མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་པའི་བསྟན་པ་གནས་ཐུབ་མིན་ན་གཞོན་ཁྱེད་རང་ཚོར་རག་ལས་ཡོད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་དེ་རིང་དྷ་སར་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་སྟེ། གདན་སའི་དགེ་བཤེས་རྒན་པ་དག་རྫོགས་འགྲོ་བཞིན་ཡོད་པ་དང་ཁོང་ཉིད་ཀྱང་ལོ་བཅོ་ལྔ་ཉི་ཤུ་ལས་འདུག་ཐབས་མེད་སྟབས་གཞོན་སྐྱེས་ཚོས་ནང་ཆོས་སློབ་གཉེར་ཐོག་ཤུགས་བསྐྱོན་དགོས་སྐོར་གསུངས་འདུག

དེ་རིང་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོར་༧གོང་ས་མཆོག་གིས་དྷ་སྟེང་བོད་ཁྱིམ་བདེ་སྐྱིད་ཚེ་རིང་ཚོགས་ཁང་དུ་བོད་རིཊ་གཞོན་སྐྱེས་ཚོར་ཤེས་རབ་སྙིང་པོའི་རྩ་འགྲེལ་དང་གང་བློ་མའི་ནང་ཆོས་ངོ་སྤྲོད་དབུ་འཛུཊ་གནང་སོང་། དེར་རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་སློབ་ཁག་ ༨༠ ཙམ་ནས་བོད་རིགས་སློབ་མ་ ༨༦༣ དང་། དྷ་སྟེང་དང་དྷ་ཤོད། གྷོ་པ་པུར་བཅས་སློབ་གྲྭ་ཁག་གི་དགེ་རྒན་དང་འཛིན་རིམ་བཅུ་བ་དང་བཅུ་གཅིག་གི་སློབ་མ། དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་སློབ་དང་དྷ་ས་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་ཚོགས་མི། དྷ་ས་ཉེ་འཁོར་གྱི་སེར་སྐྱ་མང་ཚོཊ་དང་ཕྱི་རྒྱལ་བ་བཅས་མི་ ༣༠༠༠ ལྷག་འདུ་འཛོམས་བྱུང་འདུག

ནང་ཆོས་ངོ་སྤྲོད་ཀྱི་ཐོག་མར་དྷ་སའི་ནང་ཆོས་འཛིན་གྲྭའི་སློབ་མ་ཁག་ཅིག་གིས་༧གོང་ས་མཆོག་ལ་རྟགས་གསལ་གཟིགས་འབུལ་གནང་རྗེས་༧གོང་ས་མཆོག་གིས་སངས་རྒྱས་པའི་ཆོས་ཞེས་པ་དེ་ཤེས་ཡོན་རང་ཆགས་བསྡད་ཡོད་པ་དང་། ཆོས་ཞེས་པ་དེ་སྨོན་ལམ་བརྒྱབ་པ་དང་དད་པ་བྱས་པ། སྔགས་བགྲང་བ་ཙམ་མིན་པར། གཞི་རྩའི་དངོས་ཡོད་གནས་ཚུལ་གང་འདྲ་ཡིན་པ་དེ་གཏན་ལ་ཕབ་པ་དང་བསྡོམས་བརྒྱབ་སྟེ་ང་ཚོ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་མཁན་ཡིན་སྟབས། སྡུག་བསྔལ་གྱི་རྒྱུ་དང་རྐྱེན་ལྡོག་ཐབས་སོགས་དངོས་ཡོད་གནས་ཚུལ་མང་པོ་ཞིག་འགྲེལ་བཤད་རྒྱག་གི་ཡོད་སྐོར་སོགས་སངས་རྒྱས་ཆོས་ཀྱི་དགེ་བ་ངོ་སྤྲོད་དང་། འཛམ་གླིང་སྟེང་དེང་སྐབས་ཡེ་ཤུའི་ཆོས་ལུགས་ལ་དད་པ་བྱེད་མཁན་དུང་ཕྱུར་ ༡༠ དང་ཁ་ཆེ་དུང་ཕྱུར་ ༡༠ ལྷག ཧིན་རྡུ་དུང་ཕྱུར་ ༦ ། ནང་པ་དུང་ཕྱུར་ ༦ ཡས་མས་ཡོད་པ་དང་། ཆོས་ལུགས་ཚང་མས་མི་མང་ལ་ཕན་ཐོགས་ཀྱི་ཡོད་སྟབས། ཆོས་ལུགས་ཚང་མར་བརྩི་བཀུར་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་དང་། ཆོས་ལུགས་ཡག་ཉེས་གཙོ་བོ་མིའི་ཁམས་དང་མོས་པ་ལ་ཐུག་ཡོད་སྐོར་སོགས་གསུངས་སོང་།

བོད་མི་ཚོས་ཆོས་ལུགས་ལ་ངོས་འཛིན་བྱེད་སྟངས་ཐད་༧གོང་ས་མཆོག་གིས། ང་ཚོ་བོད་པའི་སྤྱི་ཚོགས་ནང་ཆོས་ཞེས་ལབ་དུས་ཤེས་ཡོན་གྱི་འདུ་ཤེས་མི་འདུག དེས་རིམ་པས་ཆོས་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་འདུག སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དགོན་པ་ཚོས་ཀྱང་ཆོས་ལབ་དུས་ལམ་སེང་ཆོ་ག་གྲ་སྒྲིག་བྱེད་པ་དང་། དུང་དང་རྒྱ་གླིང་འབུད་རྒྱུ་སོགས་བསླབ་བསྡད་ཀྱི་འདུག དེ་གལ་ཆེན་པོ་རེད། ཡིན་ནའང་རྩ་བ་དཔེ་ཆ་བལྟ་རྒྱུ་དེ་རེད། དེང་སང་ཏོག་ཙམ་དྲག་ཏུ་ཕྱིན་པའི་ཟོལ་འདུག་པ་ལས། གཞན་ཧི་མ་ལ་ཡའི་རི་རྒྱུད། ནུབ་ལ་དྭགས་ནས་ཤར་མོན་བར་དུ་དཔེ་ཆ་ལྟ་རྒྱུ་ཟེར་བ་དེ་མེད་པའི་སྲོལ་འདྲ་འདུག ང་ཚོས་དབང་དང་བྱིན་རླབས་གནང་གི་འདུག་ལབ་དུས་དོ་སྣང་བྱས། ཆོས་སློབ་སྦྱོང་ལབ་དུས་དོ་སྣང་མེད་པའི་སྲོལ་འདུག དེ་ཚོའི་གྲས་ཏེ་བསྟན་པ་ཉམས་པའི་སྔ་བལྟས་རེད། ཅེས་གསུངས་བྱུང་།

གཞོན་སྐྱེས་ཚོས་ནང་ཆོས་སློབ་གཉེར་བྱ་དགོས་པའི་ཐད་༧གོང་ས་མཆོག་གིས། ང་ཚོ་བཙན་བྱོལ་བ་ཆཊ་ནས་ལོ་ ༥༥ ཕྱིན་པ་རེད། མི་རྒན་པ་ཚོ་རྫོགས་འགྲོ་ཡི་ཡོད་པ་རེད། ང་ཚོའི་བཤད་གྲྭ་ཁག་ལས་གཙོ་བོ་གདན་ས་གསུམ་རེད། དེར་ལོ་ ༢༠ དང་ ༣༠ སློབ་སྦྱོང་བྱས་ནས་འགྲོ་བསྡད་ཀྱི་ཡོད་པ་རེད། སྔོན་མ་བཤད་གྲྭ་ཧ་ཅང་ཡག་པོ་ཡོད། བར་སྐབས་དེ་འདྲའི་ཤུགས་ཆེན་པོ་མི་འདུག གདན་ས་ཆེན་པོ་དེ་དག་ནང་མི་རབས་གོང་མ་ཚོ་རྫོགས་འགྲོ་གི་འདུག ད་ལྟ་ཐོན་བཞིན་པའི་མི་རབས་གསར་བའི་ཁྲོད་ཀྱི་དགེ་བཤེས་ཚོས་གཞུག་མཐུད་དེ་ཡོང་གི་ཡོད་པ་རེད། གདན་ས་ཁག་གི་གྲྭ་རྒྱུན་ཡང་རྒྱ་གར་ནང་མང་པོ་མི་འདུག བར་སྐབས་ལ་དྭགས་དང་མོན། གར་ཞ་ཁུ་ནུ་བཅས་ནས་ཡོང་མཁན་ཚོས་སློབ་གཉེར་གྱི་རྐང་བཟུང་བསྡད་པ་རེད། བོད་ཕྱི་ནང་གི་འབྲེལ་བ་མཐུད་ནས་བོད་ནས་ཡོང་མཁན་མང་པོ་བྱུང་ཡོད་པ་རེད། དེ་དག་གིས་སློབ་གཉེར་གྱི་རྐང་ཟིན་བསྡད་སོང་། རྒྱ་གར་ནང་སྐྱེས་པའི་བུ་ཕྲུག་ནང་གྲྭ་སར་སློབ་སྦྱོང་གནང་མཁན་ཧ་ཅང་ཉུང་ཉུང་རེད། དོ་སྣང་མི་འདུག འདི་ལྟར་ཕྱིན་པ་ཡིན་ན། ག་ལེར་རྟག་ཆུ་ཆད་པའི་རྫིང་བུ་ཟེར་བ་ལྟར། ཕལ་ཆེར་རྫིང་བུ་བཟང་པོ་དེ་སྐམ་འགྲོ་བའི་ཉེན་ཁ་འདུག ཁག་ཡོད་མ་རེད། གྲྭ་ཆས་གོན་པ་ཙམ་གྱི་ཕན་གྱི་ཡོད་པ་མ་རེད། དང་དུ་བླངས་ནས་གདན་སར་སློབ་སྦྱོང་གནང་མཁན་ཞིག་དགོས་ཀྱི་ཡོད་པ་རེད། དེ་ཡོང་བར་སྤྲོ་བ་དགོས་ཀྱི་ཡོད་པ་རེད། སྤྲོ་བ་བསླེབ་པ་ལ་ཡོན་ཏན་མཐོང་དགོས་ཀྱི་ཡོད་པ་རེད། ཡོན་ཏན་མཐོང་བ་ལ་དེ་ཤེས་དགོས་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

མ་འོངས་པར་ནང་ཆོས་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པའི་ཐད་༧གོང་ས་མཆོག་གིས། ཉེ་ལམ་བོད་ནས་ཡོང་མཁན་ཞིག་ལ་ཐུག་སྐབས་ཁོས་བོད་ནང་གི་དགོན་པ་ཞིག་གིས་འཁུར་བླངས་ཏེ། དགོན་པའི་ཉེ་འདབས་ཀྱི་གྲོང་པ་ཕོ་མོ་ཚོར་རྟགས་གསལ་བསླབ་སྟབས། དགོན་པའི་གྲྭ་བ་དཔེ་ཆ་མི་བལྟ་མཁན་དེ་འདྲས་གྲོང་པ་ཚོར་དཔེ་ཆ་བསླབ་རྒྱུ་མི་འདུག ང་ཚོ་གྲོང་མཆོག་ཕྱིན་སྐབས་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་བདེན་པ་བཞི་སོགས་ཀྱི་སྐོར་སྐད་ཆ་དྲིས་ཡོང་སྟེ་ང་ཚོར་བཤད་རྒྱུ་མེད་སྟབས། ཁོང་ཚོས་མཐོང་ཆུང་བྱེད་ཀྱི་འདུག་ཅེས་ལབ་ཀྱི་འདུག་ཟེར། དེ་འདྲ་རེད། ང་ཚོའི་སྤྱི་ཚོགས་ཧ་ཅང་སྐྱོ་བོ་རེད། དངོས་ནས་སངས་རྒྱས་ཀྱི་ཆོས་ལ་དད་པ་ཡོད་པ་རེད། བོད་ཁ་བ་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཟེར་གྱི་ཡོད་པ་རེད། འཛམ་གླིང་འདིའི་སྒང་ལ་མི་དུང་ཕྱུར་ ༧༠ ཙམ་ཡོད་པ་ལས་དངོས་ནས་སངས་རྒྱས་ཀྱི་ཆོས་སྤུས་དག་པོ་ཞིག་ཡོད་པ་དེ་ཕལ་ཆེར་བོད་གཅིག་པུ་མ་གཏོགས་མི་འདུག དེ་ངས་ཐག་བཅད་ནས་ཞུ་ཐུབ་ཀྱི་འདུག རྒྱ་ནག་དང་ཉི་ཧོང་། ཀོ་རི་ཡ། ཝེ་ཐི་ནམ། ཐའེ་ཝན། འབར་མ། ཤི་རི་ལིང་ཀ ཀེམ་པོ་ཊི་ཡ། ལོའོ་སི་བཅས་ནང་ཁག་པོ་ཞེ་དྲག་རེད། བསམ་བློ་རྒྱ་ཆེ་རུ་བཏང་སྟེ་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་འདིའི་སྒང་གནས་ དགོས་ཀྱི་ཡོད་ན། ང་ཚོ་བོད་པ་ཚོས་ཤུགས་རྒྱག་དགོས་པ་རེད། བོད་པ་ཚོས་དོ་སྣང་མ་བྱས་པར་འདི་ལྟར་ལྷོད་གཡེང་ཕྱིན་པ་ཡིན་ན། བོད་པར་གྱོང་རག་པ་ཙམ་དུ་མ་ཟད། འཛམ་གླིང་སྤྱི་ཡོངས་ལ་ཞག་རྩི་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་དེ་མཛུབ་མོ་འཛུཊ་ས་ཡོད་མ་རེད། དེ་དངོས་ཡོད་གནས་ཚུལ་རེད། དེ་ངས་མི་གཞན་ལ་མ་གུས་པ་བྱས་པ་མིན། མི་ཚང་མར་གུས་ཞབས་ཡོད། ངོ་མཚར་སྐྱེས་ཀྱི་ཡོད། དངོས་ཡོད་གནས་ཚུལ་དཔལ་ན་ལེན་ཊའི་ཆོས་བརྒྱུད་དྲི་མ་མེད་པ་དེ་བསྲེཊ་བཅད་བརྡར་གསུམ་བྱས་ནས་གོ་རྟོགས་ཡོད་བསྡད་པ་ཕལ་ཆེར་བོད་པ་གཅིག་པུ་མ་གཏོགས་མི་འདུག ཅེས་དང་།

ཁོང་གིས་མུ་མཐུད་གསུང་དོན། ཁྱེད་རང་ཚོ་མི་རབས་གཞོན་པ་ཚོ་རེད། རྒན་པ་ཚོ་རྫོགས་འགྲོ་གི་རེད། ང་ལ་ཆ་བཞག་ན་ལོ་ ༧༩ དང་ ༨༠ སྒང་འགྲོ་བསྡད་ཡོད་པ་རེད། བོད་ལོ་རྩིས་ན་བརྒྱད་ཅུའི་སྒང་ལ་སླེབས་པ་རེད། ག་ཚོད་མཐོ་ནའང་ལོ་ ༡༥ དང་ ༢༠ རྗེས་ནས་ཤི་འགྲོ་གི་རེད། ད་ཁྱེད་རང་ཚོ་རེད། རྒན་པ་དེ་དག་རྫོགས་འགྲོ་གི་ཡོད་པ་རེད། གྲྭ་སའི་ནང་གི་དངོས་ནས་རྒྱན་དྲུག་མཆོག་གཉིས་དང་འགྲན་ནུས་པའི་མཁས་པའི་དབང་བོ་མང་པོ་ཞིག་རྫོགས་ཚར་པ་རེད། རྒན་བློ་བཟང་དབང་ཕྱུཊ་དང་རྒན་ཉི་མ། རྒན་པདྨ་རྒྱལ་མཚན་དེ་ཚོའི་གྲས་རྫོགས་ཚར་བ་རེད། ད་ལྷག་བསྡད་པའི་གྲས་དེ་རྒན་གཙང་པ་བློ་བཟང་བཅས་ལས་མི་འདུག ད་ཁྱེད་རང་ཚོས་གཟབ་གཟབ་བྱས་ནས་རིག་པ་སྒྲིམ་ན་མ་གཏོགས། སངས་རྒྱས་ཀྱི་ཆོས་བསྟན་པ་སྤུས་དག་པོ་དེ་འཛིན་མཁན་མི་རབས་གཞོན་པ་ཚོ་རེད། མི་རབས་རྒན་པ་རྫོགས་འགྲོ་གི་རེད། བསྟན་པ་འཛིན་ལབ་པ་དེ་ལྷ་ཁང་སོགས་བརྒྱབ་ནས་བསྟན་པ་འཛིན་ཐུབ་ཀྱི་ཡོད་པ་མ་རེད། ལུང་རྟོགས་ཀྱི་བསྟན་པ་གཉིས་ལས་ལུང་གི་བསྟན་པ་འཆད་ཉན་དང་རྟོགས་པའི་བསྟན་ན་སྒྲུབ་པ་ཉམས་ལེན་བྱས་ནས་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་སྟབས། སློབ་གཉེར་ཐོག་འབད་པ་བྱས་ཏེ་མི་རབས་རྗེས་མ་ཚོར་བོད་པའི་རིག་གཞུང་བརྒྱུད་སྤྲོད་བྱ་དགོས་པ་རེད། དུས་རབས་ཉེར་གཅིག་ནང་སངས་རྒྱས་ཀྱི་བསྟན་པ་གནས་ཐུབ་དང་མ་ཐུབ་ཁྱེད་རང་ཚོར་ཐུག་འདུག དེ་དོན་དག་ཆུང་ཆུང་ཞིག་མ་རེད། སྤྱིར་སངས་རྒྱས་ཀྱི་བསྟན་པ་གལ་ཆེན་པོ་རེད། ཡང་སྒོས་བོད་པ་རང་ལ་ཆ་བཞག་ན་ང་ཚོ་བོད་པར་ནང་གི་ནོར་བུ་དང་ཕྱིར་ངོམས་རྒྱུ་ནང་པའི་ལྟ་གྲུབ་མ་གཏོགས་གཞན་ཡོད་མ་རེད། ད་སྔ་མིས་དགའ་བོ་དང་དོ་སྣང་བྱེད་དགོས་དོན་གཙོ་བོ། བོད་པ་ཡ་རབས་འདུག བདེན་པ་བདེན་ཐུབ་བྱེད་ཀྱི་ཡོད་པ་རེད། ཅེས་དགའ་བོ་བྱེད་ཀྱི་ཡོད་པ་ལས། གཞན་པ་ང་ཚོར་ངོམས་རྒྱུ་ཡོད་མ་རེད། ཅེས་གསུངས་སོང་།

ཐེངས་འདིའི་ནང་ཆོས་ངོ་སྤྲོད་ཀྱི་ཉིན་མཐའ་མར་༧གོང་ས་མཆོག་གིས་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་རྒྱུ་ཡིན་འདུག་ལ། དེ་རིང་ཉིན་རྒྱབ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཞོན་སྐྱེས་ཚོར་དོལ་རྒྱལ་དང་འབྲེལ་བའི་ཐོག་གཏམ་བཤད་དང་། སང་ཉིན་ཕྱི་ཚེས་ ༥ ཉིན་གྱི་ཉིན་རྒྱབ་བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མིའི་སྒྲིག་འཛུཊ་ཀྱི་ངོས་ནས་དོལ་རྒྱལ་རྗེས་འབྲངས་པར་ལངས་ཕྱོགས་གང་འདྲ་ཡོད་མེད་དང་། དེའི་ཐད་ལས་འགུལ་གང་འདྲ་སྤེལ་གྱི་ཡོད་མེད་ཐོག་གཏམ་བཤད་གནང་རྒྱུ་ཡིན་འདུག

ཐེངས་འདི་ནི་༧གོང་ས་མཆོག་གིས་བོད་རིགས་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད་གནང་ཐེངས་བརྒྱད་པ་དེ་ཆགས་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 6

  1. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༈ཨ་རི་གཙོས་པའི་རྒྱལ་ཁབ་རྣམས་ཀྱི་རང་རང་གི་ས་གནས་ཐོག་ཏུ་དོལ་ཚོགས་ལྟ་བུ་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་ཁ་ཚབ་དང་ལག་ཚབ་བྱེད་མཁན་ཞིག་དགོས་མཁོ་ཡོད་ཀྱི་མ་རེད་

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    དོལ་ཚོགས་ཀྱི་བྱེད་སྟང་ལབ་སྟངས་འདི་གནས་ཡུལ་རྒྱལ་ཁབ་ཁག་གི་འདིའི་འབོད་ཚིག་གི་རྒྱབ་ལྗོངས་ལ་ཞིབ་འཇུག་གནང་གལ་ཆེ་

    Reply
  3. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ༈དོལ་ཚོགས་ཀྱི་བཙན་བྱོལ་བོད་པའི་བག་གྱོན་ཏེ་༧གོང་ས་མཆོག་དང་བོད་མིའི་གདོང་ལ་བུད་དེ་རྒྱ་ནག་དམར་གཞུང་ཀྱི་

    ཁ་ཚབ་ལག་ཚབ་བྱེད་བཞིན་འདི་གནས་ཡུལ་རྒྱལ་ཁབ་ཁག་གི་ཀྱང་རྒྱ་གཞུང་ཁ་ཚབ་ལག་ཚབ་བཞིན་འདི་བསམ་ཞིབ་དང་རྟག་དཔྱད་བྱེད་དགོས་པ་ལས་སྣང་ཆུང་བྱས་ཏེ་བཞག་ན་རྒྱ་གཞུང་གིས་ཁྱེད་ཚོའི་ས་གནས་ས་ཐོག་ཏུ་འང་སྣང་བ་གང་དྲན་བྱེད་ངེས་རེད།

    Reply
  4. གཙང་ཕྲུག་སྟོབས་ལགས། says:
    ལོ་ 12 སྔོན།

    ༄༅། །མཁྱེན་ཡངས་བོད་ཀྱི་དུས་བབ་གསར་འགོད་པ་ལགས།
    ༸སྤྱིར་ནོར་༸གོང་ས་༸རྒྱལ་བའི་དབང་པོ་མཆོག་གིས་རྡ་སར་གཞོན་སྐྱེས་ཚོར་བཀའ་ཆོས་གནང་སྐབས། ཁྱེད་རང་ཚོ་མི་རབས་གཞོན་པ་ཚོ་རེད། རྒན་པ་ཚོ་རྫོགས་འགྲོ་གི་རེད། ང་ལ་ཆ་བཞག་ན་ལོ་ ༧༩ དང་ ༨༠ སྒང་འགྲོ་བསྡད་ཡོད་པ་རེད། བོད་ལོ་རྩིས་ན་བརྒྱད་ཅུའི་སྒང་ལ་སླེབས་པ་རེད། ག་ཚོད་མཐོ་ནའང་ལོ་ ༡༥ དང་ ༢༠ རྗེས་ནས་ཤི་འགྲོ་གི་རེད། ད་ཁྱེད་རང་ཚོ་རེད། རྒན་པ་དེ་དག་རྫོགས་འགྲོ་གི་ཡོད་པ་རེད། གྲྭ་སའི་ནང་གི་དངོས་ནས་རྒྱན་དྲུག་མཆོག་གཉིས་དང་འགྲན་ནུས་པའི་མཁས་པའི་དབང་བོ་མང་པོ་ཞིག་རྫོགས་ཚར་པ་རེད། རྒན་བློ་བཟང་དབང་ཕྱུཊ་དང་རྒན་ཉི་མ། རྒན་པདྨ་རྒྱལ་མཚན་དེ་ཚོའི་གྲས་རྫོགས་ཚར་བ་རེད། ད་ལྷག་བསྡད་པའི་གྲས་དེ་རྒན་འཛམ་པ་བློ་བཟང་བཅས་ལས་མི་འདུག ཅེས་བཀའ་ཕེབས་པ་གསར་འགྱུར་གཏོང་སྐབས།

    ད་ལྷག་བསྡད་པའི་གྲས་དེ་རྒན་འཛམ་པ་བློ་བཟང་བཅས་ལས་མི་འདུག་ཅེས་བཀོད་པ་ནི། གསར་འགོད་པའི་སྒྲ་འཇུག་ཡོ་ཆས་ནང་་༸རྒྱལ་བའི་བཀའ་ཡག་པོ་ཞིག་བསྡུ་མ་ཐུབ་པས་སྒྲ་གསལ་པོ་མེད་པ་ལས་བྱུང་བའམ་། ཡང་ན་ཡི་གེ་འགོད་ནོར་ཤོར་བ་ཆ་མཆིས་ཀྱང་། བཀའ་དངོས་གནས་ནི། ད་ལྷག་བསྡད་པའི་གྲས་དེ་རྒན་གཙང་པ་བློ་བཟང་བཅས་ལས་མི་འདུག་ཅེས་བཀའ་ཕེབས་འདུག་ན། དྲ་ཐོག་དང་རྗེས་སོར་དུས་བབ་ཚགས་ཤོག་སྟེང་། འཛམ་པ། ཞེས་པ་དེ་གཙང་པ་ཞེས་པར་ནོར་བཅོས་ཡོང་བའི་གསོལ་འདེབས་དགོས་པའི་འབོད་སྐུལ་གནང་བྱུང་བས། དེ་དོན་དགོངས་བཞེས་ཡོད་པ་ཞུ།

    Reply
  5. བསོད་ནམས་རྡོ་རྗེ། says:
    ལོ་ 12 སྔོན།

    གོང་ས་མཆོག་གིས་གཞོན་སྐྱེས་ཚོས་ནང་ཆོས་ལ་བསླབ་པ་སློབ་གཉེར་གནང་དགོས་པ་དང་། ལྷག་པར་དུ་སློབ་གྲྭ་ཁག་ནང་རིགས་ལམ་རྩོད་པ་རྒྱག་པའི་ཐོག་ཤགུས་རྒྱག་དགོས་པའི་བཀའ་སློབ་ལམ་སྟོན་རབས་དང་རིམ་པ་གནང་ཡོད་པ་རེད། འོན་ཀྱང་བཙན་བྱོལ་ནང་གི་རྒད་པོ་རྒན་མོ་ཚོས་རིགས་ལམ་རྩོད་སྟངས་དེ་ལས་བསྡོམས་བཟོ་བྱེད་དང་༧གོང་ས་མཆོག་ཕེབས་སྐབས་ཕྱག་མཆོད་འབུལ་གྱི་ཚབ་ཙམ་རེད།
    སློབ་གྲྭ་ཁག་གི་དགེ་རྒན་ཚོ་ཡིད་ཆེས་ཡོད་པ་མ་རེད་ལ་སློབ་ཕྲུག་ཚོར་ཡང་སྤྲོ་སྣང་ཡོད་པ་མ་རེད།

    Reply
  6. རིག་བཟང་། says:
    ལོ་ 12 སྔོན།

    དེང་སྐབས་བོད་ནང་གི་སློབ་གྲྭ་ཁག་མང་པོའི་ནང་ཚད་མ་རིག་པ་སློབ་ཁྲིད་གནང་གི་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཞིག་རེད། སློབ་གྲྭ་ཁག་ཁ་ཤས་ནང་གི་རིགས་ལམ་རྩོད་སྟངས་དེ་ཧ་ཅང་ཡག་པོ་དང་ཚད་ལྡན། སློབ་ཕྲུག་ཕོ་མོ་ཚང་མ་རིགས་ལམ་རྩོད་པ་བྱེད་པར་སྤྲོ་སྣང་དང་དོ་ཁུར་ཆེན་པོ་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese