མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་ཤལ་ཨོ་བྷ་མར་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐུ་ཟླར་བོད་ནང་བོད་སྐད་ཡིག་སྦྱོང་སྦྱོད་སྤེལ་གསུམ་གྱི་ཐོབ་ཐང་ཡོད་མེད་ཐོག་ཐུཊ་སྣང་གནང་རྒྱུའི་འབོད་སྐུལ་གནང་འདུག

ཟླ་འདིའི་ཚེས་ ༢༠ ཉིན་ནས་བདུན་ཕྲག་གཅིག་ཙམ་རིང་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སྐུ་ཟླ་མེ་ཤལ་ཨོ་བྷ་མ་ (Michelle Obama) མཆོག་དང་ནང་མི་སྐུ་འཁོར་ལྷན་རྒྱས་རྒྱ་ནག་ཏུ་ཕེབས་ཏེ་སྲིད་འཛིན་ཞི་ཅིན་ཕིན་གྱི་བཟའ་ཟླ་ཕིན་ལེ་ཡོན་ (Peng Liyuan) དང་མཇལ་འཕྲད་གནང་བ་དང་། སི་ཁྲོན་ཁྲིན་ཏུའུ་གཙོས་གྲོང་ཁྱེར་ཁག་ཅིག་ནང་ཕྲུག་གུའི་ཤེས་ཡོན་སློབ་གསོའི་ལམ་ལུགས་ཐད་རྟོག་ཞིབ་གནང་འཆར་ཡོད་སྟབས། ཝ་ཤིན་ཊོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་མེ་ཤལ་ཨོ་བྷ་མར་བོད་ནང་གི་བོད་མི་ཚོར་མི་རིགས་རང་གི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐོབ་ཐང་ཡོད་མེད་ཐོག་ཐུགས་སྣང་གནང་དགོས་པའི་ཞུ་ཡིག་ཅིག་ཕུལ་ཡོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མེ་ཐེའུ་མེ་གྷལ་ཆི་ལགས་ཀྱི་མཚན་ཐོག་ནས་ཕུལ་བའི་ཞུ་ཡིག་ནང་། ལྕམ་སྐུ་མཆོག་གིས་ཤེས་ཡོན་སློབ་གསོའི་ཐད་དམིགས་བསལ་ཐུགས་འཁུར་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་འབོད་སྐུལ་ཞུ་རྒྱུ་ཞིག་ལ། སྐུ་ཉིད་གཟིགས་སྐོར་ཕེབས་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནང་སྐད་ཡིག་གཉིས་སྦྱོད་མཁན་ལ་འཕྲད་པའི་དཀའ་ངལ་ཐད་ཐུགས་སྣང་གནང་དགོས་པ་དང་། ལྷག་པར་གཞི་རིམ་དང་འབྲིང་རིམ་སློབ་གྲྭ་ཁག་ནང་དཀའ་ངལ་གང་འདྲ་འཕྲད་ཀྱི་ཡོད་མེད་དང་། སི་ཁྲོན་ཞིང་ཆེན་ཁོངས་གཏོགས་ཀྱི་ས་ཁུལ་ཁག་ནང་གནས་སྡོད་བྱེད་མཁན་གྱི་བོད་པའི་སློབ་ཕྲུག་ཚོར་རང་མི་རིགས་ཀྱི་སྐད་ཡིག་དང་རྒྱ་ཡིག་གཉིས་ཀ་སྦྱོང་རྒྱུའི་ཐོབ་ཐང་ཡོད་མེད། མི་རིགས་རང་གི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱ་རྒྱུའི་མཐུན་རྐྱེན་ཡོད་མེད་ཐད་རྟོག་ཞིབ་ནན་པོ་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་སྐོར་བཀོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། མེ་ཤལ་ཨོ་བྷ་མ་རྒྱ་ནག་གི་གནད་ཡོད་མི་སྣར་ཐུག་འཕྲད་གནང་སྟེ་གནད་འགག་ཅན་གྱི་གནད་དོན་ལ་གོ་བསྡུར་སྦྱང་བཤད་གང་ཡང་གནང་འཆར་མེད་ཀྱང་། ཁོ་མོ་བོད་པའི་ཟ་ཁང་ཞིག་ཏུ་ཕེབས་འཆར་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་སྟབས། ཨ་རིའི་གཞུང་གིས་བོད་མིའི་གནས་སྟངས་ཐད་སེམས་འཚབ་ཡོད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་སྐོར་བརྗོད་འདུག

མེ་ཤལ་ཨོ་བྷ་མ་སྐུ་འཁོར་ལྷན་རྒྱས་ཟླ་འདིའི་ཚེས་ ༢༠ ནས་ ༢༣ བར་པེ་ཅིན་དང་། དེའི་རྗེས་ཞི་ནན་གྲོང་ཁྱེར་དུ་ཉིན་གཅིག་བཞུགས་རྒྱུ་ཡིན་པ་དང་། ཚེས་ ༢༥ ནས་ ༢༦ ཉིན་གཉིས་རིང་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་གཟིགས་སྐོར་རྟོག་ཞིབ་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 2

  1. འབྲུག་སྨྱོན། says:
    ལོ་ 12 སྔོན།

    ནོར་བཅོས་
    མིག་གིས་མ་མཐོང་པར།

    Reply
  2. འབྲུག་སྨྱོན། says:
    ལོ་ 12 སྔོན།

    ཁོ་མོ་བོད་པའི་ཟ་ཁང་ཞིག་ཏུ་ཕེབས་འཆར་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་སྟབས། ཨ་རིའི་གཞུང་གིས་བོད་མིའི་གནས་སྟངས་ཐད་སེམས་འཚབ་ཡོད་པའི་རྣམ་འགྱུར་བསྟན་པ་ཞིག་ཡིན་སྐོར་བརྗོད་འདུག་པར་དགའ་ཚོར་ཆེ། འོན་ཀྱང་དེ་སྔོན་གོ་ཐོས་ལ་དཔལ་ལྡན་ ཆོས་རིག་བཀའ་ཟུར་ཚེ་རིང་ཕུན་ཚོགས་མཆོག་འབྲུག་ཏུ་བསྐྱོད་ནས་བོད་པ་འབྲུག་མི་ཁོངས་སུ་ཡོད་པའི་ཟ་ཁང་ཞིག་ཏུ་གུང་ཚིགས་ལ་ཕེབས་ནས་མཐར་འབྲུག་ཏུ་ཡོད་པའི་བོད་མིའི་གནས་བབ་ཡག་པོ་ཡོད་རབ་གསུངས་འདུག དེ་ཙམ་དུ་མ་ཟད་ཨམ་ར་ཝ་ཏུ་དུས་འཁོར་དབང་ཆེན་སྐབས་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་གིས་༼ད་ལྟའི་དུས་འབྲུག་ཡུལ་ནང་བོད་མིའི་གཞིས་ཆགས་མིང་ཙམ་མ་གཏོགས་བོད་མི་གནས་སྡོད་བྱེད་མཁན་མེད་༽ ཟེར་ནས་དངོས་ཡོད་གནས་ཚུལ་མིག་གིས་མཐོང་པར་གཏམ་བཤད་འདི་ལྟར་སྤེལ། རྒྱ་གར་ནང་ཡོད་པའི་བོད་མི་ལས་འབྲུག་ནང་ཡོད་པའི་བོད་མི་ལ་དཀའ་ངལ་མང་པོ་ཡོད། དཔེར་ན། ཕྲུ་གུ་སློབ་གྲྭར་འཛིན་རིམ་བཅུ་པ་ལས་འགྲོ་མི་ཆོག་པ་དང་། ཐ་ན་རྒྱ་གར་དང་འབྲུག་བར་ཡར་མར་གཉིས་ཀར་གནམ་གྲུར་འགྲོ་མི་ཆོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese