མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནུབ་ཕྱོཊ་པའི་ཞིབ་འཇུག་གནང་སྟངས་ལྟར་བོད་ཡིག་གི་ཉམ་ཆཊ་ཐད་ཉམས་ཞིབ་གནང་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་གི་གོ་སྒྲིག་གནང་བའི་བགྲོ་གླེང་ཐོག བགྲོ་གླེང་བ་ཚོས་བོད་ཡིག་ཉམ་ཆགས་འགྲོ་བཞིན་པ་དེ་སློབ་དེབ་དང་དགེ་རྒན། གཞན་དབང་སྟབས་བསྟུན་གང་ཡིན་ལ་ནུབ་ཕྱོཊ་པའི་ཞིབ་འཇུག་བྱེད་སྟངས་ལྟར་ཉམས་ཞིབ་མཐིལ་ཕྱིན་གནང་སྟེ་གྲུབ་དོན་རེའུ་མིག་ཅིག་བཏོན་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པ་ནས་ ༥ བར་ཀིརྟིའི་དགེ་རྩ་ཚོགས་པའི་གཞན་ཕན་ཞི་བདེའི་ཚོགས་ཁང་དུ། བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་དབུ་བརྙེས་ཏེ་ལོ་གཅིག་འཁོར་བའི་དུས་དྲན་སྲུང་གཙི་དང་འབྲེལ་༼བོད་ཀྱི་སྐད་ཡིག་དར་སྤེལ་དང་སྲུང་སྐྱོབ༽ཅེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་སོང་། དེར་ས་ར་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས། དེ་བཞིན་ངྷ་སྟེང་བོད་ཁྱིམ་གྱི་སྐུ་ཚབ་དང་བོད་སྐད་ཡིག་ཐོག་ཞིབ་འཇུག་དོན་གཉེར་གནང་མཁན་བཅས་སེར་སྐྱ་ཕོ་མོ་ ༤༠ ཡས་མས་ཤིག་འཛོམས་འདུག

བགྲོ་གླེང་ཐོག་སྐུ་མགྲོན་རྣམ་པས་བོད་སྐད་ཡིག་གི་རིན་ཐང་དང་དགོས་མཁོ། གལ་གནད། སྲུང་སྐྱོབ་དང་དར་སྤེལ་བྱེད་ཕྱོགས། བཙན་བྱོལ་སྤྱི་ཚོགས་ནང་གི་བོད་སྐད་ཡིག་གི་གནས་སྟངས་བཅས་ཀྱི་ཐོག་གཏམ་བཤད་བགྲོ་གླེང་གནང་ཡོད་ཅིང་།  དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་བརྗོད་གཞི་དང་འབྲེལ་བའི་གཏམ་བཤད་གནང་སྐབས། བོད་སྐད་ཡིག་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་བསྟན་ཡོངས་རྫོགས་གསལ་སྟོན་གནང་བྱེད་དང་། འཛམ་གླིང་སྐྱེ་འགྲོ་ཀུན་ལ་ཕན་བདེ་བསྐྲུན་བྱེད་ཀྱི་སྐད་ཡིག་ཅིག་ཆགས་ཡོད་སྟབས། ང་ཚོའི་མི་ཐོག་འདིར་ཉམས་ཆག་ཕྱིན་པ་ཡིན་ན། ང་ཚོའི་འཐུས་ཤོར་ཅིག་དང་ལོ་རྒྱུས་ཐོག་གི་ནག་ཉེས་ཆེན་པོ་ཞིག་ཡིན་པ་མ་ཟད། འཛམ་གླིང་སྐྱེ་འགྲོ་ཡོངས་ལ་འགན་མ་འཁུར་བ་ཞིག་ཆགས་ངེས་པ་དང་།  སྐད་ཡིག་སྲུང་སྐྱོབ་བྱ་བར་མི་རིགས་སྲུང་སྐྱོབ་བྱེད་དགོས་པ་དང་། མི་རིགས་སྲུང་སྐྱོབ་བྱ་བར་རང་དབང་མེད་དུ་མི་རུང་བ་ཆགས་ཡོད་པ་ལྟར། ཇི་སྲིད་བོད་ལ་རང་དབང་མ་རག་བར་བོད་མི་རིགས་ཀྱི་སྐད་ཡིག་ལ་མུ་མཐུད་དཀའ་ངལ་འཕྲད་སྲིད་སྐོར་སོགས་བརྗོད་སོང་།

དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། ང་ཚོས་བོད་སྐད་ཡིག་དར་སྤེལ་གཏོང་ཐབས་ལ་དཀའ་ངལ་གང་ཞིག་འཕྲད་ཀྱི་ཡོད་མེད་ཤེས་ཀྱི་ཡོད་ཀྱང་། ཚོགས་འདུ་དང་སྡིངས་ཆའི་སྟེང་གཏམ་བཤད་གནང་བ་ཙམ་ལས། རྒྱུ་རྐྱེན་གང་གི་དབང་གིས་ཉམས་ཆག་འགྲོ་གི་ཡོད་མེད་ཐད་རྟོག་ཞིབ་དང་འབྲེལ་ལག་བསྟར་གནང་མཁན་དཀོན་པོ་ཆགས་ཡོད་སྟབས། སྐད་ཡིག་ཉམས་ཆག་ཏུ་འགྲོ་བཞིན་པའི་རྒྱུ་རྐྱེན་སློབ་དེབ་དང་དགེ་རྒན། གཞན་དབང་སྟབས་བསྟུན་སོགས་གང་ཡིན་མིན་ལ་ནུབ་ཕྱོགས་པའི་ཞིབ་འཇུག་བྱེད་སྟངས་ལྟར་ཉམས་ཞིབ་མཐིལ་ཕྱིན་གནང་སྟེ་ཞིབ་འཇུག་གི་གྲུབ་དོན་རེའུ་མིག་ཅིག་བཏོན་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་བྱུང་བ་མ་ཟད། ཁོང་གིས་བཙན་བྱོལ་སྤྱི་ཚོགས་ནང་སྐད་ཡིག་སྲུང་སྐྱོབ་དར་སྤེལ་གཏོང་རྒྱུ་དེ་ཐ་སྙད་སྦྱོང་རྒྱུ་ཙམ་མིན་པར། བརྡ་སྤྲོད་དང་བྱ་ཚིག ཚིག་རྒྱན་གྱི་འགྲོ་སྟངས་ཐོག་ལ་ཐུགས་འཁུར་མང་ཙམ་བཞེས་ཏེ་དོ་སྣང་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།

དཔེ་སྟོན་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། བོད་མི་ཚོ་སྤྱི་ཚོགས་ཐོག་གདེང་སྤོབས་ཆེན་པོས་འགྲོ་ཐུབ་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གུས་བཀུར་དང་བསྟོད་བསྔགས་ཞུ་ཡུལ་དུ་གྱུར་དོན་གཙོ་བོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཆགས་ཡོད་སྟབས། དེ་དག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད་པ་དང་། ད་ལྟའི་བར་གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རང་ངོ་རང་ཤེས་དང་རང་འགན་རང་འཁུར་གྱིས་ལས་འགུལ་འདྲ་མིན་སྤེལ་ཡོད་ཀྱང་། གྲུབ་འབྲས་དེ་ཙམ་མ་ཐོན་པ་ཡིན་ན་སེམས་ཤུགས་ཆགས་ཏེ་རྒྱུན་འཁྱོངས་གནང་གི་མེད་པའི་སྣང་ཚུལ་འདུག་སྟབས། ལས་ཀ་གང་ཞིག་མགོ་བརྩམས་ཡང་མཇུག་སྐྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་བྱུང་བ་མ་ཟད། ཁོང་གིས་ ༢༠༠༥ ལོ་ནས་བཟུང་དཔེ་སྟོན་སློབ་གྲྭ་གཙོས་སམ་བྷོ་ཊའི་སློབ་གྲྭའི་ཁྱབ་ཁོངས་སློབ་གྲྭ་ཁག་ཏུ་ཤེས་ཡོན་སྲིད་བྱུས་ལག་བསྟར་ཞུ་མུས་ཡིན་ཡང་། ཤེས་ཡོན་སྲིད་བྱུས་ཡག་པོ་ཡོད་མེད་སློབ་གྲྭ་དེ་དག་ལས་ཐོན་པའི་སློབ་མ་ཚོས་སྤྱི་ཚོགས་ནང་ལས་ཀ་བྱེད་སྐབས། བསམ་བློ་གཏོང་སྟངས་དང་ཤེས་ཡོན་གནས་ཚད་བཅས་ལ་བལྟས་ཏེ་བརྗོད་རྒྱུ་ཞིག་ཆགས་ཡོད་སྐོར་སོགས་བརྗོད་སོང་།

བོད་ཀྱི་སྐད་ཡིག་ཞབས་ཞུ་ཁང་ནི། ཕྱི་ལོ་ ༢༠༡༣ ལོར་བོད་སྐད་ཡིག་རྒྱ་གར་གྱི་ཁྲིམས་མཐུན་སྐད་ཡིག་ཅིག་ཏུ་འགྱུར་ཐབས་ལ་འབད་བརྩོན་གནང་ཆེད་གསར་འཛུགས་བྱས་པ་ཞིག་ཡིན་འདུག་ལ། ད་ལྟའི་བར་ཞབས་ཞུ་ཁང་འདིས་བོད་སྐད་ཡིག་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཆེད་རྒྱ་གར་གཞུང་ལ་ཞུ་སྐུལ་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་བགྲོ་གླེང་བཅས་གོ་སྒྲིག་གནང་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༢༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese