མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་ཕུར་བུའི་ཉིན་གྱི་ཕྱི་དྲོ་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ངོ་རྒོལ་གནང་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༠༠ པའི་ཐོག ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག རྒྱལ་སའི་འགྲོ་བ་མིའི་ཐོབ་ཐང་ཐང་ཆེན་དུ་ཕ་རི་སིར་གནས་སྡོད་བོད་མི་དང་ཡུ་གུར་བ། རྒྱ་རིགས་མང་གཙོ་དོན་གཉེར་བ་བཅས་མི་ ༥༠༠ ཙམ་གྱིས། ལག་ཏུ་བོད་ཀྱི་རྒྱལ་དར་དང་འཕྲེད་དར་སོཊ་འཕྱར་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་ཐང་ཆེན་དུ་འཛོམས་ཏེ་བོད་དོན་དང་འབྲེལ་བའི་གཏམ་བཤད་སོགས་གནང་ཡོད་འདུག

འདུ་འཛོམས་དེར་ཧྥ་རན་སིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨོ་ཊག་གྷ་ཌོ་ལིན་ (Audre Gattolin) ལགས་དང་། ཕ་རི་སི་ས་གནས་གྲོས་ཚོགས་འཐུས་མི་ཇོན་མག་བྷུ་ཝོལ་ (Jeun MarcBrule) ལགས་གཙོས། འབྲེལ་ཡོད་མི་སྣ་ཁག་ཆེད་ཕེབས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་སྟེ། ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་བོད་རྒྱ་འབྲེལ་མོལ་མགོ་འཛུགས་རྒྱུར་སྐུལ་མ་གནང་དགོས་སྐོར་སོགས་བརྗོད་སོང་།

སྐབས་དེར་ཕ་རི་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས། ད་བར་རྒྱ་ནག་གི་སྲིད་འཛིན་རིམ་པར་བརྗེ་བོ་བརྒྱབ་ཡོད་ཀྱང་། བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་གང་མེད་པར། རྒྱ་གཞུང་གིས་མུ་མཐུད་བོད་ནང་མི་རིགས་གཉའ་གནོན་དང་དཔལ་འབྱོར་དབྱེ་འབྱེད། རིག་གཞུང་རྩ་གཏོར། ཁོར་ཡུག་གཏོར་རླག་གཏོང་བཞིན་པའི་སྲིད་ཇུས་ངན་པ་དང་། བོད་ཡུལ་རྒྱ་ཡུལ་སྒྱུར་བའི་སྲིད་བྱུས་ངན་པ་མཚམས་འཇོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་ནན་སྐུལ་ཞུས་སོང་།

ཁ་སང་ཕྱི་དྲོ་བོད་མི་ཚོས་རྒྱལ་སའི་འགྲོ་བ་མིའི་ཐོབ་ཐང་ཐང་ཆེན་ནས་རྒྱ་ནག་གཞུང་ཚབ་ཁང་བར་གོམ་བགྲོད་གནང་སྟེ་འགྲོ་རྩིས་བྱས་ཀྱང་། ས་གནས་ཉེན་རྟོག་པས་བཀག་འགོག་བྱས་དེ་བསྐྱོད་ཐུབ་མི་འདུག་ལ། དེ་བཞིན་བོད་མིས་ངོ་རྒོལ་བྱ་རྒྱུར་དོགས་ཏེ། སྲིད་འཛིན་ཞིས་ཅིན་ཕིན་ཕེབས་ལམ་གྱི་ས་འོག་མེ་འཁོར་ཁག་ཅིག་ཀྱང་གནས་སྐབས་རིང་བཀག་འགོག་བྱས་ཡོད་འདུག

ཧྥ་རན་སི་ནས། གནས་ཚུལ་མཁོ་གཏོང་བ་རིག་བཟང་།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༩ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༡༡ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

༢༠༢༦/༠༢/༢༢
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢

མཆན། 1

  1. མགོ་ལོག་ཟླ་བྷེ། says:
    ལོ་ 12 སྔོན།

    གུས་པ་རང་ཉིད་ཆབ་རྨོངས་པ་ཞིག་ཡིན་ཡང་། ཨ་མའི་བུ་ཤེས་འཇོན་སེམས་ཤུགས་ལ་རྒྱ་དང་ལྡན་པའི་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱི་བྱ་ལས་དང་གསུང་བཤད་མང་པོ་ཞིག་གིས་སེམས་འགུལ་ཐེབས་ཏུ་བཅུག་སོང་། ཁ་དྲོ་བཀྲ་ཤིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese