མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མང་མོས་ཐག་གཅོད་རྩིས་མེད།

བོད་ཀྱི་དུས་བབ།
༢༠༡༤/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཁུ་རེ་མྰེ་ཨུ་རུ་སུའི་རྒྱལ་ཁོངས་སུ་འཛུལ་བའི་མང་མོས་ཐག་གཅོད་རྩིས་མེད་བཏང་བའི་གྲོས་ཆོད་ཅིག་བཞག་འདུག

ཁ་སང་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས། ཟླ་འདིའི་ཚེས་ ༡༦ ཉིན་ཡུའུ་ཁུ་རེན་གྱི་རང་སྐྱོང་མངའ་ཁུལ་ཁུ་རེ་མྰེ་ (Crimea) མང་ཚོགས་ཀྱིས་ཁུའུ་རེ་མྰེ་ཨུ་རུ་སུའི་མངའ་ཁོངས་སུ་འཛུལ་བའི་མང་མོས་ཐག་གཅོད་བྱས་པ་དེ་རྩིས་མེད་ཡིན་པའི་གྲོས་གཞི་ལ་འོས་ཤོག་བླུགས་ཏེ། ཨ་རི་གཙོས་རྒྱལ་ཁབ་ ༡༠༠ ཡིས་རྒྱབ་སྐྱོར་དང་། ཨུ་རུ་སུ་གཙོས་རྒྱལ་ཁབ་ ༡༡ ཡི་དགག་བྱ། རྒྱལ་ཁབ་ ༥༨ གྱིས་བར་གནས་བཅས་བྱས་མཐར་ཁུ་རུ་མྰེའི་མང་མོས་ཐག་གཅོད་ལ་རྩིས་མེད་བཏང་བའི་གྲོས་ཆོད་ཅིག་བཞག་ཡོད་འདུག

ཡུའུ་ཁུ་རེན་བར་བརྒལ་སྲིད་གཞུང་གི་ཕྱི་སྲིད་བློན་ཆེན་ཨན་རེལ་ (Andriy Deshchytsia) གྱིས། ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱབ་སྐྱོར་ཐོབ་ཆེད་མཉམ་འབྲེལ་རྒྱལ་ཚོགས་ནང་གྲོས་ཆོད་བཏོན་པ་ཞིག་ཡིན་ཞིང་། ཁ་སང་ཚོགས་འདུའི་ནང་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་རྩའི་སྒྲིག་གཞི་དང་དབང་ཚད་བེད་སྤྱོད་བཏང་སྟེ། ཡུའུ་ཁུ་རེན་གྱི་བདག་དབང་ལ་བརྩི་མཐོང་དང་དཀའ་རྙོག་སེལ་དགོས་ཞེས་བརྗོད་ཡོད་འདུག

ཨུ་རུ་སུའི་སྐུ་ཚབ་སྐུ་ཞབས་བེ་ཊ་ལེ་ (Vitaly Churkin) ཡིས། ཁུ་རེ་མྰེའི་མང་ཚོགས་ལ་རང་ཐག་རང་གཅོད་བྱེད་པའི་ཐོབ་ཐང་ཡོད་སྟབས། ཨུ་རུ་སུའི་རྒྱལ་ཁོངས་སུ་འཛུལ་བའི་ཐག་གཅོད་ལ་ཚང་མས་བརྩི་བཀུར་བྱེད་དགོས་ཞེས་འབོད་སྐུལ་གནང་ཡོད་འདུག

ཨ་རིའི་སྐུ་ཚབ་ལྕམ་སྰ་མན་ཐྰ་ (Samantha Power) ལགས་ཀྱིས། རྒྱལ་ཁབ་ཚང་མས་ཁུ་རེ་མྰེའི་རང་ཐག་རང་གཅོད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། ཨུ་རུ་སུས་དམག་མི་བེད་སྤྱོད་ཀྱིས་བཙན་བཟུང་བྱས་སྟབས། རང་ཐག་རང་གཅོད་དོན་སྙིང་ལྡན་པ་ཞིག་ཡོང་མེད་ཅེས་སྲིད་འཛིན་པུ་ཊིན་སྲིད་གཞུང་ལ་སྐྱོན་བརྗོད་བྱས་ཡོད་འདུག

ཐེངས་འདིར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁུ་རེ་མྰེ་གྲོས་ཆོད་ལ་དགག་བྱ་གནང་མཁན་ཨུ་རུ་སུ་གཙོས་ཨར་མེ་ནི་ཡ་ (Armenia) དང་། བྷེ་ལ་རུ་སི་ (Belarus)། བྱང་ཀོ་རི་ཡ། སེ་རི་ཡ། སུ་ཌན་ (Sudan)། ཝེ་ནེ་ཛུ་ལ། ཛམ་བྷི་ཡ་ (Zambai)། ཀོ་བྷ་ (Cuba)། ནེ་ཁ་ར་གུ་ (Nicaragua) བྷོ་ལི་ཝི་ཡ་ (Bolivia) བཅས་ཡིན་པ་དང་། རྒྱ་ནག་དང་རྒྱ་གར། པ་ཀི་སི་ཐན། ཨབ་གྷན་ནི་སི་ཐན་གཙོས་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་མང་ཆེ་བས་བར་གནས་བྱས་ཡོད་འདུག

གཞན། ཁ་སང་ཡུའུ་ཁུ་རེན་དཔལ་འབྱོར་ཉམས་རྒུད་ལས་སྐྱོབ་ཆེད། འཛམ་གླིང་དངུལ་ཁང་གིས་ལོ་གཉིས་རིང་དངུལ་བུན་ཨ་སྒོར་ཐེར་འབུམ་ ༡༤ ནས་ ༡༨ བར་སྤྲོད་རྒྱུ་ཐག་གཅོད་བྱས་པ་དང། ཨ་རིའི་གྲོས་ཚོགས་ཀྱིས་ཀྱང་དངུལ་བུན་ཨ་སྒོར་ཐེར་འབུམ་གཅིག་སྤྲོད་རྒྱུའི་གྲོས་ཆོད་བྱུང་འདུག ཡུ་རོབ་མཐུན་ཚོགས་ཀྱིས་མི་འགྱངས་བར་དངུལ་བུན་རོགས་སྐྱོར་སྤྲོད་པའི་ཐག་གཅོད་བྱ་འཆར་ཡོད་འདུག

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨོ་གླིང་གྲོས་ཚོགས་ཀྱིས་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༦ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese