མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚ་བ་གཞིས་བྱེས་གཉིས་ནས་བརྟན་བཞུཊ་ཕུལ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ་ཚ་བ་གཞིས་བྱེས་གཉིས་ནས་བརྟན་བཞུགས་བསྟར་འབུལ་ཞུས་བ་དང་འབྲེལ། ༧གོང་ས་མཆོག་གིས་བླ་སློབ་གཉིས་ཀྱི་ངོས་ནས་བསོད་ནམས་བསག་ཐུབ་ན་བརྟན་བཞུགས་ཀྱི་ནུས་པ་འཐོན་ཐུབ་སྐོར་བཀའ་སློབ་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཙམ་ལ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། ༧གོང་ས་མཆོག་དབུ་བཞུགས་ཐོག་བོད་ཚེས་ ༡༥ ཉིན་གྱི་མཆོད་འབུལ་སྨོན་ལམ་ཆེན་མོ་ཚོགས་སོང་བ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། དེ་བཞིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་གི་གཙོས་སྤྱི་འཐུས་རྣམ་པ་དང་སྲི་ཞུ་ལས་བྱེད། གཞན་ཡང་། དྷ་ས་ཁུལ་གྱི་སློབ་ཕྲུག་དང་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠༠ ཙམ་འདུ་འཛོམས་གནང་འདུག

གསུང་ཆོས་ཀྱི་ཐོག་མར་ཁམས་ཚ་བ་གཞིས་བྱེས་གཉིས་ཐུན་མོང་གིས། ༧གོང་ས་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་ཞིང་ཐུགས་བཞེད་མ་ལུས་ལྷུན་གྱིས་འགྲུབ་པའི་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༧གོང་ས་མཆོག་གིས་བརྟན་བཞུགས་དང་འབྲེལ་བའི་བཀའ་སློབ་གནང་དོན། “དེ་རིང་ཚ་བའི་ལུང་པ་ཁག་ཁ་ཤས་ནས་བརྟན་བཞུགས་འབུལ་ཆེད་འདིར་འཛོམས་བསྡད་ཡོད་པ་རེད། ལུས་པོ་འདིར་འཛོམས་མེད་ནའང་ལྷག་བསམ་དང་དད་པ། འདུན་པ་རྩེ་གཅིག་ཏུ་གནས་པའི་ཐོག་ནས་བཞུགས་ལུས་རྒྱ་ཆེ་མི་མང་གིས་འདིར་བློ་གཏད་ནས་བསྡད་ཡོད་པ་རེད། བརྟན་བཞུགས་ཕུལ་བའི་ནུས་པ་ཐོན་པར་ང་རང་ཚོ་ཚང་མས་བསོད་ནམས་བསག་དགོས་པ་རེད། བླ་མའི་ངོས་ནས་བསོད་ནམས་བསག སློབ་མའི་ངོས་ནས་ཀྱང་བསོད་ནམས་བསག་པ་ཡིན་ན། བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ་ཅེས་གསུངས་པ་ལྟར། བསོད་ནམས་ལྡན་པའི་མི་ཡིས་བསམ་དོན་འགྲུབ་ཀྱི་རེད་ལ། ཕྱི་ནང་གི་བར་ཆད་ཀྱིས་མི་གནོད་པ་ཞིག་ཡོང་གི་རེད། དེའི་ཕྱིར་བསོད་ནམས་བསག་པའི་ཐབས་ལམ་ཡག་ཤོས་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དེ་རེད། ”ཅེས་གསུངས་སོང་།

སྐྱེས་རབས་སོ་བཞི་བའི་གསུང་ཆོས་དབུ་འཛུགས་གནང་སྐབས། ༧གོང་ས་མཆོག་གང་ཉིད་ཀྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྟངས་ཐད། “ ནང་པ་སངས་རྒྱས་པའི་སྐྱབས་གནས་གསུམ་ནི་སངས་རྒྱས་དང་ཆོས། དགེ་འདུན་གསུམ་རེད། དེ་དག་ལས་ཀྱང་སྐྱབས་གནས་དངོས་དེ་སངས་རྒྱས་དང་དགེ་འདུན་གཉིས་མིན་པར་ཆོས་དཀོན་མཆོག་ཡིན་པ་རེད། སངས་རྒྱས་ཆོས་དེ་སྟོན་མཁན་གྱི་སྟོན་པ་ཡིན་པའི་ཆ་ནས་སྐྱབས་སུ་བཞག་པ་རེད། དགེ་འདུན་དེ་དང་པོ་འགོག་ལམ་ནས་བཟུང་ཆོས་དཀོན་མཆོག་ལ་བརྟེན་ནས་རིམ་གྱིས་རྟོགས་པ་མཐོ་རུ་སོང་བ་ཞིག་ཡིན་སྟབས། བསླུ་བ་མེད་པའི་སྐྱབས་གནས་ཀྱི་ཟླ་གྲོགས་ཆགས་པ་རེད། སངས་རྒྱས་སྐྱབས་སྟོན་པ་པོ་དང་ཆོས་སྐྱབས་དངོས། དགེ་འདུན་སྐྱབས་བསྒྲུབ་པའི་ཟླ་གྲོགས་ཞེས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་སྟངས་ཀྱི་ཆ་ནས་དེ་འདྲ་བྱས་ནས་འགྲོ་དགོས་པ་རེད། ”ཅེས་བཀའ་སློབ་ལམ་སྟོན་གནང་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ ཐོག་བོད་ཀྱི་ཟློས་གར་ཚོགས་ཁང་དུ། ཚ་བ་གཞིས་བྱེས་གཉིས་ནས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་དབུས་དྲུང་གཞོན་ཡན་གྱི་སྲིད་ཞུ་བ་ཚོར་གླུ་གར་གཟིགས་འབུལ་དང་དགོང་ཟས་གསོལ་སྟོན་ཞིག་གོ་སྒྲིག་གནང་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese