མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་མི་དམངས་ཀྱིས་རྒྱ་ནག་གི་མན་ཌི་ལྭར་སྒུག་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཆོས་ལྡན་འབུམ།

ལྷོ་ཨ་ཧྥུ་རི་ཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་སྐྱོང་ཟུར་བ་མན་ཌི་ལྭ་(༡༩༡༨–༢༠༡༣)མཆོག་གིས་མི་དཀར་གྱི་སྲིད་དབང་སྒེར་གཅོད་འོག ལོ་ ༢༧ རིང་ལ་བཙོན་ཁང་གི་འཚོ་བ་(༡༩༦༢–༡༩༨༩)མི་རོལ་ཐབས་མེད་དུ་གྱུར་ཡོད་པ་དང་། བཙོན་གྲོལ་ཐོབ་རྗེས་ཡང་བསྐྱར་མི་དཀར་མ་ཡིན་པའི་རིགས་རྒྱུད་ཀྱི་རང་དབང་བརྩོན་ལེན་བྱེད་ཆེད་ “རིགས་རྒྱུད་དབྱེ་འབྱེད་སྲིད་ཇུས” ཀྱི་ངོ་རྒོལ་ལས་འགུལ་ལ་སྣེ་ཁྲིད་བྱས། དེའི་མཇུག་འབྲས་ལ་ ༡༩༩༤ ལོར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འོག་སྲིད་ཇུས་དེ་མེད་པར་བཟོ་ཐུབ་ཡོད་ལ། རང་ཉིད་རྒྱལ་ཁབ་དེའི་ལོ་རྒྱུས་སྟེང་ཐོག་མར་མི་རིགས་ཚང་མ་མཉམ་ཞུགས་ཀྱིས་འདེམས་ཐོན་བྱུང་བའི་སྲིད་སྐྱོང་བར་ཆགས་ཡོད།

རིགས་རྒྱུད་དབྱེ་འབྱེད་སྲིད་ཇུས་ཞེས་བ་ནི། ལྷོ་ཨ་ཧྥུ་རི་ཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དཀར་སྲིད་དབང་གིས་བཟོས་པའི་མི་རིགས་དབྱེ་འབྱེད་སྲིད་ཇུས་ལ་ཟེར་ཞིང་། ༡༩༤༨ ལོར་ཁྲིམས་ཐོག་ནས་ལག་བསྟར་བྱས་ཡོད། མི་དཀར་ཞེས་པ་ནི། གཙོ་བོ་དུས་རབས་ ༡༧ ནས་བཟུང་ཧྭོ་ལན་ཌི་དང་དབྱིན་ཇི་ནས་ཡོང་བའི་མི་ལ་ཟེར་ཞིང་། ཁོང་ཚོ་རིམ་བཞིན་རྒྱལ་ཁབ་དེའི་དབང་བསྒྱུར་བྱེད་མཁན་གྱི་གྲལ་རིམ་དུ་གྱུར་ཡོད། མི་དཀར་མ་ཡིན་པའི་རིགས་རྒྱུད་ཅེས་པ་ནི། རྒྱལ་ཁབ་དེའི་གདོལ་མའི་མི་རིགས་ཏེ་སང་རིགས་དང་ཁོ་ཡེ་རིགས། བྷན་ཚུ་རིགས་སོགས་ཀྱིས་གྲུབ་པའི་མིི་ནག་དང་། རྒྱ་གར་དང་མ་ལད་ཞི་ཡ་སོགས་ཨེ་ཤ་ཡ་གླིང་ནས་ཁྲིད་ཡོང་བའི་བྲན་གཡོག་རྣམས་ཀྱི་རིགས་རྒྱུད་ལ་སྟོན་གྱིན་ཡོད། དེའི་ནང་དུ་མི་ནག་གིས་སྤྱིའི་མི་གྲངས་ཀྱི་བརྒྱ་ཆ་ ༨༠ ཙམ་དང་། མི་དཀར་ཀྱིས་བརྒྱ་ཆ་ ༡༦ ཙམ་མ་གཏོགས་ཟིན་མེད།

དེ་ལྟར་གྲངས་ཉུང་མི་དཀར་གྱིས་གྲངས་མང་མི་དཀར་མིན་པའི་རིགས་རྒྱུད་ལ་བཟོས་བའི་རིགས་རྒྱུད་དབྱེ་འབྱེད་སྲིད་ཇུས་དེ་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ་སོགས་སྤྱི་ཚོགས་ཀྱི་སྡེ་ཚན་མང་པོ་ཞིག་གི་ནང་དུ་ཁྲིམས་ཐོག་ནས་ལམ་ལུགས་ཅན་ལ་བསྒྱུར་ཡོད། དཔེར་ན། “འདེམས་ཤོག་འཕེན་མཁན་གྱི་དབྱེ་བ་འབྱེད་པའི་ཁྲིམས” ཞེས་པས་མི་ནག་སོགས་མི་དཀར་མ་ཡིན་པའི་རིགས་རྒྱུད་ཀྱི་སྲིད་ཞུགས་ཐོབ་ཐང་མེད་པར་བཟོས་ཡོད་པ་དང་། “འདུས་སྡོད་ས་ཁུལ་གྱི་ཁྲིམས” ཞེས་པས་ལྷོ་ཨ་ཧྥུ་རི་ཀའི་ས་ཁུལ་གྱི་བརྒྱ་ཆ་ ༧ ཙམ་མི་དཀར་ལ་སྤྲད་དེ་མི་ནག་རྣམས་མི་དཀར་གྱི་ས་ཁོངས་སུ་འགྲོ་འདུག་སྤྱོད་གསུམ་བྱས་མི་ཆོག་པར་བཟོས་ཡོད་པ་དང་། “བྷན་ཚུ་སློབ་གསོའི་ཁྲིམས” ཞེས་པས་མི་ནག་གི་སློབ་གསོའི་འགྲོ་སོང་ཉུང་དུ་བཏང་སྟེ་མི་ནག་གི་ཡོན་ཏན་པ་སྐྱེད་སྲིང་བྱེད་མི་ཐུབ་པར་བཟོས་ཡོད། ད་དུང་ངོ་རྒོལ་བ་དྲག་གནོན་བྱེད་ཆེད། “གཏོར་བརླག་བྱ་འགུལ་བཀག་སྡོམ་བྱེད་པའི་ཁྲིམས” ཞེས་པ་ཞིག་གཏན་འབེབས་བྱས་ཏེ་མི་ནག་མང་པོ་ཞིག་གི་ཚེ་སྲོག་ཕྲོགས་ཡོད།

ད་ལྟའི་རྒྱ་ནག་གཞུང་གིས་ཀྱང་དེ་དང་ངོ་བོ་མཐུན་པའི་སྲིད་ཇུས་ཤིག་ལག་བསྟར་བྱེད་བཞིན་ཡོད། “ཁྱིམ་ཐོ་ལམ་ལུགས” དང་ “འཆར་ལྡན་བུ་སྐྱེས་ལམ་ལུགས” དང་། “མི་རིགས་སྲིད་ཇུས” སོགས་ནི་དེའི་དཔེ་མཚོན་ཙམ་ཞིག་ཡིན།

ཁྱིམ་ཐོ་ལམ་ལུགས་ནི། ༡༩༥༧ ལོ་ནས་བཟུང་ལག་བསྟར་བྱས་ཡོད་པ་དང་། དེས་རྒྱ་ནག་མི་དམངས་ཀྱི་ཐོབ་ཐང་དེ་ “ གྲོང་ཁྱེར་ཁྱིམ་ཐོ” དང་ “ཞིང་སྡེ་ཁྱིམ་ཐོ” ཞེས་རིགས་གཉིས་སུ་བགར་ཡོད། འོན་ཀྱང་། ཞིང་སྡེ་ཁྱིམ་ཐོ་འཛིན་མཁན་ལ་ཆབ་སྲིད་དང་དཔལ་འབྱོར། རིག་གནས། སློབ་གསོ། འཕྲོད་བསྟེན་སོགས་གང་ཅིའི་ཐད་ནས་ཀྱང་གྲོང་ཁྱེར་ཁྱིམ་ཐོ་འཛིན་མཁན་དང་འདྲ་མཉམ་གྱི་ཐོབ་ཐང་སྤྲད་མེད། དེ་བས། དཔེར་ན། ཞིང་སྡེ་ཁྱིམ་ཐོ་འཛིན་མཁན་ཡིན་ན། སློབ་གྲྭ་ཡག་ཤོས་ནང་དུ་འགྲོ་དཀའ་བ་དང་ལས་ཀ་རག་དཀའ་བ་སོགས་དཀའ་ངལ་འཕར་མ་ཞིག་ལ་གདོང་ལེན་མི་བྱེད་ཐབས་མེད་དུ་གྱུར་ཡོད་པ་མ་ཟད། རང་གི་ས་ཞིང་དང་ཁྱིམ་ཚང་ཕར་ཞོག ཐ་ན་རང་གི་ཚེ་སྲོག་གི་བདག་དབང་ཡང་གཞུང་གིས་སྒེར་གཅོད་བྱས་ཡོད།

འཆར་ལྡན་བུ་སྐྱེས་ལམ་ལུགས་ནི། མི་གྲངས་ཀྱི་འཕེལ་ཁ་འགོག་ཆེད་ ༡༩༧༩ ལོ་ནས་བཟུང་ལག་བསྟར་བྱས་ཡོད། རྩ་དོན་ལྟར་ན། རྒྱ་མི་རིགས་ཡིན་ན་གྲོང་ཁྱེར་གྱི་བཟའ་ཟླས་བྱིས་པ་གཅིག་དང་། ཞིང་སྡེའི་བཟའ་ཟླས་བྱིས་པ་གཉིས་བར། གྲངས་ཉུང་མི་རིགས་ཡིན་ན་དམིགས་བསལ་གྱིས་གྲོང་ཁྱེར་གྱི་བཟའ་ཟླས་བྱིས་པ་གཉིས་བར་དང་ཞིང་སྡེའི་བཟའ་ཟླས་བྱིས་པ་གསུམ་བར་དུ་བཙས་ཆོག འོན་ཀྱང་། དོན་གྱིས་བོད་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ས་ཁུལ་ལ་གནས་སྤོར་བྱས་ཡོད་པའི་རྒྱ་མི་རིགས་ཀྱིས་གྲངས་ཉུང་མི་རིགས་དང་གཅིག་མཚུངས་ཀྱི་སྲིད་ཇུས་ལོངས་སྤྱོད་བྱེད་བཞིན་ཡོད།

དེ་ལས་ཀྱང་ཚབས་ཆེ་བ་ནི། “སྐྱེས་སྒོ་གཅོད་པ” དང་ “མངལ་ནས་འདོན་པ” དེ་ཡིན། སྐྱེས་སྒོ་གཅོད་ཡུལ་ནི་བྱིས་པ་གསུམ་བར་དུ་བཙས་ཡོད་པའི་སྐྱེས་མ་རྣམས་ཡིན་ལ། ངོས་ལེན་མ་བྱས་ན་བཙན་གྱིས་གཤག་བཅོས་བྱེད་བཞིན་ཡོད། མངལ་ནས་འདོན་པ་དེ་གཙོ་བོ་ཁྲིམས་འགལ་བས་ལག་བསྟར་བྱེད་བཞིན་ཡོད་མོད། འོན་ཀྱང་། རྒྱ་ནག་ན་ཟླ་དགུ་འགོར་ཡོད་པའི་ཕྲུ་གུ་ཡང་མངལ་ནས་འདོན་བཞིན་ཡོད་ཟེར། གང་ལྟར་ཀྱང་ལྷག་པར་དུ་གྲངས་ཉུང་མི་རིགས་ལ་མཚོན་ན། འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་དེ་ནི་ “རིགས་རྒྱུད་རྩ་མེད” དུ་གཏོང་བའི་ལམ་ལུགས་ཤིག་ལ་ཆགས་ཡོད།

མི་རིགས་སྲིད་ཇུས་དང་འབྲེལ་བའི་སྐོར་ལ། རྒྱ་ནག་གཞུང་གི་དཔོན་རིགས་ཚོའི་ཁ་བཤད་དོན་ལ་མི་གནས་པའི་གནད་དོན་ཚབས་ཆེ། དཔེར་ན། བོད་དོན་ཐད་ལ་རྒྱ་ནག་གཞུང་གིས་རྒྱུན་དུ་ “བོད་མི་རིགས་ཀྱིས་རང་སྐྱོང་གི་ཐོབ་ཐང་ལོངས་སྤྱོད་བྱེད་བཞིན་ཡོད” ཅེས་གླེང་གི་ཡོད། རྒྱ་ནག་གི་རྩ་ཁྲིམས་ཀྱིས་ཀྱང་དེ་ཁག་ཐེག་བྱས་ཡོད། འོན་ཀྱང་། དོན་དངོས་སུ་བོད་སོགས་གྲངས་ཉུང་མི་རིགས་ལ་རང་ཉིད་ཀྱི་དབུ་ཁྲིད་རང་ཉིད་ཀྱིས་འདེམས་ཆོག་པའི་ཐོབ་ཐང་སྤྲད་མེད་ལ། ཉམས་རྒུད་དུ་འགྲོ་བཞིན་པའི་རིག་གནས་དང་སྐད་ཡིག་སོགས་སྲུང་སྐྱོབ་བྱས་ཀྱང་དེ་ཉེས་ཅན་ཞིག་ལ་ཆགས་ཡོད། དེ་ལྟ་བུའི་དངོས་ཡོད་གནས་ཚུལ་དེ་བོད་མི་ཞིག་གིས་གཤམ་གསལ་ལྟར་དྲ་ཐོག་ལ་བཏང་ཡོད།

ཕུ་ནུ་ནང་དུ་མཐུན་སྒྲིལ་བྱས་ན་རྒོལ་ལན་སྤྲོད་པའི་གྲྭ་སྒྲིག་ཟེར།།

རང་གི་རིག་གནས་རྒྱུན་འཛིན་བྱེད་པ་རྣམ་པ་བསྒྱུར་བའི་ཁ་བྲལ་ཟེར།།

སྐྱེ་དངོས་ཁོར་ཡུག་སྲུང་སྐྱོབ་བྱེད་པ་གཞུང་གི་ཁྲིམས་དང་འགལ་བས་ཟེར།།

ང་ནི་རང་གི་ཕ་ཡུལ་འདི་ནས་ཉིན་ལ་བུད་པའི་འུག་པ་གཅིག།

གོང་གསལ་ལྟར་ད་ལྟའི་རྒྱ་ནག་སྤྱི་ཚོགས་ཁྲོད་ཀྱི་དཔོན་འབངས་བར་གྱི་འབྲེལ་བ་དང་། ཡང་ན། སྲིད་གཞུང་དང་བོད་སོགས་གྲངས་ཉུང་མི་རིགས་བར་གྱི་འབྲེལ་བ་ནི་ལྷོ་ཨ་ཧྥུ་རི་ཀའི་རིགས་རྒྱུད་དབྱེ་འབྱེད་སྲིད་ཇུས་ཀྱིས་བཟོས་པའི་ “མི་དཀར” དང་ “མི་ནག” བར་གྱི་འབྲེལ་བ་དང་ཧ་ཅང་འདྲ། དེ་འདྲའི་འདྲ་མཉམ་མིན་པའི་སྤྱི་ཚོགས་ཀྱི་ཆགས་སྟངས་དེ་དུས་ནམ་ཞིག་ལ་མེད་པར་ཆགས་སྲིད་དམ། རྒྱ་ནག་གི་མི་དམངས་ཀྱིས་ཀྱང་དུས་ཚོད་སྐར་ཆ་གཅིག་ཡིན་ཡང་སྔ་ས་ནས་རྒྱ་ནག་གི་མན་ཌི་ལྭ་ཕེབས་པར་རེ་སྒུག་བྱས་ཏེ་བསྡད་ཡོད་པར་འདོད།

སྤྱི་ལུགས་ ༢༠༡༤ ལོའི་ཟླ་ ༣ པའི་ཚེས་ ༡༠ ཉིན། ཉི་ཧོང་ནས།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

༢༠༢༦/༠༢/༠༧
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 2

  1. འབྲོག་ཕྲུག་བྷེ་ལོ། says:
    ལོ་ 12 སྔོན།

    གྲོགས་ཆོས་ལྡན་ལགས་ཀྱིས་དཔྱོད་བསྡུར་ལེགས་པོ་གནང་འདུག་པར་ཡི་རངས་ཞུ། འདིར་ཁྱོད་ལ་རང་ཉིད་ཀྱི་བསམ་ཚུལ་ཙམ་ཞིག་ཞུ་འདོད་བྱུང་བས་ཁྱོད་ཀྱིས་ཞིབ་དཔྱད་ཡོང་བར་རེ་འདུན་ཟབ།
    ང་ཚོས་ལོ་རྒྱུས་དང་མིག་སྔའི་དངོས་འབྱུང་གནས་བབ་ལ་འགན་འཁུར་བའི་སྒོ་ནས་རྟག་ཏུ་གུང་ཁྲན་ཏང་སྲིད་གཞུང་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་དབར་དབྱེ་བ་གསལ་བོར་འབྱེད་དགོས་ལ། དེ་བཞིན་ད་ལྟའི་དུས་འདིར་རྒྱ་ནག་རྒྱལ་ཁབ་དང་རྒྱ་ནག་མི་དམངས་གཉིས་ཀྱི་བར་དེ་བས་ཀྱང་རང་བཞིན་གྱིས་དབྱེ་བ་གསལ་པོར་འབྱེད་གལ་མཐོང་། གནད་དོན་འདིའི་ཐོག་ཁྱོད་ཀྱིས་དམིགས་བསལ་གཟིགས་ཕྱོགས་འདྲ་ཡོད་ན་གསུངས་རོགས།

    Reply
  2. ཆོས་ལྡན་འབུམ། says:
    ལོ་ 12 སྔོན།

    དགོངས་དག ༼ལྷོ་ཨ་ཧྥུ་རི་ཀའི་ས་ཁུལ་གྱི་བརྒྱ་ཆའི་༧་ཙམ་༽ཞེས་པ་དེ་༼བརྒྱ་ཆའི་༨༧་༽ལ་ངོས་འཛིན་བྱེད་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese