མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐུན་སྒྲིལ་ཨེ།

བོད་ཀྱི་དུས་བབ།
༢༠༡༤/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༢༥ སྟེང་གི་རྩོམ་སྒྲིག་པའི་གཏམ།

ད་ལོར་རྡ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ཀྱིས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མའི་འཁྲུངས་སྐར་གཞུང་འབྲེལ་ཐོག་སྲུང་གཙི་གནང་སོང་། བཀའ་ཤག་དང་སྤྱི་འཐུས་ལྷན་ཁང་། བྱེས་ཀྱི་བཀྲ་ཤིས་ལྷུན་པོ་སོགས་ཀྱིས་གསར་འགོད་བསྒྲགས་གཏམ་སྤེལ་ཏེ། རྒྱལ་བ་པཎ་ཆེན་གྱི་ཡང་སྲིད་འཚོལ་བའི་ལམ་སྲོལ་འདི་ཆབ་སྲིད་དང་འབྲེལ་བ་རྩ་ནས་མེད་ཀྱང་རྒྱ་གཞུང་གིས་ཆབ་སྲིད་ལག་ཆར་སྤྱད་དེ། ཆུང་སྲིད་ཕ་མ་གཉེན་འབྲེལ་དང་བྱ་བྲལ་རིན་པོ་ཆེ་སོགས་བཙོན་མུན་དུ་བཅུག་ནས་ད་བར་སུས་ཀྱང་མཐོང་ཚོར་མེད་པ་ཆགས་ཡོད་ཟེར།

      རྒྱ་ནག་གཞུང་གིས་བོད་མིའི་ཆོས་ཀྱི་བྱེད་སྒོ་དང་སྤྲུལ་སྐུའི་ལམ་སྲོལ་སོགས་ཆབ་སྲིད་ལག་ཆར་སྤྱད་པའི་ལོ་རྒྱུས་དུས་ཡུན་ཐུང་ཐུང་མིན། བོད་བཙན་པོའི་སྐབས་ནས་ས་ཕག་རིན་གཙང་དང་། རྒྱལ་བ་པཎ་ཆེན་ནས་དེང་གི་ལྷ་རམ་དགེ་བཤེས་བར་གཏིང་ཟབ་ས་དང་ཕུགས་རིང་ས་ནས་ཆབ་སྲིད་ལག་ཆར་སྤྱད་དང་སྤྱོད་བཞིན་ཡོད། པཎ་ཆེན་རིན་པོ་ཆེ་ཁོ་ནའི་སྟེང་ནས་གླེང་ནའང་པཎ་ཆེན་ནང་མ་སྒང་དང་བོད་གཞུང་བར་དཀྲུག་ཤིང་བརྒྱབ། གསང་ཡུམ་བཞེས་པའི་མགོ་རྔར་ཐེ་གཏོགས་དང་པཎ་སྲས་མོ་རིག་འཛིན་དབང་མོའི་སློབ་སྦྱོང་ལའང་ལག་བསྲིངས་ནས་ཇུས་འཐེན་ཡོད།

      འདི་དང་འབྲེལ་ནས་ཉེ་ཆར་གྱི་གནས་ཚུལ་ཞིག་ལ་དོགས་སློང་བྱེད་དགོས་བྱུང་། བདུན་ཕྲག་གཅིག་གཉིས་གོང་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་པཎ་ཆེན་སྐུ་གོང་མའི་སྲས་མོ་རིག་འཛིན་དབང་མོའི་གཉེན་སྒྲིག་གི་ཆོ་ག་རེད་ཟེར་ནས་བོད་རྒྱ་གཉིས་ཀའི་ཁྱད་ཆོས་ལྡན་པའི་བག་ལྭ་དཀར་གཙང་གྱོན་པའི་ན་གཞོན་ཕོ་མོ་གཉིས་ཀྱི་དཔར་ཞིག་ཁྱབ་བཞིན་འདུག པར་ངོས་ཀྱི་བུ་མོ་དེ་པཎ་རིག་འཛིན་དབང་མོ་ཡིན་ཞིང་། གམ་གྱི་སྐྱེས་པ་དེ་མོ་ལས་ཅུང་ལོ་ཆེ་བ་མིན་འགྲོ་བསམ་པ་ཞིག་དང་ཁོ་རྒྱ་རིགས་ཡིན་པའི་འགྲེལ་བཤད་ཀྱང་བསྐྱོན་འདུག

     གོང་གི་གནས་ཚུལ་དེ་བརྒྱུད་ནས་གནས་ཚུལ་གཞན་ཞིག་ཀྱང་གློ་བུར་དུ་དྲན་པ་བསླངས། ལོ་ངོ་བཅུ་དགུའི་སྔོན་ནས་བོར་བརླག་ཏུ་ཕྱིན་ཞིང་། ད་ལྟ་ལོ་ན་ཉེར་ལྔར་སོན་པའི་བོད་པའི་ཕོ་གསར་ཤ་དར་ཁྲག་དར་དེ་ད་ལྟ་འཚོ་བཞུགས་ཡོད་མེད་བཤད་དཀའ་ལ། གལ་སྲིད་ཡོད་པའི་དབང་དུ་བྱས་ཀྱང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོའི་འོག་ན་བོད་སྐད་བོད་ཆས་གྱོན་ཤེས་པ་ཕར་ཞོག རང་གི་རིགས་དང་རུས་རྒྱུད་ངོ་མི་ཤེས་མཁན་ཞིག་དང་། རྒྱ་ནག་གི་རིག་གཞུང་འཆལ་སྤྱོད་དང་ཆང་དང་ཐ་མག་ནང་ན་བག་མེད་གཉིད་དུ་ཡུར་མཁན་རྒྱ་མིན་བོད་མིན་ཞིག་བཟོས་ཡོད་ཀྱང་སྲིད། རྒྱ་ནག་དམར་ཤོག་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་ཁག་བཙན་བཟུང་བྱས་ཤིང་། གུང་ཁྲན་ཏང་གཞུང་གསར་འཛུགས་བྱས་རྗེས་མཐུན་སྒྲིལ་ཟེར་བའི་བརྡ་ཆད་ཅིག་བཙན་གྱིས་བསྒྲིགས་ནས་ཤུགས་ཀྱིས་བསྒྲགས་ཡོད། མིང་ཚིག་འདིའི་གདགས་གཞིར་བོད་པའི་བླ་སྤྲུལ་དགེ་བཤེས་དང་། དམའ་རིམ་སྤྱི་ཚོགས་ལ་དངུལ་དངོས་ཀྱི་བསླུ་བྲིད་བཏང་སྟེ་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་ལ། ཐ་ན་སྲིད་གཞུང་གི་རྒྱབ་རོགས་འོག་ནས་རྒྱ་བོད་གཉེན་སྒྲིག་བྱེད་དུ་བཅུག་ནས་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་སྟོན་ཐབས་ཀྱང་བྱས་ཡོད།

     ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་ཁོང་གི་གསང་ཡུམ་རྒྱ་རིགས་ལཱི་ཅེ་གཉིས་ཀྱི་གཉེན་སྒྲིག་དེའང་མི་རིགས་མཐུན་སྒྲིལ་གྱི་ལག་ཆར་སྤྱད་པ་ཉུང་ཉུང་མིན་ལ། སྐབས་དེའི་བོད་རྒྱ་གཉེན་སྒྲིག་གི་ཕྲུ་གུ་དག་ལའང་མཐུན་སྒྲིལ་བྱིས་པ་ཞེས་བཏགས་ཡོད། གྱ་གསུམ་ལོར་པཎ་རིག་འཛིན་དབང་མོ་བཙས་སྐབས། དེ་སྔའི་སྲིད་བློན་ཀྲུག་གི་སྐུ་ཟླ་ཏུན་དབྱིན་ཁྲའོ་དང་། ད་ལྟའི་སྲིད་འཛིན་ཞི་ཡི་ཕ་ཞི་ཀྲུང་ཞོན་གཉིས་ཕེབས་ཏེ། སྲས་མོའི་མིང་ལ་ ‘ཐོན་ཐོན་团团’ ཞེས་བཏགས་ན་བཟང་ཚུལ་བཤད་ཡོད། 5 རིག་གསར་རྗེས་ལ་བཟོ་ཞིང་མཐུན་སྒྲིལ་དང་། “དམག་དམངས་མཐུན་སྒྲིལ།” “མི་རིགས་མཐུན་སྒྲིལ་སོགས་མཐུན་སྒྲིལ་རིག་པ་སྤྱི་ཚོགས་ཧྲིལ་པོར་བརྡོལ། ད་ལྟ་ད་དུང་མིང་ཚིག་འདི་དར་སྤེལ་བཏང་སྟེ་ཆབ་སྲིད་ལག་ཆར་སྤྱོད་ཀྱིན་ཡོད་སྟབས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་པཎ་རིག་འཛིན་དབང་མོ་རྣམ་གཉིས་ཀྱང་རྒྱ་གཞུང་གིས་མཐུན་སྒྲིལ་ཞེས་པའི་མིང་ཚིག་འདིའི་གདགས་གཞིར་བཟོ་སྐྲུན་བྱེད་ཀྱི་མེད་དམ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese