མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོལ་རྒྱལ་གདོན་གྱིས་བརླམས། རྒྱ་སྒོར་དུག་གིས་སྨྱོས།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༢༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་༧གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་ཁག་ནང་ཆིབས་བསྒྱུར་སྐབས། དོལ་རྒྱལ་རྗེས་འབྲང་པ་བོད་པ་འགས་སྣེ་ཁྲིད་དེ་རྒྱ་མི་དང་ཕྱི་རྒྱལ་བ་སྐོར་ཞིག་གིས་༧གོང་ས་མཆོག་གི་རྗེས་དེད་ནས་སྐད་འབོད་བྱས། དམངས་ཁྲོད་ཁ་བརྡ་ཟེར་བའི་གློག་བརྙན་ཁག་ཏུའང་ཡ་མཚན་གྱི་གཏམ་སྤྱོད་སྣ་ཚོགས་སྤེལ་བཞིན་འདུག ཁོ་བ་ཅག་གིས་ཆོས་སྲིད་ཟུང་འབྲེལ་དུག་ཡིན་པ་དང་དེས་བོད་མི་མང་པོའི་ཚེ་སྲོག་ཤོར་བཅུག་ཚུལ། རང་ལུས་མེར་བསྲེགས་འཚེ་བ་ཡིན་པ་དང་དེ་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་པ་དང་འགལ་ཡོད་སྐོར། པཎ་ཆེན་ཆོས་ཀྱི་རྒྱལ་བོ་ངོས་ལེན་དང་རྒྱལ་གཅེས་ཆོས་གཅེས་འགན་སྲུང་བྱེད་དགོས་ཚུལ་ཤོད་ཀྱིན་འདུག 

     དོལ་རྒྱལ་གདོན་གྱིས་བརླམ་ནས་རྒྱ་སྒོར་དུག་གིས་སྨྱོས་པའི་བཤད་སྤྱོད་དེར་བོད་མི་ཚང་མ་ཧ་ལས་ནས་ཧོན་འཐོར་ཡོད། བོད་པར་སྡང་མཁན་རྒྱ་མི་དང་ཨ་གསར་ཆེ་བའི་ཕྱི་རྒྱལ་བ་འགས་ལྟད་མོར་བལྟས་ནས་དགའ་ཐག་ཆོད་ཡོད། དོལ་རྒྱལ་གནད་དོན་དེ་ཐོག་མ་ཆོས་ལུགས་དང་བར་དུ་ཆབ་སྲིད། དེང་སྐབས་བོད་མི་རིགས་ནང་ཁུལ་གྱི་གནད་དོན་ཞིག་ཏུ་གྱུར་ཏེ་བོད་བསྟན་སྲིད་མི་རིཊ་གསུམ་གྱི་དགྲ་རུ་ལངས་ནས་གཤེད་དུ་བབ། བོད་གཞིས་བྱེས་རྒྱ་ཆེའི་མི་མང་གི་གདོང་ནས་ལངས་ཏེ་སྙིང་ལ་གནག་གི་འདུག

      ང་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་གནང་མཁན་ཚོར་རྒྱལ་གཅེས་དཔའ་བོ་དཔའ་མོ་ཞེས་བསྟོད་བསྔགས་བྱེད། དེས་རྒྱ་ནག་གཞུང་གིས་བོད་བསྟན་སྲིད་མི་རིགས་དང་བཅས་བ་རྩ་མེད་བཟོ་ཐབས་བྱེད་ཀྱི་ཡོད་པ་སྟོན། འོན་ཀྱང་ཐད་ཀ་ཐད་སོ་ནས་བཤད་ན། རྒྱ་གཞུང་གིས་ཆབ་སྲིད་ཐོག་བཙན་གནོན་དབང་ཡོད་བྱེད་ཀྱི་ཡོད་པ་ལས། ཆོས་ལུགས་དང་མི་རིགས་ཐོག་མངོན་གསལ་གྱི་བྱ་སྤྱོད་སྤེལ་ཐུབ་ཀྱི་མེད། དོལ་ཚོཊ་ཀྱིས་མངོན་སུམ་འཛེམ་མེད་དུ་ཆབ་སྲིད་ཐད་རྒྱ་གཞུང་དང་ལག་འབྲེལ་གྱིས་འདས་པའི་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་ལ་འཁྱོག་བཤད་བྱེད་པ་དང་། ཆོས་ལུཊ་ཐད་༧གོང་ས་མཆོག་གཙོས་པའི་གདན་ས་གསུམ་གྱི་བླ་སྤྲུལ་དགེ་བཤེས། དོལ་རྒྱལ་སྤོང་མཁན་ཡོངས་ཀྱི་རྒྱུད་ན་སྐྱབས་འགྲོ་སྟོངས་ཚུལ་དང་བཤེས་གཉེན་བསྟེན་ཚུལ་ལོག་སྐོར་གླེང་གི་ཡོད། མི་རིགས་ཐད་རྒྱ་མི་སྔོན་པོ་དང་ཕྱི་རྒྱལ་མགོ་སེར་གྱི་དཔུང་དམག་འཁྲིད་ཡོང་ནས་བོད་པ་ཚོར་འཇིཊ་སྐུལ་དྲག་སྤྱོད་སྤེལ་བཞིན་འདུག

      དོལ་ཚོགས་ཀྱི་བཤད་སྤྱོད་དེ་དག་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་བྱས་མིན་ལ་འབྲེལ་བ་རྩ་ནས་མེད། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལའང་འབྲེལ་བ་མེད། བོད་ཕྱི་ནང་གཉིས་སུ་བདེན་དོན་འཐབ་རྩོད་ཆེད་རང་ལུས་མེར་བསྲེཊ་གནང་མཁན་དང་། ལོ་ངོ་དྲུག་ཅུ་ལྷག་རིང་དཀའ་སྡུག་དང་འཐབ་རྩོད་བྱེད་མཁན་བོད་མི་འདས་གསོན་ཡོངས་ལ་ངོ་ལོག་རྒྱག་གི་ཡོད། བདེན་དོན་ཆེད་རང་ལུས་མེར་བསྲེཊ་གནང་མཁན་ཚོའི་འབོད་སྒྲ་རྫུན་མ་རེད་ཟེར་གྱིན་ཡོད། གཞིས་བཞུཊ་རྒྱ་ཆེའི་མི་མང་༧གོང་ས་མཆོག་ལ་དད་པ་དམ་ཚིག་མེད་ཚུལ་ཤོད་ཀྱི་ཡོད།

    དྲང་ཕྱོགས་ནས་བཤད་ན་དོལ་རྒྱལ་རྗེས་འབྲང་པ་ཚོས་བོད་སྤྱི་བའི་ཐོབ་ཐང་དང་རང་དབང་། དམངས་གཙོ་དང་ཆོས་དད་སོཊ་ལ་རྡོག་བརྫིས་བཏང་སྟེ་བོད་ནང་དུ་རང་དབང་དང་དམངས་གཙོ། འདྲ་མཉམ་སོགས་ཡོད་པ་དང་། ༧གོང་ས་མཆོག་དང་བྱེས་གྱར་བོད་མི་ཚོས་ཁ་བྲལ་གཏོར་བཤིག་གཏོང་གི་ཡོད། པེ་ཅིན་དུ་ཡོད་པའི་རྒྱ་ནག་དམར་པོའི་གཞུང་དེ་བོད་མི་མང་གི་གཞུང་ཡིན་པ། འདས་པའི་ལོ་ངོ་དྲུག་ཅུ་ལྷག་རིང་འཐབ་རྩོད་དང་ཚེ་སྲོག་མང་པོ་ཤོར་བ་བོད་མིའི་ནག་ཉེས་དང་ནོར་འཁྲུལ་རེད། ཅེས་སོགས་བརྗོད་དེ་ངོ་རྒོལ་སྐད་འབོད་རྒྱག་གི་ཡོད། དོལ་རྒྱལ་རྗེས་འབྲང་པ་ཚོའི་བཤད་སྤྱོད་འདི་དག་ལ་རྒྱལ་སྤྱིའི་ཚོཊ་སྡེ་ཁག་དང་། འཛམ་གླིང་ནང་བསྟན་རྗེས་འཇུག་པ་ཡོངས་ཀྱིས་བརྡ་ཞིག་གཏོང་བའི་དུས་ལ་བབ་འདུག་གོ།།།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese