མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྐོག་དངུལ་བལ་སྒོར་ས་ཡ་ ༦༥o འཕྲོག་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༤/༠༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་བལ་ཡུལ་ཉེན་རྟོག་པས་བལ་བོད་མཐའ་མཚམས་ནས་བལ་སྒོར་ས་ཡ་ ༦༥༠ ཙམ་ལྐོག་འཁྱེར་བྱེད་མཁན་གྱི་རྒྱ་རིཊ་ཕོ་མོ་ ༡༤ འཇུ་བཟུང་བྱས་ཡོད་འདུག

བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་ ༥ ཉིན་གྱི་མཚན་ཆུ་ཚོད་ ༢།༣༠ ཐོག བལ་ཡུལ་ཧ་ནུ་མན་དྷོ་ཁཱ་ (Hanumandhoka) དང་། བྷ་ནེ་སེ་ཝར་ (Baneswor) ཉེན་རྟོག་པས། རྒྱལ་ས་ཀ་ཐ་མན་ཀྲུའུ་ནས་ཊ་ཊོ་པཱ་ནེར་ (Tatopani ) འགྲོ་མཁན་གྱི་རླངས་འཁོར་གསུམ་བལ་བོད་ས་མཚམས་ཀྱི་ས་ཚིགས་ཀོ་ཌི་ཤི་ཝར་ (Koteshwor) བཀག་ཉར་བྱས་ཏེ། བལ་སྒོར་ས་ཡ་ ༦༥༠ ལྐོག་འཁྱེར་བྱེད་མཁན་རྒྱ་རིགས་ཕོ་ ༣ དང་མོ་ ༡༡ འཇུ་བཟུང་བྱས་ཡོད་འདུག

ཉེན་རྟོག་པས་འཇུ་བཟུང་བྱས་པའི་མི་དེ་དག་ལས་ཕོ་གསུམ་ནི། ལོ་ ༥༠ ཡིན་པའི་ཀོང་ཅིན་ (Kong Jing) དང་། ལོ་ ༦༠ ཡིན་པའི་ཕན་ཆེན་ཤིན་ (Panchen Xeng)། ལོ་ ༥༠ ཡིན་པའི་ཧྥང་ཇོན་ཁྲིན་ (Fangjung Chen) བཅས་ཡིན་པ་དང་། མོ་བཅུ་གཅིག་ཡོད་པ་དག་ནི། ལོ་ ༤༥ ཡིན་པའི་ཡུ་ཆིན་ (Xyauchhin) དང་མེ་ཕེར་ (Maipar)། ལོ་ ༢༥ ཡིན་པའི་ཐང་ལུང་ཝར་ (Thang Longwar)། ལོ་ ༥༠ ཡིན་པའི་ཆིན་ཇུང་ (Chhenjung) དང་སེ་སྨད་ (Syame)། ཐེ་ཕུང་ (Thifong)། ལོ་ ༣༡ ཡིན་པའི་སོན་ཆིང་ (Sungching)། ལོ་ ༤༦ ཡིན་པའི་ཊེ་ནན་ (Thinain)། ལོ་ ༤༥ ཡིན་པའི་མེ་ཆུང་(Mechang)། ལོ་ ༤༠ ཡིན་པའི་ཅེ་ཅེ་ཝ་ (Chhichhawa)། ལོ་ ༤༨ ཡིན་པའི་འཆི་བེ་ ( Chhimbi) བཅས་ཡིན་འདུག

ཉེན་རྟོག་པས་གཞུང་བཞེས་བཏང་བའི་ལྐོག་དངུལ་ཁྲོད་ཨ་སྒོར་སུམ་འབུམ་དགུ་ཁྲི་བདུན་སྟོང་བརྒྱ་དང་ཉེར་བརྒྱད་ ༣༩༧༡༢༨ དང་། ཡུ་སྒོར་ཆིག་འབུམ་ཆིག་ཁྲི་དྲུག་སྟོང་བརྒྱད་བརྒྱ་བཞི་བཅུ་ ༡༡༦༨༤༠། དབྱིན་སྒོར་ཆིག་ཁྲི་དགུ་སྟོང་ཉིས་བརྒྱ་བརྒྱད་ཅུ་ ༡༩༢༨༠། ཁེ་ན་ཌའི་སྒོར་སུམ་སྟོང་ལྔ་བརྒྱ་བདུན་ཅུ་ ༣༥༧༠། ཨོ་སི་ཊོ་ལི་ཡའི་སྒོར་ཆིག་ཁྲི་བཞི་སྟོང་བརྒྱ་དང་ལྔ་ ༡༤༡༠༥། ཉི་ཧོང་གི་སྒོར་ས་ཡ་བདུན་དང་ཆིག་འབུམ་བརྒྱད་ཁྲི་ཉིས་སྟོང་ ༧༡༨༢༠༠༠། རྒྱ་སྒོར་བདུན་ཁྲི་བརྒྱད་སྟོང་སུམ་བརྒྱ་ལྔ་བཅུ་ ༧༨༣༥༠། ཧོང་ཀོང་གི་སྒོར་ཆིག་ཁྲི་སྟོང་མེད་དྲུག་བརྒྱ་ལྔ་བཅུ་ ༡༠༦༥༠། སིང་གྷ་པུར་སྒོར་ཆིག་སྟོང་བདུན་བརྒྱ་ང་བདུན་ ༡༧༥༧ བཅས་ཡོད་འདུག་ལ། དངུལ་དེ་དག་བུད་མེད་ཀྱི་རྒྱབ་ཁུག་དང་འགྱིག་གི་བུམ་པ། བྱུག་རྫས། ཤེལ་དམ། ཚ་དམ། བག་ལེབ་སོགས་ཀྱི་ནང་བཅུག་ཡོད་འདུག

འདིའི་ཐད་བལ་ཡུལ་ཉེན་རྟོག་པ་ནཱ་ར་ཡན་སིན་ཁོ་ཌ་ (Narayan Singh Khadka) ལགས་ཀྱིས། “ འཇུ་བཟུང་བྱས་པའི་ལྐོག་དངུལ་ཁྲོད་ཨ་རིའི་ཌོ་ལར་དང་ཕྱི་རྒྱལ་གྱི་ཤོག་དངུལ་ཕོན་ཆེན་ཡོད་སྟབས། དེ་དག་བལ་བོད་མཐའ་མཚམས་འགྲམ་བརྒྱུད་དེ་རྒྱ་ནག་ནང་དབོར་འདྲེན་བྱེད་བཞིན་པ་གསལ་བོ་རེད། ལྐོག་དངུལ་འཁུར་མཁན་ཚོས་བལ་ཡུལ་སྐད་ཤེས་ཀྱི་ཡོད་སྟབས། ནམ་རྒྱུན་བལ་བོད་གཉིས་སུ་ནག་ཚོང་གི་ལས་ཀ་བྱེད་ཀྱི་ཡོད་པ་གསལ་བོ་རེད། ང་ཚོས་ཞིབ་འཇུག་མཐིལ་ཕྱིན་བྱས་རྗེས་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན།” ཞེས་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། བལ་ཡུལ་ཁྲིམས་ལུགས་ནང་མི་སྒེར་བས་ཨ་སྒོར་ ༥༠༠༠ བརྒལ་བ་འཁྱེར་ཆོག་གི་མེད་ཀྱང་། ཐེངས་འདིར་ལྐོག་དངུལ་འཁྱེར་མཁན་ཚོས་ཡུལ་ཁྲིམས་རྡོག་རོལ་བཏང་སྟེ། བལ་བོད་ས་མཚམས་བརྒྱུད་དངུལ་ཕོན་ཆེན་ལྐོག་འཁྱེར་བྱེད་བཞིན་ཡོད་སྟབས། བལ་ཡུལ་གཞུང་གིས་རྒྱ་ནག་གི་མི་སེར་ཚོར་སྔར་ལས་ལྷག་པའི་དམ་དྲག་བྱ་དགོས་སྐོར་བརྗོད་འདུག

༢༠༠༩ ལོའི་ཟླ་ ༩ ཚེས་ ༡༩ ཉིན་བལ་ཡུལ་ཉེན་རྟོག་པས་ཊ་ཊོ་པཱ་ནེ་བརྒྱུད་བོད་ནང་ལྐོག་དངུལ་འཁྱེར་མཁན་རྒྱ་རིཊ་ ༣ གྱི་ལག་ནས་ཨ་སྒོར་སུམ་འབུམ་སུམ་ཁྲི་ ༣༣༠༠༠༠ འཕྲོག་ཡོད་པ་དང་། ༢༠༡༠ ཟླ་ ༨ ཚེས་ ༡༨ ཉིན་རྒྱ་རིཊ་གཉིས་དང་རྒྱ་གར་བ་གཉིས། བལ་པོའི་མི་གཅིག་བཅས་ཀྱི་ལག་ནས་ཨ་སྒོར་བྱེ་བ་གསུམ་ལྷག་ ༣༡༤༠༠༠༠ འཕྲོག་ཡོད་འདུག ༢༠༡༣ ཟླ་ ༦ ཚེས་ ༡༡ ཉིན་ཊ་ཊོ་པྰ་ནེ་ནས་དགྲ་མི་ཤར་པ་ཞུ་བ་ཞིག་གི་ལག་ནས་ཨ་སྒོར་ཉིས་ཁྲི་དགུ་སྟོང་དྲུག་བརྒྱ་ ༢༩༦༠༠ འཕྲོག་ཡོད་པ་དང་། ༢༠༡༤ ཟླ་ ༡ ཚེས་ ༨ ཉིན་བྷ་ཁཱ་པུར་ཇཱ་གྷ་ཌི་ས་མཚམས་སུ་རྒྱ་རིགས་ཞིག་གི་ལག་ནས་ཨ་སྒོར་དགུ་ཁྲི་བདུན་སྟོང་ ༩༧༠༠༠ བཅས་འཕྲོག་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

སྐར་མ ༥༤ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese