མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་རྩོམ་པ་པོའི་ཚོཊ་འདུར་མཉམ་ཞུཊ།

བོད་ཀྱི་དུས་བབ།
༢༠༡༤/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་རྒྱུན་ལས་ཁག་ཅིག་སི་པེན་ནང་ཚོགས་བཞིན་པའི་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཚོགས་འདུར་མཉམ་ཞུགས་གནང་ཡོད་འདུག

ཀ་ཏ་ལན་པེན་རྩོམ་པ་པོའི་མཐུན་ཚོགས་(Catalan PEN)ཀྱིས་གོ་སྒྲིག་འོག རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལོ་ཙཱ་དང་སྐད་ཡིག་རང་དབང་སྡེ་ཚན་གྱི་ཚོགས་འདུ་དེ་ཟླ་འདིའི་ཚེས་ ༢༥ ནས་ ༢༧ བར་ཉིན་གསུམ་རིང་སི་པེན་ (Spain) རྒྱལ་ཁབ་ཀྱི་ཀ་ཏ་ལོ་ན་ཡ་རང་སྐྱོང་མངའ་སྡེའི་གྲོང་ཁྱེར་ལྗེ་རོ་ན་(Girona) རུ་ཚོགས་ཡོད་པ་དང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་དང་། རྒྱུན་ལས་ཨ་རིག་དགེ་མཐོང་དང་རྡོ་རྗེ་ཚེ་རིང་བཅས་ཚོགས་ཞུགས་བྱས་ཤིང་། བོད་ཀྱི་སྐད་ཡིག་གི་གནས་སྟངས་དང་བརྡ་འཕྲིན་བརྒྱུད་ལམ་ནང་རྩོམ་འབྲིའི་སྐོར་ལ་གཏམ་བཤད་བྱས་ཡོད་འདུག

བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཐེངས་འདིའི་ཚོགས་འདུར་ཉི་ཧོང་དང་། ཧྥ་རན་སི། ལྷོ་ཨ་ཧྥེ་རི་ཀ ཧང་གྷ་རི་སོགས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཁག་ ༢༠ ཙམ་གྱི་འཐུས་ཚབ་རྩོམ་པ་པོ་དང་ལོ་ཙཱ་བ་སོགས་མཉམ་ཞུགས་བྱས་ཡོད་པ་དང་། ཚོགས་འདུའི་ཐོག་གྲོང་ཁྱེར་ལྗེ་རོའི་སྤྱི་ཁྱབ་སྐུ་ཞབས་ཀཱར་ལེས་པཱོས་ཆི་ཌེ་མོན ( Carles Puigdemont)མཆོག་གིས་ཚོགས་འདུའི་དབུ་འབྱེད་གསུང་བཤད་གནང་པ་དང་། ཉིན་གསུམ་རིང་ཡིག་སྒྱུར་གྱི་གལ་གནད་དང་བྱ་ཐབས་སྐོར་ཉམས་མྱོང་བརྗེ་རེས་དང་། རྩོམ་རིག་གི་ཕན་ནུས་འདོན་སྤེལ་བྱེད་ཐབས་སྐོར། དེ་བཞིན་དེང་རབས་བརྡ་འཕྲིན་བརྒྱུད་ལམ་ནང་རྩོམ་ཡིག་འབྲི་སྤེལ་གྱི་དགེ་སྐྱོན་བཅས་ཀྱི་སྐོར་ལ་བགྲོ་གླེང་གོ་བསྡུར་དང་། རྒྱལ་སྤྱིའི་པེན་གྱི་ཡན་ལག་ལོ་ཙཱ་དང་སྐད་ཡིག་སྡེ་ཚན་གྱི་ལས་དོན་བསྐྱར་ཞིབ། དེ་བཞིན་ ༢༠༡༡ ལོར་རྒྱལ་སྤྱིའི་པེན་རྩོམ་པ་པོའི་ཚོགས་ཆེན་ཐོག་སྤེལ་པའི་སྐད་ཡིག་རང་དབང་སྐོར་གྱི་བསྒྲགས་གཏམ་དོན་ཚན་ཁག་བཅུ་བསྐྱར་བསྒྲགས་སོགས་བྱས་ཡོད་འདུག

གནས་ཚུལ་ནང་མུ་མཐུད་དུ་བཀོད་དོན། ཚོགས་འདུ་ཉིན་གསུམ་པའི་སྔ་དྲོར། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས། བོད་ཀྱི་སྐད་ཡིག་དང་བརྡ་འཕྲིན་བརྒྱུད་ལམ་ནང་རྩོམ་འབྲིའི་གནས་བབ་སྐོར་ལ་གཏམ་བཤད་གནང་ཡོད། གཏམ་བཤད་རྩོམ་ཤོག་ནང་བོད་ཀྱི་སྐད་ཡིག་གི་གལ་གནད་དང་ད་ལྟའི་གནས་སྟངས་སྐོར། ༸གོང་ས་མཆོག་གི་དབུ་ཁྲིད་འོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བོད་སྐད་ཡིག་དང་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་ཚུལ། དེ་བཞིན་བོད་སྐད་ཡིག་དང་འབྲེལ་བའི་བོད་ཕྱི་ནང་གི་བརྡ་འཕྲིན་ལག་རྩལ་གྱི་གནས་བབ། བོད་མིའི་རང་ལུས་མེར་བསྲེགས་གནང་མཁན་མང་པོའི་ཞལ་ཆེམས་ནང་སྐད་ཡིག་སྦྱོང་སྤྱོད་ཀྱི་རང་དབང་དགོས་ཚུལ་གསལ་ཡོད་པ་ངོ་སྤྲོད། དེ་བཞིན་བོད་ཕྱི་ནང་དུ་བོད་སྐད་ཡིག་སློབ་སྦྱོང་དང་འབྲེལ་བའི་སྒེར་གྱི་ཉམས་མྱོང་བཅས་བཀོད་ཡོད་པ་དང་། མཇུག་ཏུ་གནད་དོན་དེ་དག་ཐད་དྲི་བ་དྲིས་ལན་བྱས་ཡོད། ཅེས་སོགས་འཁོད་འདུག

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༢༡ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༢༣ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༢༤ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

མཆན། 1

  1. དཔའ་ཆེན་དོན་གྲུབ། says:
    ལོ་ 11 སྔོན།

    བྲོས་བྱོལ་བོད་མིའི་ཚོགས་པ་འདི་དག་གི་མིང་རྫིག་པོ་རེད།
    ང་ནི་བློ་ཕམ་ཞིག་བྱུང་སོང་། འདི་འདྲ་ཞིག་མིན་ན་བསམ་ནས་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese