མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་དང་མི་མང་གི་བཀའ་དྲིན་དྲན་པའི་ཐོག་ཡུལ་མིར་མཐུན་པོ་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཟླ་བའི་ཉིན་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་སྤུ་རུ་ཝ་ལའི་ས་སྐྱའི་མ་དགོན་དུ་མི་མང་ལ་ཚེ་དབང་དང་འབྲེལ་ལམ་སྟོན་བཀའ་སློབ་གནང་སྟེ། བོད་མི་ཚོས་རྒྱ་གར་ཡུལ་མིར་མཐུན་པོ་དང་བོད་མི་ནང་ཁུལ་འཆམ་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་སྤུ་རུ་ཝ་ལ་ས་སྐྱ་མ་དགོན་བཤད་གྲྭར་ཆིབས་བསྒྱུར་གནང་སྟེ་དགེ་བའི་བཤེས་གཉེན་དམ་པ་མཁན་རིན་པོ་ཆེ་རིན་ཆེན་མཆོག་གི་དྲན་རྟེན་དཔེ་མཛོད་གསར་རྒྱག་གནང་ཡུལ་གྱི་ས་ཆར་རབ་གནས་དང་། ཀུན་མཁྱེན་གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་ནས་ལོ་ ༥༢༥ འཁོར་བའི་འདས་མཆོད་ཀྱི་ཚོགས་མགོན་དུ་ཆིབས་བསྒྱུར། སློབ་གཉེར་བའི་རྟགས་གསལ་གཟིཊ་འབུལ་བཅས་གནང་ཡོད་པ་མ་ཟད། ཚེས་ ༢༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༠༠ ཐོག མཁོན་གདུང་སྐུ་བགྲེས་རིན་པོ་ཆེ་མཆོག་གིས་དབུས་པའི་བླ་སྤྲུལ་མཁན་པོ་དང་། ཕྱོཊ་མཐའ་ཁག་ནས་ཕེབས་པའི་ཆོས་ཞུ་བ་བཅས་མི་མང་སྟོང་ཕྲག་བརྒལ་བར་ཚེ་དབང་གནང་ཡོད་འདུག

བཀའ་དབང་དངོས་གཞི་མ་གནང་གོང་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དེར་ཡོད་ཆོས་ཞུ་བ་རྣམས་ལ། ཆོས་འབྲེལ་ཞུ་བར་ལུགས་སྲོལ་རྒྱུན་བསྐྱངས་པ་ལྟ་བུ་མ་ཡིན་པར་ཆོས་བྱེད་པར་ལུས་ངག་ཡིད་གསུམ་གྱི་སྒོ་ནས་བྱེད་རྒྱུ་ཡོད་ཀྱང་། གཙོ་བོ་ཡིད་ཀྱི་ཀུན་སློང་ཡག་པོ་ཞིག་གི་སྒོ་ནས་བྱ་རྒྱུ་དེ་གལ་ཆེ་ཡིན་སྐོར་དང་། ཆོས་བྱེད་དོན་མིའི་མཚོན་པའི་མཐའ་ཡས་པའི་སེམས་ཅན་ཚང་མའི་བདེ་སྐྱིད་ལས་སྡུག་བསྔལ་འདོད་ཀྱི་མེད་པ་དང་། དེ་དག་ལ་བདེ་སྐྱིད་ཐོབ་པའི་ཆེད་དུ་བྱེད་ཀྱི་ཡོད་སྟབས། ནང་སེམས་ལ་བདེ་སྐྱིད་ངོ་མ་ཐོབ་དགོས་ན་ཆོས་བྱེད་ནས་ཡོང་པ་སོགས་ཀྱི་བཀའ་སློབ་གནང་འདུག

སྐབས་དེར་མང་ཚོགས་ལ་བཀའ་སློབ་གནང་སྐབས་རིན་པོ་ཆེ་མཆོག་གིས། ཚང་མས་རང་དོན་རང་གཅེས་བྱས་ནས་སྡིག་པ་དང་མི་དགེ་བའི་ལས་ཆུང་ཚགས་ཡིན་ཡང་སྦང་དགོས་པ་རེད། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ཀུན་ནས་བླངས་པའི་ལས་དེ་མི་དགེ་བ་རེད། དེ་ལ་བརྟེན་ནས་ང་ཚོར་མི་འདོད་པའི་ཚེ་ཐུང་བ་དང་ནད་མང་བ། ལོངས་སྤྱོད་དབུལ་བ། བསམ་པའི་རེ་བ་མ་འགྲུབ་པ་སོགས་མི་འདོད་པ་ཐམས་ཅད་སོ་སོའི་རྒྱུ་མི་དགེ་བ་བྱས་པའི་དབང་གིས་བྱུང་སྟབས། མི་དགེ་བའི་ལས་ཆུང་ཆུང་ཡིན་ནའང་འབད་རྩོལ་ཆེན་པོས་སྤངས་དགོས་པ་རེད། ཉོན་མོང་དུག་གསུམ་གྱི་ཀུན་ནས་བླངས་བ་མ་ཡིན་པར། ཕན་པའི་བསམ་པ་ཀུན་ནས་བླངས་བའི་ལས་དེ་དགེ་བའི་ལས་རེད། དགེ་བའི་ལས་ལ་བརྟེན་ནས་འབྲས་བུ་ང་རང་ཚོའི་དོན་དུ་གཉེར་བྱ་ཚེ་རིང་བ་དང་ནད་མེད་པར་བསམ་པའི་རེ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པ་དང་། ལེགས་པའི་བྱ་བ་ཐམས་ཅད་དགེ་བའི་ལས་ལ་བརྟེན་ནས་འབྱུང་གི་ཡོད་རེད། རྣམ་པ་ཀུན་ཏུ་དགེ་སྒྲུབ་སྡིག་སྤོང་བྱེད་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་རྒྱས་ཐུབ་ཀྱི་ཡོད་པ་ལས། ཕྱིའི་ཁྲ་ཁྲ་ཟིང་ཟིང་གིས་སངས་རྒྱས་ཀྱི་བསྟན་པ་རྒྱས་ཐུབ་ཀྱི་མ་རེད་ཅེས་སོགས་གསུངས་འདུག

སྤྱི་ཚོགས་འཕྲོད་བསྟེན་སྐོར་ལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས། “ ང་རང་ཚོས་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་བྱས་ཀྱང་། ཚེ་རིང་པོ་དང་གཟུགས་པོ་བདེ་ཐང་དགོས་རྒྱུ་གལ་ཆེན་ཡིན་སྟབས། སྨན་བཅོས་བྱེད་པ་ལས་ནད་པ་མ་ཆགས་སྔོན་ལ་སྔོན་འགོག་རྟགས་དཔྱད་སོགས་གནང་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་ལོ་གཞོན་པ་ཚོས་ཆང་རག་ཚོད་མེད་འཐུང་བ་དང་ཐ་མག་ནག་པོ་འཐེན་པ་སོགས་ཡོང་སྲིད། དེ་ཚོ་སྐྱོན་ཆེན་པོ་རེད། རང་ཤི་རྒྱག་པ་དང་གཅིག་པ་རེད། སེམས་ཅན་ཚང་མའི་ལུས་རྩ་ཆེན་པོ་རེད་ལ་དེའི་ནང་ནས་མིའི་ལུས་དེ་ལས་རྩ་ཆེན་པོ་རེད། དེ་འདྲ་རྩ་ཆེན་ཡིན་པ་དེ་དོན་མེད་ཕྱིན་པ་ཡིན་ན་དཔེ་མ་སྲིད་ཕངས་པོ་རེད། ཚེ་རིང་པོ་དང་གཟུགས་པོ་བདེ་པོ་དགོས་ཀྱི་ཡོད་ན་སྤྱོད་པ་ངན་པ་རིགས་དེ་རྩ་བ་ནས་བྱེད་ཀྱི་ཡོད་མ་རེད། དེའི་རིགས་ངེས་པར་སྤང་དགོས་ཀྱི་ཡོད་རེད། ”ཅེས་གསུངས་འདུག

ཡུལ་མིར་མཐུན་ལམ་དང་བོད་མི་ནང་ཁུལ་གྱི་མཐུན་སྒྲིལ་ཐད་རིན་པོ་ཆེ་མཆོག་གིས། “ རྒྱ་གར་དབུས་གཞུང་དང་ས་གནས་གཞུང་། མི་མང་ཚང་མ་ང་ཚོར་བཀའ་དྲིན་ཆེན་པོ་རེད། འདས་པའི་དུས་སུ་ནང་པ་སངས་རྒྱས་པའི་ཆོས་སོགས་ཚང་མ་རྒྱ་གར་ནས་བྱུང་སྟབས་ང་ཚོར་བཀའ་དྲིན་ཆེན་པོ་རེད། བར་དུ་རྒྱ་གར་དང་བོད་ཀྱི་འབྲེལ་བ་བཟང་པོའི་འབྲེལ་བ་མཐར་ཕུད་པ་ཞིག་རེད། ད་ལྟའི་དུས་འདིར་མང་པོ་ཞིག་རྒྱ་གར་ནང་འཚར་ལོངས་བྱུང་གི་ཡོད་པ་མ་ཟད། ང་རང་ཚོའི་ཆོས་དང་རིག་གཞུང་ཚང་མ་སྲུང་སྐྱོབ་གནང་ས་ཞིག་ཆགས་ཡོད། དེ་དག་གི་དབང་གིས་རྒྱ་གར་གཞུང་དང་མི་མང་གི་བཀའ་དྲིན་དུས་རྟག་ཏུ་དྲན་པའི་ཐོག་ནས་ཁྱིམ་མཚེས་ཡུལ་མིར་མཐུན་པོ་བྱེད་རྒྱ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྒྱ་གར་གྱི་མི་མང་དུང་ཕྱུར་མང་པོའི་ནང་ང་རང་ཚོ་བོད་མི་ཉུང་ཉུང་ཞིག་བསྡད་ཡོད་རེད། མི་རེ་ཟུང་གིས་སྤྱོད་པ་ཁྱད་མཚར་བསྟན་ནས་ཉེན་ཁ་ཡོང་ཉེན་ཡོད། རྒྱ་གར་བློ་ཕམ་ཡོང་བ་དེ་འདྲ་བྱེད་མི་ཉན། དེ་བཞིན། བོད་མི་ཚོ་ཡིན་ནའང་ཚང་མ་མཐུན་པོ་བྱེད་རྒྱུ་གལ་ཆེན་པོ་རེད། ད་ཆར་༧རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ལ་བརྟེན་ནས་ཆོས་ལུགས་ཁག་ཐུགས་མཐུན་དམ་གཙང་སྔོན་བྱུང་མ་མྱོང་བ་དེ་འདྲ་བྱུང་བསྡད་ཡོད་ལ། གོང་བུ་གཅིག་གྱུར་གྱི་ནུས་པ་དེ་ང་རང་ཚོའི་རང་བཞིན་ཚང་མར་གལ་ཆེན་པོ་ཆགས་བསྡད་ཡོད་སྟབས། གཉེན་འཕྲང་གི་དུས་སྐབས་འདིར་ཚང་མ་མཐུན་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། ”ཅེས་གསུངས་འདུག

མཇུག་ཏུ་རིན་པོ་ཆེ་མཆོག་གིས་བོད་མི་ཚོ་འཛམ་གླིང་མི་མང་དང་མཉམ་དུ་འགྲོ་དགོས་སྟབས། སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། ལྷག་པར་དུ་བོད་པ་རང་གི་སྐད་ཡིག་དང་རིག་གཞུང་སོགས་སློབ་སྦྱོང་བྱས་ཏེ་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་ཐོག་ནས་སློབ་སྦྱོང་གནང་རྒྱུ་གལ་ཆེན་ཡིན་སྐོར་གསུངས་བ་མ་ཟད། ད་ལྟའི་ཆར་༧གོང་ས་མཆོག་གིས་ཟབ་ཅིང་རྒྱ་ཆེ་བའི་བཀའ་སློབ་གནང་བཞིན་པ་དག་གསར་ཤོག་དང་རླུང་འཕྲིན་སོགས་བརྒྱུད་ལམ་མང་པོ་ནས་ལྟ་ཀློག་ཐུབ་ཀྱི་ཡོད་སྟབས། བཀའ་སློབ་ཀྱི་ནང་དོན་ཤེས་པར་བྱས་ཏེ་ཉིན་རེའི་འཚོ་བའི་ནང་བསྒྲུབ་ཐུབ་པར་བྱེད་རྒྱུ་གལ་ཆེན་ཡིན་པའི་བཀའ་སློབ་གནང་འདུག

ཐེངས་འདིའི་ཚེ་དབང་དང་མཛད་འཕྲིན་ཁག་གྲུབ་རྗེས་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ཕྱིར་བཞུགས་གནས་ར་ཇུ་སྤུར་ཆིབས་བསྒྱུར་གནང་ཡོད་པ་དང་། འཆར་ཟླའི་ཚེས་ ༢༨ ཉིན་ནས་བཟུང་ཨ་རི་དང་ཡུ་རོབ་དུ་ཆིབས་བསྒྱུར་གྱིས་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

སྐར་མ ༢༧ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༢ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨

མཆན། 5

  1. འཇམ་གཅེས ། says:
    ལོ་ 11 སྔོན།

    དང་པོ་རང་གིས་སྒོ་གསུམ་གྱིས་ཀུན་སྤྱོད་གཅིན་དྲི་དང་སྐྱག་དྲི་ཅན་དེ་ཚོ་གཙང་ཕྱག་ཡག་དག་པར་བྱས་རྗེས་དེ་ནས་གཞན་ལ་དཔྱད་གླེང་བྱས་ན་མིའི་འགྲོ་སྟངས་དང་མཐུན་ངེས་རེད།

    Reply
  2. བསྟན་འཛིན། says:
    ལོ་ 11 སྔོན།

    གཏོར་རླག་མཁན་དེ་ཚོས་ཇོ་ནང་ཚང་ས་སྐྱའི་ཁུངས་རེད་ཅེས་ཁུངས་མེད་ལུང་མེད་ཀྱི་རྙོག་དྲ་ལུང་བ་གང་བཟོས་སྟབས།  ད་དུང་ཇོ་ནང་ཚང་བོད་ཀྱི་ཆོས་བརྒྱུད་ཀྱི་ནང་དུ་མ་ཚུད་པར་ལྷག་ཡོད།  གྱོད་དང་ཁ་མཆུའི་སྣ་འདྲེན་དེ་ཚོ་རྩ་མེད་བཟོས་ན་ཡག་ཤོས་རེད།  
    འདི་ཚོ་སྤྱི་ཚོགས་ཐོག་གི་གད་སྙིག་རེད།  དེང་སང་བོད་ཕྱི་ནང་གཉིས་ནས་སྤྲུལ་སྐུ་མི་དགོས་ཟེར་གྱིན་ཡོད་མོད།  ངོ་མ་བཤད་ན་བོད་ལ་མི་དགོས་པ་ངོ་མ་དེ་གཅིན་རྒྱུད་གསེབ་དྲི་ཅན་དེ་ཚོ་རེད།  འདི་ཚོ་རྩ་མེད་མ་བཟོས་ན།  སངས་རྒྱས་ཀྱིས།  ངའི་བསྟན་པ་ལ་རིགས་མི་གཙོ།  རུས་མི་གཙོ།  སླབ་པ་གཙོ་ཟེར་བ་དང་རྒྱབ་འགལ་ཆགས་ཡོད་རེད།  བྱས་ཙང་དང་པོ་གཅིན་རྒྱུད་འདི་རྩ་མེད་བཟོས།  དེ་ནས་ཕན་ཐོག་ཡོད་མེད་ལ་གཞིགས་ཏེ་སྤྲུལ་སྐུའི་ལམ་ལུགས་ལ་ལྟ་རྒྱུ་དེ་རེད།

    Reply
  3. འཇམ་གཅེས ། says:
    ལོ་ 11 སྔོན།

    བརྩེ་ཆེན་བསྟན་པའི་སྒྲོན་མེ་དཔལ་ས་སྐྱའི་ཁྲི་འཛིན་རིན་པོ་ཆེ་འདི་རྩོད་མེད་ཡོངས་གྲགས་ཀྱི་བྱམས་རྩེའི་བདག་ཉིད་ཅན་དང་། བསྟན་འགྲོ་སྤྱི་ལ་གཞན་དྲིན་མི་འཇོག་པའི་བསམ་བཞིན་དུ་སྲིད་པར་སྐྱེ་བ་བཞེས་མཁན་གྱི་སྐྱེས་བུ་ཆེན་པོ་ཁོང་ལྟར་བུར་སྐུར་འདེབས་བཟོ་བ་ནི་རང་ཉིད་ངན་སོང་ངན་ལ་འགྲོ་སའི་སྒོ་ཆེན་ཕྱེས་བ་ཙམ་ལས་ཅི་ཡང་མེད་པར་ཤེས་ན་བཟང་།

    Reply
  4. བསྟན་འཛིན། says:
    ལོ་ 11 སྔོན།

    གལ་ཏེ་ཆོས་བརྒྱད་ཀྱི་དྲི་མ་མེད་དུ་ཆུགས་ཀྱང་།  ཁ་ན་དུད་ཆང་གི་དྲི།  སྐུབ་མ་གསེབ་དྲི།  ལུས་ལ་གཅིན་དྲི་བྲོ་བ་འདི་ཚོ་རྩ་མེད་མ་བཟོས་བར།  ཆོས་ལུགས་ནང་མཐུན་ཡོང་མི་སྲིད།

    Reply
  5. སྤང་མདའ་སྟོབས་རྒྱས། says:
    ལོ་ 11 སྔོན།

    ཆོས་བརྒྱད་ཀྱི་དྲི་མ་མེད་པའི་བླ་མ་ཁྱེད་ལ་སེམས་ཁོང་ནས་གུས་འདུད་ཞུ། ཁྱེད་ཀྱི་མཛད་འཕྲིན་ནམ་མཁའ་དང་མཉམ་པར་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese