མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀརྨ་པ་མཆོག་འཇར་མན་དུ་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༡༤/༠༥/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འཇར་མན་དུ་ཆིབས་བསྒྱུར་གནང་ཡོད་པ་དང་། འཆར་ཟླའི་ཚེས་ ༩ བར་འཇར་མན་ནང་ཆོས་ཕྱོཊ་ཀྱི་མཛད་འཕྲིན་ཁག་བསྐྱང་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་ ༢༥ ཉིན་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཡུ་རོབ་རྒྱལ་ཁབ་འཇར་མན་དུ་ཡོད་པའི་ཀརྨ་ལ་ཤི་ལ་ (Kamalashila Institute) བསྟི་གནས་ཁང་དང་ནོ་སྦོར་གྷི་རེན་བྷེ་ཌི་བྷོར་གྷར་ (Bitburger Event_Center Nurburgring) ཆོས་ཚོགས། བྷེལ་ཇེམ་དུ་ཡོད་པའི་ཀརྨ་པའི་ཐེབས་རྩ་ཁང་བཅས་ཐུན་མོང་གིས་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཡུ་རོབ་འཇར་མན་ཧྥི་རན་ཁི་ཧྥི་ས་གནས་སུ་ཆིབས་བསྒྱུར་ཞབས་སོར་འཁོད་ཡོད་པ་དང་། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་འགྲུབ་མཆོག་གིས་གཙོས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་ཕེབས་བསུ་ཞུས་ཡོད་འདུག

ཁ་སང་ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ ནས་ ༡༢ བར་རྒྱལ་བ་ཀརྨ་པ་མཆོག་གིས་ཡུ་རོབ་ཧྥི་རན་ཁི་ཧྥིར་ཡོད་པའི་བོད་ཀྱི་ཁང་པར་ཡུ་རོབ་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་གསར་འགོད་པ་བཅུ་གྲངས་ཤིག་ལ་ཐེངས་འདིའི་ཡུ་རོབ་ནང་གི་མཛད་འཕྲིན་དང་། ནང་ཆོས་དང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་སྐོར་ནས་གསར་འགོད་གསལ་བསྒྲགས་གནང་ཡོད་པར་མ་ཟད། ཀརྨ་བཀའ་རྒྱུད་གོ་སྒྲིག་ཚོགས་ཆུང་གིས་སྣེ་ལེན་ལྟར་ཀརྨ་ལ་ཤི་ལ་བསྟི་གནས་ཁང་དུ་ཆིབས་བསྒྱུར་གནང་སྟེ་བཀའ་སློབ་གསུང་བཤད་གནང་ཡོད་འདུག

དེ་རིང་ཚེས་ ༢༩ ཉིན་ནོ་སྦོར་གྷི་རེན་བྷེ་ཌི་བྷོར་གྷར་བསྟི་གནས་ཁང་གིས་གདན་ཞུ་ལྟར་ཆིབས་བསྒྱུར་གནང་སྟེ་ཉིན་གསུམ་རིང་དད་ལྡན་ཆོས་ཞུ་བ་རྣམས་ལ་བཀའ་ཆོས་གནང་རྒྱུ་ཡིན་འདུག

ཀརྨ་པའི་ཡིག་ཚང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༦ པའི་ཚེས་ ༥ ཉིན་རྒྱལ་བ་ཀརྨ་པ་མཆོག་གིས་མང་ཚོགས་ལ་དེང་རབས་ལ་སྨན་པའི་གནའ་དེང་གི་སློབ་གསོ་ཞེས་པ་དང་མི་ཚེ་དོན་དང་ལྡན་པ་སྐྱེལ་ཐབས་བཅས་བརྗོད་གཞི་གཉིས་ཀྱི་ཐོག་བཀའ་སློབ་དང་། ཚེས་ ༦ ཉིན་རྒྱལ་ས་བྷེར་ལེན་གྱི་བྷོ་ཌི་ཆིར་རེ་ཡ་ (Bodhicharya Centre) བསྟི་གནས་ཁང་དུ་མང་ཚོཊ་ལ་སེམས་འདུལ་སྟངས་དང་བྱམས་བརྩེ་གོང་འཕེལ་གཏོང་ཕྱོཊ། ནང་ཆོས་དང་ཁོར་ཡུག་གི་སྐོར་ནས་བཀའ་སློབ་གནང་རྒྱུ་ཡིན་འདུག ཚེས་ ༧ ཉིན་མི་མང་ལ་བཀའ་ཆོས་དང་འབྲེལ་བྱམས་བརྩེ་དང་ལྡན་པའི་འཛམ་གླིང་བསྐྲུན་ཐབས་ཐོག་བཀའ་སློབ་དང་། ཚེས་ ༨ ཉིན་མང་ཚོགས་ལ་བཀའ་ཆོས་དང་གཞོན་སྐྱེས་ཚོར་ཐུག་འཕྲད་ཀྱིས་ད་ལྟའི་གཞོན་སྐྱེས་དང་མ་འོངས་པའི་རེ་བ་བྱེད་ཡུལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་བཅས་གནང་རྒྱུ་ཡིན་འདུག

ཐེངས་འདི་ནི་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཡུ་རོབ་ནང་ཕེབས་ཏེ་ཆོས་ཕྱོཊ་ཀྱི་མཛད་འཕྲིན་བསྐྱང་ཐེངས་ཐོག་མ་ཆགས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

ཆུ་ཚོད་ ༢༡ སྔོན་ལ།
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་། Photo: Studio Incendo
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་སླར་ཡང་ལོ་བཅུ་ཡི་ཁྲིམས་ཐག་བཅད། 

༢༠༢༦/༡༡/༠༦
པར་༧དཔལ་ས་སྐྱ་ཁྲི་འཛིན་པ་ ༤༤ མཆོག་གི་ངོ་དེབ་ལས་བླངས།
Mobile App

༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པའི་ཁྲི་སྟོན་མཛད་སྒོ་འཚོགས།

༢༠༢༦/༡༡/༠༥

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་ ཐེངས་འདི་ནི་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཡུ་རོབ་ནང་ཕེབས་ཏེ་ཆོས་ཕྱོཊ་ཀྱི་མཛད་འཕྲིན་བསྐྱངས་ཐེངས་ཐོག་མ་ཆགས་ཡོད་འདུག ་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese