མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦོབས་སེམས་དང་ཡིད་ཆེས་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་༧གོང་ས་མཆོག་གིས་ཉི་ཧོང་གི་གནོད་ཐེབས་མང་ཚོཊ་ལ་བཀའ་སློབ་གནང་སྟེ། དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ངས་ཐུབ་ཀྱི་རེད་སྙམ་པའི་སྤོབས་སེམས་དང་ཡིད་ཆེས་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་འདུག

ཟླ་འདིའི་ཚེས་ ༦ ཉིན་༧གོང་ས་མཆོག་ཉི་ཧོང་གི་ཚོཊ་པ་ཁག་གསུམ་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་བསྒྱུར་གནང་ཡོད་པ་དང་།  ཁ་སང་ཚེས་ ༧ ཉིན་ཉི་ཧོང་ཤིན་ཏའོ་ཆོས་ལུཊ་ཀྱིས་གསོལ་འདེབས་སྨོན་ལམ་སྟེང་ཆིབས་བསྒྱུར་གནང་སྟེ། ༢༠༡༡ ལོར་ཉི་ཧོང་དུ་ས་ཡོམ་དང་ཚུ་ནཱ་མི་ (Tsunami) ཞེས་པའི་རྒྱ་མཚོའི་རྦ་རླབས་ཀྱིས་འབྱུང་བའི་གོད་ཆག་དང་། རྡུལ་ཕྲན་གནོད་སྐྱོན་གྱི་རྐྱེན་པས་སེམས་ལ་དཀའ་ངལ་འཕྲད་བཞིན་པ་དག་གི་ཆེད་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་སྟོད་ཕྱག་གསོལ་འདེབས་སྨོན་ལམ་དང་ལམ་སྟོན་བཀའ་སློབ་བཅས་གནང་ཡོད་འདུག

ཁ་སང་དེ་སྔོན་རང་བྱུང་གོད་ཆག་ཕོག་མཁན་གྱི་མི་མང་ལ་ཐུག་འཕྲད་དང་ལམ་སྟོན་བཀའ་སློབ་གནང་སྐབས་༧གོང་ས་མཆོག་གིས། སྤྱིར་མིའི་མི་ཚེའི་ནང་ངས་ཐུབ་ཀྱི་རེད་སྙམ་པའི་སྤོབས་སེམས་དང་ཡིད་ཆེས་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ལྷག་པར་དུ་དཀའ་ངལ་འཕྲད་སྐབས་དཀའ་ངལ་དེ་སེལ་དགོས་བསམ་པའི་སྤོབས་སེམས་དང་སྙིང་སྟོབས་དེ་ཡང་ཧ་ཅང་གལ་ཆེན་པོ་རེད། ས་ཡོམ་དང་ཆུ་ལོག རྡུལ་ཕྲན་གྱིས་འོད་རླབས་སོགས་ཀྱི་དཀའ་ངལ་འཕྲད་པ་ཚོར་ངོས་ནས་དམིགས་བསལ་གདུང་སེམས་མཉམ་སྐྱེད་ཡོད། དེ་སྔོན་ས་ཡོམ་སོགས་ཀྱི་དཀའ་ངལ་འཕྲད་སར་ངོས་རང་ཐེངས་གཅིག་བསླེབ་ཏེ་ཐུག་པ་རེད། སྐབས་དེར་ཁོང་ཚོས་མིག་ཆུ་གཏོང་གི་འདུག ངོས་ཀྱང་མིག་ཆུ་ཤོར་གྲབས་བྱས་སོང་། ཧ་ཅང་སེམས་སྐྱོ་བོ་བྱུང་། སྐབས་དེར་ངོས་ནས་སེམས་ཁྲལ་བྱས་ཏེ་སེམས་ཤུགས་ཆགས་བསྡད་ན་ཕན་ཐོགས་མེད། སེམས་མ་སྐྱིད་པ་བྱས་ཏེ་བསྡད་ན་དཀའ་ངལ་གོད་ཆག་སྟེང་ལ་ཁ་སྣོན་ལྟ་བུ་ཆགས་ཀྱི་ཡོད། དཀའ་ངལ་དང་གོད་ཆག་ཆེན་པོ་བྱུང་དེ་སེལ་རྒྱུར་འབད་བརྩོན་བྱེད་རྒྱུ་གལ་ཆེན་པོ་རེད་ཅེས་བརྗོད་རྒྱུ་བྱུང་།

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་འཇར་མན་དང་ཉི་ཧོང་གཉིས་ལ་བརྗོད་དཀའ་བའི་གཏོར་བཤིག་ཕོག་ཡོད་ཀྱང་། རྒྱལ་ཁབ་གཉིས་ཀྱིས་མི་མང་གིས་གཏོར་སྐྱོན་གྱི་ཐལ་རྡུལ་ཁྲོད་ནས་རྒྱལ་ཁབ་བསྐྱར་སྐྲུན་བྱས་ཡོད་པའི་སྐོར་ངོས་རང་འཛམ་གླིང་ས་ཕྱོགས་གང་དུ་ཕྱིན་ཡང་བརྗོད་ཀྱི་ཡོད། རྒྱལ་ཁབ་འདི་གཉིས་རིམ་པས་མང་གཙོ་དང་དཔལ་འབྱོར། ཆབ་སྲིད་སོགས་སྟོབས་ཤུགས་ཆེན་པོ་ཆགས་ཐུབ་པ་བྱུང་ཡོད་པར་མ་ཟད། རང་ཉིད་ལ་བློ་སྟོབས་དང་གདེང་ཚོད་ཡོད་སྟབས། གཏོར་བཤིག་ག་ཚོད་ཕོག་བསྐྱར་སྐྲུན་ལེགས་པོ་ཐུབ་ཡོད་པ་རེད། ཁྱེད་རང་ཚོས་དེ་དག་དཔེ་མཚོན་དུ་བཟུང་ནས་སྙིང་སྟོབས་སྐྱེད་དགོས་ཞེས་སོགས་བཀའ་སློབ་གནང་འདུག

སང་ཉིན་ཚེས་༩ ཉིན་༧གོང་ས་མཆོག་ཉི་ཧོང་གི་སེ་ཧྥི་གྷ་ཀེན་ (Seifu Gaken) སློབ་གྲྭའི་སློབ་ཕྲུག་ཚོར་བཀའ་སློབ་དང་། ཚེས་ ༡༡ ནས་ ༡༢ བར་གྱི་ཉིན་གཉིས་རིང་ཉི་ཧོང་གི་ཀྱོ་ཊོ་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཞིབ་འཇུག་སྡེ་ཚན་དང་སེམས་དང་སྲོག་གི་བསྟི་གནས་ཁང་ཐུན་མོང་གི་གོ་སྒྲིག་ཞུས་པའི་༼སེམས་ཀྱི་བཀོད་པ༽ ཞེས་པའི་བརྗོད་གཞིའི་ཐོག་ཚན་རིག་པ་ཁག་ཅིག་ལྷན་བགྲོ་གླེང་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༨ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡༣ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese