༄༅། །དཔལ་ལྡན་དགའ་ལྡན་ཕོ་བྲང་གི་མཐུན་འགྱུར་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གིས་ལོ་ལྟར་རྒྱ་གར་མཐོ་སློབ་ཁག་ཏུ་སློབ་སྦྱོང་གནང་བཞིན་པའི་རང་རིགས་སློབ་མ་ཚོའི་ཆེད་དུ། གུང་སེང་ཟླ་གཅིག་རིང་ལ་བོད་ཡིག་རྨང་གཞི་ཡར་རྒྱས་གཏོང་སླད་འཛིན་གྲྭ་ཞིག་འཚོགས་བཞིན་ཡོད་པ་ལྟར། འདི་ལོ་ ༢༠༡༤ ཟླ་ ༥ པའི་ཚེས་ ༡༠ ནས་ཕྱི་ཟླ་ ༦ པའི་ཚེས་ ༡༠ བར་སློབ་མ་འཚོགས་གཏན་འཁེལ་བས། གཤམ་གསལ་ཆ་རྐྱེན་ཚང་བའི་ཐོག་འདི་ག་མཐོ་སློབ་ཀྱི་ཡིག་ཚང་དུ་སྙན་ཞུ་ཕུལ་ན། ང་ཚོས་སྙན་ཞུ་སྔ་རྗེས་ཀྱི་ཨང་རིམ་བཞིན་སློབ་མ་གྲངས་ ༥༠ བསྡུ་རྒྱུ་ཡིན་པས་ལྷན་རྒྱས་ནས་དགོངས་འཇགས་ཞུ།
གལ་ཆེའི་ཐུགས་སྣང་།
གོང་གི་དུས་ཡུན་ཟླ་གཅིག་རིང་སློབ་སྦྱོང་བྱེད་ཁོམ་མེད་རིགས་སྙན་ཞུའི་ནང་འཛུལ་ཞུགས་མི་ཆོག་པས་ཡིད་འཇགས་ཞུ། སློབ་ཚན། བོད་ཀྱི་བརྡ་སྤྲོད། རྒྱལ་རབས་དང་ཆོས་འབྱུང་། རྒྱུན་སྤྱོད་ཡིག་རིགས་ནང་ཆོས།
ཆ་རྐྱེན།
༡༽ རང་གི་ལོ་རྒྱུས་དང་སྙན་ཞུ།
༢༽ མཐོ་སློབ་ཁོངས་སོ་སོའི་ངོ་སྤྲོད་ལག་འཁྱེར་ངོ་བཤུས།
༣༽ ཕྱེད་པར་གཅིག
༤༽ རང་ཉིད་གང་དུ་སྡོད་སའི་ཁ་བྱང་དང་ཁ་པར་ཨང་། དེ་བཞིན་གློག་འཕྲིན་ཁ་བྱང་ཁ་གསལ་གཤམ་གསལ་ཁ་བྱང་ཐོག་འབྲེལ་གནང་ཡོད་པ་མཁྱེན།
Secretary College for Higher Tibetan Studies,
Sarah V.P.O. Sarah, Dharamsala,
Distt Kangra-176215
Himachal Pradesh
Email: chts.sarah@gmail.com Mob: 9857815161
ས་རཱ་བོད་ཀྱི་མཐོ་སློབ་ཡིག་ཚང་ནས་ ༢༠༡༤ ཕྱི་ཟླ་ ༣ ཚེས ༢༡ ཉིན།