉོག་གཏམ་རང་རེད། ཚོགས་པ་འདི་འགན་འཛིན་དང་རྒྱུན་ལས་ཁག་མི་སྒེར་གྱི་ཤེས་ཡོན་དང་འཇོན་ཐང་ལ་གཞིར་བཞག་ནས་འགན་འཛིན་ལྷན་ཚོགས་(Board Director)ཀྱིས་བསྐོ་བཞག་བྱེད་ཀྱི་ཡོད། ཁྱེད་ཀྱིས་མཐོང་བའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དེ་ལྷག་སྒྲོན་དང་བསྟན་རྡོར་གཉིས་ཡིན་རྒྱུ་རེད། ཁག་མེད། དེ་ཁྱོད་ཁྲོན་པའི་ནང་གི་སྦལ་བ་ཡིན་སོང་ནི་རེད། ཚོགས་གཙོ་དང་ཚོགས་གཞོན་ལས་འགན་འཛིན་ལྷན་ཚོགས་ལ་དབང་ཆ་ཆེ་བ་ཡོད། ཁོང་ཚོས་ལས་བྱེད་བསྐོ་བཞག་བྱེད་ཀྱི་ཡོད་ལ། འཇོན་ཐང་ཅན་གྱི་མི་བུ་གསར་བ་བསྐྱེད་བསྲིང་བྱས་ཚར་མཚམས། ཚོགས་གཙོ་ཚོགས་གཞོན་གསར་བ་བསྐོ་བཞག་བྱེད་ཀྱི་ཡོད། ལྷག་སྒྲོན་དང་བསྟན་རྡོར་གཉིས་ཀྱིས་ཚོགས་པ་ནས་དགོངས་པ་ཞུས་ཏེ་སོ་སོའི་ལས་ཀ་བྱེད་ཀྱི་ཡོད། རང་ལོ་༢༨་སོན་པའི་བསྟན་འཛིན་སྒྲོལ་དཀར་ལགས་ཉེ་ཆར་རང་གསར་དུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་སྤྱིའི་སྤྱི་ཁྱབ་ཚོགས་གཙོར་བསྐོ་བཞག་བྱས་ཡོད་པ་མ་ཡིན་ནམ།
༣༽ “ཚོགས་པའི་ས་གནས་ཁག་གི་འབྲེལ་མཐུད་ཀྱང་སྒེར་གཅོད་པ་ཁ་ཤས་ཀྱི་ཁ་འགྲོ་ས་རྐུབ་ལ་རྒྱུགས་མཁན་ཁག་ཅིག་འཇོག་གི་ཡོད་རེད་”ཟེར་བ་སྐྱག་རྫུན་རང་རེད། ངས་ས་གནས་འབྲེལ་མཐུད་པའི་ལས་ཀ་བྱས་མྱོང་། དེ་ནི་མི་སྒེར་གྱི་ཤེས་འཇོན་གཙོ་བོར་བཞག་ནས་འོས་འདེམས་བྱེད་ཀྱི་ཡོད་རེད། བསྟན་འཛིན་སྒྲོལ་དཀར་ལགས་སྤྱི་ཁྱབ་ཚོགས་གཙོར་ཆགས་པ་དེ་མི་གཅིག་གཉིས་ཞིག་གིས་འདོད་པ་ལྟར་ཡར་འཐེན་པ་དེ་མ་འདྲ། དེ་ཤེས་དགོས།
༤༽་རྩིས་ཕྲ་གསལ་བོ་གཅིག་ཀྱང་བྱུང་མེད་ཚུལ་གྱི་ཁུངས་ལུངས་དང་བདེན་དཔང་ཡོད་ཚེ། རེ་རེ་བཞིན་ལན་འདེབས་གནང་འདོད་ཀྱང་། ད་ལྟ་ཆུ་ནང་ལ་རྟུག་དྲི་གཏོང་བའི་འདོད་པ་གང་ཡང་མེད།
༥༽
“མཐའ་མ་དེར་བོད་དོན་རྒྱབ་སྐྱོར་པའི་ཁོངས་ནས་རྩིས་ཞིབ་དང་ལས་དོན་བྱེད་ཕྱོགས་མང་པོའི་རྐྱེན་གྱིས་རང་བཞིན་གྱིས་འབུད་དགོས་པ་ཆགས་ཟིན་པ་རེད། ” ཟེར་བ་དེ་ཡང་རྫུན་གཏམ་ཉག་གཅིག་རེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་ནི་བོད་པ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་༡༨༠་ལྷག་གི་མཉམ་རུབ་ཐོག་བཙུགས་རྒྱལ་སྤྱིའི་བོད་ཀྱི་འབྲེལ་མཐུད་ལས་ཁང་གི་ཁྱབ་ཁོངས་ཀྱི་ཚོགས་པ་གལ་ཆེ་ཤོས་ཤིག་ཡིན་ལ། འདས་ལོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སིད་སུར་འཚོགས་དུས། ཚོགས་པ་དེ་གཉིས་ཀྱིས་མཉམ་རུབ་ཐོག་ལས་འགུལ་སྤེལ་ཡོད་པ་དྲ་གནས་འདི་ན་གསལ།http://www.rfa.org/tibetan/exile/students-for-free-tibet-11152013170549.html
༦༽ “ཕ་རིན་སི་ཐའེ་ཝན་སོགས་ཀྱི་ལས་ཀ་བྱེད་མཁན་ཚོས་ལྷ་སྒྲོན་དང་བསྟན་རྡོར་སོགས་ལ་དེ་འདྲའི་གླ་ཆ་ཆེན་པོ་ཡོད་པ་ཤེས་ཀྱི་མེད། ཁོང་ཚོའི་གླ་ཆ་ནི་ང་ཚོའི་སྲིད་སྐྱོང་ལས་ལྡབ་ལྡབ་མང་པོའི་མཐོ་བོ་རེད། ” ཟེར་བའི་སྐད་ཆ་འདི་སྐྱག་སྐམ་ཟིག་ར་མི་ཤེས་པའི་གྲོང་གསེབ་པའི་སྐད་ཆ་རང་རེད། རྒྱ་གར་གྱི་གླ་ཆ་དང་ཨ་རིའི་གླ་ཆ་གཉིས་མཚུངས་བསྡུར་བྱེད་པའི་གླེན་ལྐུགས་ཀྱི་བྱ་སྤྱོད་འདིར་ངོ་མ་ཁོང་དགོད་ཤོར་གི དེ་ན་སྲིད་སྐྱོང་བློ་བཟང་སེང་གེ་སྲིད་སྐྱོང་ཆགས་ཉིན་་་ཁྱིམ་ཚང་གི་བུ་ལོན་་ཨ་སྒོར་$227,000 ཡོད་པ་ཆ་ཚང་ཕྱིར་སྤྲད་འདུག་་་་དེ་ལ་ཁྱོད་ཧང་ཨེ་སང་གི་ དེའི་སྐོར་དྲ་གནས་འདི་ལ་ལྟོས། http://www.asianage.com/ideas/new-tibetan-leader-threat-india-950
༧༽“རང་བཙན་སློབ་ཕྲུག་ཚོགས་པའི་ལྷ་སྒྲོན་དང་བསྟན་རྡོར་གླ་ཕོགས་ཧ་ལས་པའི་ཆེན་པོ་རེད། ས་གནས་འབྲེལ་མཐུད་པ་གོང་གི་ཕོ་གསར་དེ་ལའང་གླ་ཆ་ཆེན་པོ་རེད། འོན་ཀྱང་ཕྱི་རྒྱལ་བ་རྣམས་ཚང་མ་དང་བླངས་ཞེ་གཅིག་རེད། ” ཟེར་བ་འདི་ཡང་བདེན་པ་མ་རེད། སྲིད་སྐྱོང་ལ་གླ་ཕོགས་ཨ་སྒོར་༤༠༠་རེད་བྷི་བྷི་སི་གསར་ཁང་གི་གསར་འགྱུར་ནང་འཁོད་འདུག་་་་དྲ་གནས་འདིར་གསལ་ http://www.bbc.co.uk/news/world-us-canada-13188931 བསྟན་རྡོར་དང་ལྷག་སྒྲོན་གཉིས་ཨ་རི་ནང་ཡོད་པའི་རྒྱུ་མཚན་གྱིས་གླ་ཆ་དེ་ལས་མང་བ་བཤད་མ་དགོས་པ་ཞིག་རེད། ཡིན་ཡང་དེ་ཡང་ཧང་སངས་ན་རང་ཉིད་ལྐུགས་པ་ཡིན་པའི་རྟགས་རེད། གོང་གི་ཕོ་གསར་ཟེར་བ་དེ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ལ་གོ་ཡི་ཡོད། རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་ཁག་གི་གླ་ཆ་ཚོགས་པ་གཞན་དག་དང་གཅིག་མཚུངས་ཀྱི་༡༢༠༠༠་ནས་༡༨༠༠༠་དབར་རེད། དེ་བས་ཁྱེད་ཀྱི་སྐྱག་རྫུན་གྱི་རྐུབ་བརྡོལ་སོང་བ་རེད། ཕྱི་རྒྱལ་བ་ཚང་མ་དང་བླངས་རེད་ཟེར་བ་དེ་ཡང་མ་ཤེས་ཤེས་མདོག་གི་སྐད་ཆ་རང་རེད། ཕྱི་རྒྱལ་ཡིན་ཡང་ལས་བྱེད་མང་པོ་ཡོད་ལ། ཁོང་ཚོར་ཡང་གཅིག་མཚུངས་ཀྱི་གླ་ཆ་ཡོད། རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པར་རྒྱ་གར་བའི་ལས་བྱེད་ཡང་ཡོད་པ་རེད། ཁོང་ཚོརཡང་་དེ་བཞིན་གྱི་གླ་ཆ་ཡོད་པ་རེད།
༨༽ “དེང་སང་མཐོ་སློབ་ཐོན་པ་མང་པོ་ཞིག་ཚོགས་པ་འདིའི་གླ་ཆ་དང་ཕྱི་རྒྱལ་ཐར་ཐབས་ལ་ཧེབ་ལངས་ནས་འཛུལ་ཞུགས་བྱེད་ཀྱི་ཡོད་པ་རྒྱ་གར་ནང་གི་མཐོ་རིམ་སློབ་མ་ཚང་མས་ཤེས་གསལ་རེད། ”ཟེར་དུས་ཁོག་དུག་ཚེར་ཟེར་བ་འདི་མཐོ་སློབ་པ་ཞིག་ཡིན་པའི་བཟོ་འདྲ་བོ་ཞིག་འདུག ཡིན་ཡང་ང་རང་རྒྱ་གར་གྱི་མཐོ་སློབ་ནང་མཐར་ཕྱིན་ནས་ལོ་གཅིག་མ་གཏོགས་འགོར་མེད་པའི་གཞོན་སྐྱེས་ཞིག་ཡིན། ང་དང་ཤེས་འཇོན་ཅན་གྱི་གཞོན་སྐྱེས་མང་དག་ཅིག་གིས་ལེགས་ཉེས་བླང་དོར་ཕྱེས་པའི་སྒོ་ནས། ཚོགས་པ་འདིའི་ནང་དང་བླངས་ཀྱི་ལས་ཀ་བྱེད་མུས་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། ཚོགས་པ་འདི་ལ་འོད་སྟོང་འབར་བའི་རེ་བ་འདུག ཚོགས་པ་འདིར་ལས་ཀ་བྱས་ན་གླ་ཆ་ཆེན་པོ་མེད་ལ། ཕྱི་རྒྱལ་ལ་ཡང་འཐེན་གི་མ་རེད། དེ་ངས་ཁ་ཚོན་བཅད་ནས་བཤད་ཐུབ་ལ། ཡིད་མི་ཆེས་ན་དྲིས་དང་གསལ་བོ་ཤེས་ཀྱི་རེད།
༩༽ “ ཚོགས་པ་འདི་ནི་མི་ཁ་ཤས་སྒོར་མོ་དགའ་ནས་བཙུགས་པ་དང། ཡོང་ཁུངས་མ་གསལ་བའི་སྒྲོ་ལོར་མང་པའི་རྐྱེན་གྱིས་ལས་འགུལ་ཁ་ཤས་སྤེལ་ཡོད་ན་མ་གཏོགས། བོད་དོན་ཐད་དོན་ཕན་ལྡན་པའི་ཕན་ནུས་ཏིལ་འབྲུ་ཙམ་ཡང་བྱས་མེད་པ་ཚང་མས་ཤེས་དགོས་པ་རེད།” ཟེར་བ་འདི་ནི་མི་ཅོལ་ཆུང་གི་སྐད་ཆ་རང་རེད། ཚོགས་པ་འདིའི་གྲུབ་འབྲས་ཁག་རེ་རེ་བཞིན་ཞུ་ཚོད་མི་འདུག་པས། དྲ་ངོས་འདི་ནས་https://www.studentsforafreetibet.org/tib/?page_id=47་སྦྱོངས། ཡོངས་ཁུངས་མི་གསལ་བའི་སྒྲོ་ལོར་ཟེར་བ་དེ་ཕྲག་དོག་གི་སྐད་ཆ་རང་རེད། ཚོགས་པ་འདི་་བོད་ཀྱི་ཚོགས་པ་ཁག་གི་ནང་ནས་རང་ཁ་རང་གསོ་བྱེད་མཁན་དེ་ཡིན། ཚོགས་པ་འདིས་བོད་མི་ཚོའི་ལག་ནས་སློང་མོ་བརྒྱབ་ནས་སྒོར་མོ་ལྐོག་ཟ་བྱས་པའི་ལོ་རྒྱུས་གང་ཡང་མེད། དེ་གཙང་མ་ཞེ་དྲག་རེད། ཚོགས་པ་འདིས་གཉེར་བཞིན་པའི་བོད་པ་རང་གི་་ཚོང་ཟོག་བཙོང་བའི་ཡོངས་འབབ་ཀྱིས་ཚོགས་པའི་སྤྱིའི་ཡོང་འབབ་ཀྱི་༤༠% ལྷག་ཟིན་ཡོད། དེ་ཚང་མས་ཧ་གོ་དགོས། དེ་མ་གཏོགས་དོན་མེད་འཆལ་གཏམ་བཤད་ན་ཡག་པོ་མེད།
༡༠༽བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་ལས་འགུལ་འདྲ་མིན་རྩོམ་གྱིན་འདུག་ལ། ཚོགས་པ་འདི་འཛམ་གླིང་གི་རྒྱལ་ཁབ་༣༥་ལྷག་གི་ནང་དུ་ཡོད་པའི་་ལས་འགུལ་པ་དང་གཞོན་སྐྱེས་མི་སྣས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཁེ་མེད་ཚོགས་པ་ཞིག་རེད་ལ། ཚོགས་པ་འདིར་ཡན་ལག་༦༥༠་ཙམ་ཡོད་འདུག ཤེས་ཡོན་དང་། འཚེ་མེད་ཞི་བའི་ལས་འགུལ།གཞི་རིམ་གྱི་བཀོད་སྒྲིག་ལ་སོགས་པའི་སྦྱོང་བརྡར་ཁག་བརྒྱུད་ནས་བོད་མིའི་གཞི་རྩའི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་བྱེད་ཀྱིན་ཡོད་ལ།ང་ཚོའི་ལས་གཞི་ཁག་བརྒྱུད་ནས་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་སྦྱོང་བརྡར་སྤྲད་དེ་ཁོང་ཚོས་མ་འོངས་པར་འཛམ་གླིང་ནང་གི་དྲང་བདེན་གྱི་འཐབ་རྩོད་དང་ལས་འགུལ་ཁག་གི་ཁྲོད་དུ་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཚོགས་པ་འདིའི་དམིགས་ཡུལ་རེད་འདུག
བོད་མིའི་སྒེར་ལངས་ཐེངས་ ༥༥ སུམ་བཅུའི་དུས་དྲན་གྱི་འབོད་ཚིག
ཐོབ་ཐང་དགོས། ཐོབ་ཐང་དགོས།
འགྲོ་བ་མི་ཡི་ཐོབ་ཐང་དགོས།
སྲུང་སྐྱོབ་དགོས། སྲུང་སྐྱོབ་དགོས།
བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས།
རང་དབང་དགོས། རང་དབང་དགོས།
ང་ཚོ་བོད་ལ་རང་དབང་དགོས།
༸གོང་ས་མཆོག ༸གོང་ས་མཆོག
བོད་ལ་མགྱོགས་པོར་ཕེབས་འཇུག་དགོས།
འདྲ་མཉམ་དགོས། འདྲ་མཉམ་དགོས།
སྨྲ་བརྗོད་རང་དབང་འདྲ་མཉམ་དགོས།
མཉམ་སྤྱོད་དགོས། མཉམ་སྤྱོད་དགོས།
སྐད་ཡིག་མཉམ་སྤྱོད་གཅིག་མཚུངས་དགོས།
གློད་གྲོལ་དགོས། གློད་གྲོལ་དགོས།
ཆབ་སྲིད་བཙོན་པ་གློད་གྲོལ་དགོས།
བསྐྱར་ཞིབ་དགོས། བསྐྱར་ཞིབ་དགོས།
རང་ལུས་མེར་སྲེག་བསྐྱར་ཞིབ་དགོས།
འགོ་འཛུགས་དགོས། འགོ་འཛུགས་དགོས།
བོད་རྒྱ་ཞི་མོལ་འགོ་འཛུགས་དགོས།
མཚམས་འཇོག་དགོས། མཚམས་འཇོག་དགོས།
གདུག་རྩུབ་སྲིད་བྱུས་མཚམས་འཇོག་དགོས།
བོད་ཀྱི་དགུ་བཅུ་གསུམ་འདི་ནི་རྒྱ་དམར་ཚང་ལ་བཀའ་དང་ལེན་བྱེད་མཁན་ཞིག་ཆགས་ཚར་འདུག ཚོགས་པ་འདིས་ཁ་ནས་བོད
རང་བཙན་ཟེར་མི་ཆོག་དང་རྒྱ་དམར་འགོ་ཁྲིད་ཚོར་མཚད་སྨོད་མ་བྱས་ཟེར་བའི་གཏམ་འདྲ་ཐོན་པ་ནི་བཙན་བྱོལ་ལོ་རྒྱུས་ནང་ཚོགས་པ་ཞིག་གི་མང་ཚོགས་ལ་བཤད་པ་ཐེངས་གཉིས་པ་རེད། དང་བོ་དེ་དོལ་རྒྱལ་ཚོགས་པ་རེད། གཉིས་པ་དེ་དགུ་བཅུ་གསུམ་ཚོགས་པ་རེད། ད་ཚོགས་པ་འདིའི་ཁོག་ལ་སུ་འཛུལ་ཡོད་པ་དེ་གསལ་བོ་ཆགས་སོང་།
གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདི་སྐྱོབ་གསོ་ཞུ་མཁན་རྐྱང་རྐྱང་ཡིན་སྟབས། རང་རང་གི་རྒྱུན་ལས་ཚོགས་མི་དཀའ་ངལ་ཅན་ཚོའི་ལྟོ་གོས་འགྲིག་གི་ཡོད་ན་ད་དོན་དག་འགྲུབ་སོང་བ་རེད། སྐད་འབོད་རེ་ཁྲོམ་སྐོར་རེ་བྱེད་ན་ཐང། ད་དུང་བསྒྲགས་གཏམ་རེ་སྤེལ། མར་མེ་ཁྲོམ་སྐོར་རེ། ཟབ་སྦྱོང་རེ་ཚོགས། དེ་དག་གི་ལས་བསྡོམས་ཕྱི་རྒྱལ་ལ་བཏང། སྒྲོ་ལོར་འགའ་སློང་མོ་རྒྱབ། ཚུར་རྒྱ་གར་སྒོར་མོར་བསྒྱུར། དེ་བགོ་བཤའ་རྒྱབ། མི་མང་གི་མདུན་དུ་གྱོན་གོས་གཙང་མ་རེ་གོན། དེ་ལྟར་བསྐོར་བ་རྒྱབ་ནས་ངྷ་ན་བཞུགས་ཡོད་སྟབས་ང་འདི་ཚོས་ཅིག་བྱེད་ཀྱི་རེད་ལབ་ན་གད་མོ་རྐུབ་ནས་ཤོར་གི འདི་ཚོས་ལས་འགུལ་སྤེལ་གྱི་རེད་ལབ་དུས་ང་ངོ་ཚ་གི་འདུག
ད་ལྟ་བོད་མི་ཡོངས་ཀྱིས་ཆིག་སྒྲིལ་གནང་རྒྱུའི་དུས་ཚོད་ཅིག་ཡིན་པ་ལས། ཕན་ཚུན་དགོས་མེད་གླེང་གཞི་སྣ་ཚོགས་བཟོས་ནས་ཕུ་འཁྲུག་མདའ་འཁྲུག་བྱེད་པའི་སྐབས་མ་ཡིན། སྤྱིར་ནས་ད་ལྟ་བར་བོད་མི་རིགས་བསྟན་སྲིད་དང་བཅས་པའི་སྟེང་ལ་ལས་འགུལ་བོད་མིའི་སྒྲིག་འཛུགས་ལས་རླབས་ཆེ་བ་གནང་ཐུབ་མཁན་བྱུང་མེད་ལ་འབྱུང་འགྱུར་ཡང་དེ་ལྟར་ཡོང་མི་སྲིད་དོ།
ལྗང་གཞོན་ད་ཁྱེད་ཞལ་བཙུམས་ནས་བཞུགས་རོགས། རང་ཚུགས་ཟེར་པ་དེ་བདེན་པ་དང་རྒྱུ་མཚན་གྱི་ཕྱོགས་སུ་གནས་དགོས་པ་རེད་མ་གཏོགས། གཡམ་རྒྱུགས་དང་སེམས་ཚོར་གྱི་ཕྱོགས་སུ་ག་འདྲ་ཞིག་གནས་ཐུབ་ཀི་རེད་དམ། མ་གཞི་ནས་ཚོགས་པ་འདི་ཚོས་སྐད་འབོད་རྒྱག་རྒྱུ་ཙམ་ལས་ཅི་གང་མི་འཇོན་པ་དེ་གསལ་བོ་རེད། སྐད་འབོད་རྒྱབ་ནས་ག་རེ་ཕན་གི་རེད། རང་ལ་གཏན་ཚུགས་ལྡན་པའི་རང་ཚུགས་དང་མི་རིགས་སྐྱོབ་པའི་ནུས་པ་མེད་ན་ཨག་སྐད་རྒྱབ་ནས་ག་ལ་ཕན་གི་རེད། མགོ་མི་འཚོས་ན་ཁ་ཚུམས་ནས་བཞུགས་རོགས།།
བོད་མི་ཚོས་ཤེས་དགོས་པ་ཞིག་ལ། བོད་ཀྱི་འཐབ་རྩོད་ནི་གཞུང་དང་སྒྲིག་འཛུགས་བྱེ་བྲག་པ་ཞིག་དང་། དེའི་སྒང་ནས་ཞལ་མར་ལོག་མཁན་དབུ་ཁྲིད་ཚོའི་ཆེད་དུ་མ་ཡིན་པར་འཐབ་རྩོད་བྱེད་མཁན་གྱི་ཡུལ་དང་དེའི་མི་མང་གི་མངོན་འདོད་ཡིན་དགོས།
ལྷག་པར་དུ་དམངས་གཙོའི་སྥྱི་ཚོགས་ནང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དག་ནི། གཞུང་གི་ཨབ་ཕྲུག་ཅིག་ཆགས་རྒྱུ་དེ་མིན་པར་སྒེར་ཚུགས་བརྟན་པའི་ཐོག སྒུལ་ཤུགས་ཅན་དང་རེ་ལྟོས་བྱ་ཡུལ་གྱི་ཚོགས་སྡེ་ཞིག་ཡིན་དགོས།
ཡང་གོང་གི་ཚོགས་པ་ཁག་གིས་ཐེངས་འདིའི་གསུམ་བཅུའི་དུས་དྲན་ཉིན་ལས་འགུལ་སྥེན་དགོས་མིན་དང་འབོད་ཚིག་གང་འདྲ་སྒྲོག་ཆོག་དང་མི་ཆོག་གི་སྐད་ཆའི་ཡོམ་ཞིག་རྒྱག་བཞིན་འདུག འདི་ནི་ཚོགས་སྡེ་དག་གིས་འཆར་གཞི་ལྡན་པ་དང་འཐབ་ཇུས་རང་བཞིན་ཞིག་ལས་བྱུང་པ་ཞིག་མིན་པར། ཉེ་ཆར་༧གོང་ས་མཆོག་གིས་བཙན་བྱོལ་ནང་རྒྱ་ནག་གི་དཔོན་རིགས་ཚོར་ཕོག་ཐུག་འགྲོ་བའི་ལས་འགུལ་རིགས་སྥེལ་རུང་མིན་དོགས་སློང་གནང་པ་ལ་བརྟེན་ནས་བྱུང་པ་རེད། ༧ གོང་ས་མཆོག་རླབས་ཆེན་པོ་དང་བཀའ་དྲིན་ཆེན་པོ་ཡིན་པ་རྩོད་མེད་རེད། འོན ཀྱང་། ཚོགས་སྡེ་འདི་དག་བཀའ་སློབ་གཅིག་གི་འོག་རང་ཚུགས་ཤོར་བའི་ཡོམ་རྒྱག་སྟངས་འདིས་སོ་སོར་ལངས་ཕྱོགས་བརྟན་པོ་མེད་པ་དང་འཐབ་ཇུས་ཀྱིས་སྟོང་པ། འཆར་གཞི་མེད་པ་ཞིག་ཕྱིར་མངོན་པ་ལས། ༧ གོང་ས་མཆོག་ནི་བོད་མི་ཞིག་ཡིན་པའི་ངོས་ནས་དོགས་སློང་གནང་པར་འགལ་སྐྱོན་མེད།
ད་དུང་དྲ་གྲོགས་ཤིག་གིས་བོད་ལ་ཤ་ཚ་ཡོད་པའི་རྒྱ་རིགས་ཚོར་ཕོག་ཐུག་ཟེར་བ་དེ་འདྲ་ཁ་ནས་ཇི་ལྟར་ཐོན་པ་རེད། འོ་ན་བོད་མིར་ཕོག་ཐུག་འགྲོ་ངེས་ཡིན་པ་དེར་ཅིའི་ཕྱིར་བསམ་བློ་གཏོང་གི་མེད་པ་རེད།
བོད་ཀྱི་བུ་ཡི་སྐད་ཆ་དུམ་བུ་དང་པོ་འདི་བདེན་པ་རེད།
བཙན་བྱོལ་ན་དམར་ཤོག་ཚོགས་པ་ཞིག་ཡོད་པ་ནི་རང་དབང་སློབ་ཕྲུག་ཚོགས་པ་ཟེར་བ་འདི་རེད། འདི་ཚོ་རྩིས་ཕྲ་གསལ་བོ་མེད་པ་མ་ཟད། རང་གི་འདོད་མོས་བཞིན་ཕྱོགས་གཏོགས་རྐྱང་མ་གཏོགས་མང་གཙོའི་ལམ་སྲོལ་མེད་པ་རེད། འདི་ཚོས་བོད་དོན་ནི་སྐྱིད་པོ་གཏོང་སྟེ་འགྲུབ་ཀི་རེད་བསམ་ཡོད།
བཙན་བྱོལ་ན་དམར་ཤོག་ཚོགས་པ་ཞིག་ཡོད་པ་ནི་རང་དབང་སློབ་ཕྲུག་ཚོགས་པ་ཟེར་བ་འདི་རེད། འདི་ཚོ་རྩིས་ཕྲ་གསལ་བོ་མེད་པ་མ་ཟད། རང་གི་འདོད་མོས་བཞིན་ཕྱོགས་གཏོགས་རྐྱང་མ་གཏོགས་མང་གཙོའི་ལམ་སྲོལ་མེད་པ་རེད། འདི་ཚོས་བོད་དོན་ནི་སྐྱིད་པོ་གཏོང་སྟེ་འགྲུབ་ཀི་རེད་བསམ་ཡོད།
བོད་ཀྱི་ཆབ་སྲིད་བཙོན་པ་ཡོད་ཚད་ཀྱི་ངོ་གདོང་ཐང་ལ་གཡུག་པ་དང་ལོ་རྒྱུས་ཀྱི་བདེན་པ་གད་སྙིགས་ལ་འཕངས་མཁན་གྱི་དགུ་བཅུ་གསུམ་ཚང་གི་ཚོགས་གཙོ་འདིས་བཤད་སྟངས་ནི་དགྲ་བོ་ལས་ཀྱང་མཐུ་འདུག བོད་རང་བཙན་མིན་ཞེས་པ་བཤད་ཕོད་པ་ནི་ཁྱེད་རང་ཡ་མཚན་རེད། ངོ་མ་ཚོགས་པ་འདི་ལ་ཡི་ཐང་ཆད་སོང་།
ད་དུང་ཕྱི་རྒྱ་གཉིས་ཀྱི་གླ་ཆ་མཚུངས་བསྡུར་བྱེད་པ་ནི་ཅི་ཡང་མི་ཤེས་པ་རང་ཚང་ཕྱི་རོལ་དུ་མངོན་སོང་བ་རེད།
གཞུང་གི་ལས་འགུལ་ག་དུས་སྤེལ་གྱི་ཡོད་པ་རེད། ལས་འགུལ་མང་ཆེ་བ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་སྤེལ་དང་སྤེལ་བཞིན་པ་རེད་དྲན་ཡོད། གཞུང་གི་ལས་འགུལ་ནི་ཞལ་འདོན་དགུ་སྐྱོར་དང་བྱས་བྱས་བྱུག་བྱུག་གིས་གཏམ་བཤད་རྫིག་པོས་མི་ཚེ་བསྐྱལ་ནས་བསྡད་པ་མ་རེད་པས། ད་དུང་གཞུང་འཛིན་གྱི་མི་སྣ་དེ་ཚོ་དྲི་ཞིམ་སྤོས་ཀྱི་ལྡིང་ཁང་ན་ལྷ་སྐུའི་ཁྲོད་དུ་ལྷ་སྐུ་གསོན་པོ་ཡིན་མདོག་བྱེད་པ་དང་། གངས་སྐྱིད་ཀྱི་དཀྱིལ་འཁོར་གྱི་ཡང་སྟེང་དུ་འགྱིངས་བ་ལས་སྲང་ལམ་དུ་ཐོན་ནས་མི་དམངས་རང་བཞིན་གྱི་ལས་འགུལ་ལ་མཉམ་ཞུགས་བྱེད་པའི་ལམ་ལུགས་མེད་ལ། དེ་ལས་ལྡོག་ཏེས་དམང་གཙོ་དང་སྨྲ་བརྗོད་རང་དབང་གི་ཁ་གཡང་བསྒྲོགས་པ་ཙམ་ལས་དོན་ངོ་མར་མི་དམངས་ཀྱི་སྐད་འབོད་ཚུན་ལ་སྟངས་འཛིན་ནན་མོས་རྒྱ་ལ་ཕོག་ཐུག་གཏོང་མི་ཆོག་ཚུལ་འདི་དབུ་མའི་སྲིད་གཞུང་གི་ལས་དོན་ཡོད་ན་མེད་ན་གཅིག་རེད། ཡང་གཅིག་མིན་ན་དམངས་གཙོ་ཡར་བསྡུ་གསོག་བརྒྱབ་བཞག་ནས་ཡག་ཤོས་རེད། གུང་གཅིག་བསྡུས་རིང་ལུགས་ལག་བསྟར་བྱས་ན་ཡག་ཤོས་རེད། ལབ་གླེང་ཉུང་གི་རེད། ཁོག་ཚེར་མ། གོ་ཨེ་ཐལ།
གཞུང་གི་ལས་འགུལ་གཞུང་གི་ལངས་ཕྱོགས་དང་མཐུན་པར་འགྲོ་དགོས་པ་རེད། གཞུང་གི་ལངས་ཕྱོགས་དང་མཐུན་པའི་ལས་འགུལ་སྤེལ་འདོད་མེད་ན། ལས་འགུལ་དེའི་ནང་མ་ཞུགས་ན་རང་དབང་རེད། མི་གཅིག་གཉིས་ཤིག་ཡོང་ནས་བསམ་གཟས་ནས་གཞུང་གི་ལངས་ཕྱོགས་དང་མི་མཐུན་པའི་སྐད་བརྒྱབས་ཏེ་སྐད་འབོད་རང་དབང་ཡིན་ཟེར་པ་ནི། ཅོལ་ཆུང་དང་གཏོར་བཤིག་གཏོང་མཁན་ཚོའི་བྱེད་སྟངས་རང་རེད།
རང་བཙན་སློབ་ཕྲུག་ཚོགས་པ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་མ་རེད། བོད་དོན་རྒྱབ་སྐྱོར་ཚོགས་པ་ཞིག་དང་དེ་ཡང་གཙོ་བོ་མཐོ་རིམ་སློབ་མ་ཚོར་དམིགས་ནས་ཨ་རིའི་གཞུང་ལ་རོགས་སྐྱོར་ཞུས་ནས་བཙུགས་པ་ཞིག་རེད། ཡིན་ནའང། ཚོགས་པ་འདི་སྒེར་གཅོད་རུལ་སུངས་ཅན་གྱི་ཚོགས་པ་ཞིག་ཆགས་དང་ཆགས་བཞིན་པ་རེད། གང་ཡིན་ཟེར་ན།
༡ ཚོགས་པ་འདི་ལ་རྩིས་ཕྲ་དང་རྩིས་ཞིབ་མི་མང་ལ་བསྟན་རྒྱུ་ཡོད་པ་རེད།
༢ ཚོགས་པ་འདིའི་རྒྱུན་ལས་ཚོགས་གཙོ་ཚོགས་གཞོན་རྣམས་སྲིད་དབང་སྒེར་གཅོད་བྱས་ཏེ་མི་ཚེ་གཅིག་ལ་བརྗེ་བོ་རྒྱག་ཡ་ཡོད་པ་མ་རེད།
༣ ཚོགས་པའི་ས་གནས་ཁག་གི་འབྲེལ་མཐུད་ཀྱང་སྒེར་གཅོད་པ་ཁ་ཤས་ཀྱི་ཁ་འགྲོ་ས་རྐུབ་ལ་རྒྱུགས་མཁན་ཁག་ཅིག་འཇོག་གི་ཡོད་པ་རེད།
༤ ཚོགས་པ་འདིའི་རྩིས་ཕྲ་ད་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གསལ་བོ་གཅིག་ཀྱང་བྱུང་མེད་པ་དང། ཕྱི་རྒྱལ་མགོ་སེར་མང་པོ་ཞིག་གིས་ཚོགས་པ་འདིའི་འགྲོ་སོང་ཐད་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་བཀའ་ཤག་ལ་ཡི་གེ་མང་པོ་བཏང་ཡོད་པ་རེད།
༥ བཀའ་ཤག་དང་ཨ་རི་དོན་གཅོད་སོགས་ནས་ཚོགས་པ་འདིའི་ལས་དོན་བྱེད་ཕྱོགས་ལ་འབྲེལ་བ་མེད་ཅེས་ལན་གནང་ཡོད་པ་རེད།
༦ མཐའ་མ་དེར་བོད་དོན་རྒྱབ་སྐྱོར་པའི་ཁོངས་ནས་རྩིས་ཞིབ་དང་ལས་དོན་བྱེད་ཕྱོགས་མང་པོའི་རྐྱེན་གྱིས་རང་བཞིན་གྱིས་འབུད་དགོས་པ་ཆགས་ཟིན་པ་རེད།
༧ གནས་ཚུལ་འདི་རྣམས་མགོ་སེར་ཁ་ཤས་དང་བཙན་བྱོལ་ནང་གི་དཔོན་རིགས་ཁ་ཤས་ཀྱིས་མ་གཏོགས་ཤེས་ཀྱི་མེད་སྟབས། རང་བཙན་སློབ་ཕྲུག་ཚོགས་པ་ལ་དགའ་བོ་བྱེད་ཀྱི་ཡོད་པ་རེད།
༨ རང་བཙན་སློབ་ཕྲུག་ཚོགས་པའི་ལྷ་སྒྲོན་དང་བསྟན་རྡོར་གླ་ཕོགས་ཧ་ལས་པའི་ཆེན་པོ་རེད། ས་གནས་འབྲེལ་མཐུད་པ་གོང་གི་ཕོ་གསར་དེ་ལའང་གླ་ཆ་ཆེན་པོ་རེད། འོན་ཀྱང་ཕྱི་རྒྱལ་བ་རྣམས་ཚང་མ་དང་བླངས་ཞེ་གཅིག་རེད། ཕ་རིན་སི་ཐའེ་ཝན་སོགས་ཀྱི་ལས་ཀ་བྱེད་མཁན་ཚོས་ལྷ་སྒྲོན་དང་བསྟན་རྡོར་སོགས་ལ་དེ་འདྲའི་གླ་ཆ་ཆེན་པོ་ཡོད་པ་ཤེས་ཀྱི་མེད། ཁོང་ཚོའི་གླ་ཆ་ནི་ང་ཚོའི་སྲིད་སྐྱོང་ལས་ལྡབ་ལྡབ་མང་པོའི་མཐོ་བོ་རེད།
༡༠ དེང་སང་མཐོ་སློབ་ཐོན་པ་མང་པོ་ཞིག་ཚོགས་པ་འདིའི་གླ་ཆ་དང་ཕྱི་རྒྱལ་ཐར་ཐབས་ལ་ཧེབ་ལངས་ནས་འཛུལ་ཞུགས་བྱེད་ཀྱི་ཡོད་པ་རྒྱ་གར་ནང་གི་མཐོ་རིམ་སློབ་མ་ཚང་མས་ཤེས་གསལ་རེད།
༡༡ སོང་ཙང། ཚོགས་པ་འདི་ནི་མི་ཁ་ཤས་སྒོར་མོ་དགའ་ནས་བཙུགས་པ་དང། ཡོང་ཁུངས་མ་གསལ་བའི་སྒྲོ་ལོར་མང་པའི་རྐྱེན་གྱིས་ལས་འགུལ་ཁ་ཤས་སྤེལ་ཡོད་ན་མ་གཏོགས། བོད་དོན་ཐད་དོན་ཕན་ལྡན་པའི་ཕན་ནུས་ཏིལ་འབྲུ་ཙམ་ཡང་བྱས་མེད་པ་ཚང་མས་ཤེས་དགོས་པ་རེད།།
ཆབ་སྲིད་ལས་འགུལ་སྤེལ་དུས་ལངས་ཕྱོགས་མ་མཐུན་ན་མཉམ་རུབ་གནང་སྟངས་ཤིག་ད་བར་འཛམ་གླིང་ནང་བྱུང་ཡོད་པ་མ་རེད། བཙན་བྱོལ་བོད་མིའི་ཚོགས་པ་ཁུངས་འཁྱོལ་ལ་མ་འཁྱོལ་ལ་འདི་ཚོའི་བྱེད་ལུགས་བྱེད་སྟངས་འདི་འདྲ་ཡིན་སྟབས། རྒྱ་ནག་གཞུང་གད་མོ་ཤོར་གི་ཡོད་པ་རེད།
མ་གཞི་ནས་གསུམ་བཅུའི་དུས་དྲན་ཟེར་ན་ཅི་རེད། འདིའི་གོ་དོན་ཞིག་ཞོག་དང། དེ་ཡང་གསལ་བོ་ཞིག་འགྲེལ་བཤད་གནང་ཤེས་ཀྱི་མེད་པ་འདྲ།
ངའི་གསུམ་བཅུའི་དུས་དྲན་གྱི་འབོད་ཚིག་འདི་ཡིན།
” རྒྱལ་བ་ཡིད་བཞིན་ནོར་བུ། སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ”
” བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕར་རྒྱུག ”
ཱ” བོད་ནང་གི་བོད་མིར་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་དགོས། ”
” འཛམ་བུ་གླིང་དྲང་བདེན་ལ་དགའ་ན། བོད་མི་ཚོར་རྒྱབ་རོགས་བྱོས། ”
” རྒྱ་གར་གཞུང་དམངས་བཀའ་དྲིན་ཆེ། ད་དུང་བོད་མིར་སྐྱིད་སྡུག་མཉམ་མྱོང་བྱོས། ”
” བོད་རིགས་སྤུན་ཟླ་མཐུན་སྒྲིལ་བྱོས། རྡོག་རྩ་གཅིག་གིས་འཐབ་རྩོད་བྱོས། “
བོད་རང་བཙན་ཡིན་ཟེར་མི་ཆོག་ཟེར་་་་་ཡིན་ཟེར་མི་ཆོག་ན་མིན་ཟེར་དགོས་པ་རེད་དམ། དབུ་མའི་ལམ་པ་ཞིག་བྱེད་ནའང་བོད་རང་བཙན་ཡིན་ཟེར་བ་འདི་ལ་གནད་འགག་ཡོད་ཀྱི་མ་རེད།
སློབ་ཕྲུག་ཚོགས་པའི་ས་གནས་ཚོགས་གཙོ་འདིས་ད་རེས་ཡག་པོ་བཤད་འདུག
དེ་ནས་ཁྱོད་ཚོས་འབོད་ཚིག་གཅིག་གྱུར་བྱས་ནས་རྒྱུན་ལས་བདུན་བརྒྱད་རེ་ཡོད་པ་ཚོར་ཀློག་གི་ཆུགས། ང་ཚོས་ཁ་ལ་གང་བདེ་བྱས་ནས་རང་རང་གང་དུ་ཡོད་པའི་ས་ནས་འགྲོ་གི་རེད།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ས་གནས་ཀྱི་ཚོགས་གཙོས་གསུངས་པའི་སྐད་ཆ་ལ་མོས་མཐུན་མེད། ང་ཚོས་ངེས་པར་དུ་འབོད་ཚིག་གང་སྒྲོག་མིན་ཐད་སྟངས་འཛིན་ངེས་དུ་དགོས་ཡོད། གལ་ཏེ་སྟངས་འཛིན་གཏན་འབེབས་མེད་ན། ལས་འགུལ་ལ་སྣེ་ཁྲིད་དགོས་པ་རྒྱུ་མཚན་མེད།
ཚང་མས་གཟབ་གཟབ་གནང་རོགས། དེ་ཉིན་ རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷག་པར་རང་རེར་ཁ་ཞེ་གཉིས་མེད་ཅན་གྱི་རྒྱ་རིགས་གྲོགས་པོ་རྒྱབ་སྐྱོར་གནང་མཁན་ཚོའི་སེམས་ལ་དོ་ཕོག་མི་འགྲོ་བ་ཞིག་དགོས་གལ་ཆེ་ཡིན།
ཁྱེད་ཚོགས་པ་དག་གི་བྱ་བ་ལམ་འགྲོ་ཡོང་བ་ཤོག ཁ་ལས་རླུང་རྟ་དར་བར་ཤོག
ད་རེས་བོད་རྒྱལ་ཡོང་མང་གཙོ་ཚོགས་པ་མེད་དོན་ཅི་ཡིན་ནམ། སྔོན་མ་རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔ་མཉམ་རུབ་ཡིན།
བོད་ཀྱི་གཞོན་ནུ་ཚོགས་པ་དང་། བོད་ཀྱི་བོད་མེད་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་རེད།