མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་མཚན་ཤས་བཟོས་ན་འགྲིག་གི་མེད།

བོད་ཀྱི་དུས་བབ།
༢༠༡༤/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཧྥ་རན་སིར་བོད་པ་ཚོར་འཆི་མེད་ཚེ་དབང་གནང་བ་དང་འབྲེལ་ཆོས་བརྒྱུད་ཁག་འཆམ་མཐུན་དང་ཆོལ་ཁ་གསུམ་ཆིག་སྒྲིལ་ཡོང་བཞིན་པའི་ཐད་ཚང་མས་མཉམ་རུབ་གནང་གལ་ཆེ་སྐོར་གསུངས་འདུག

ཉིན་འདི་འགར་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ཏུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཧྥ་རན་སིའི་བརྩེ་ཆེན་ཚོགས་པས་ཇི་ལྟར་གདན་ཞུས་གནང་བ་བཞིན། ཁ་སང་ཚེས་ ༢༩ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ ནས་ ༦ བར་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས། རྒྱལ་ས་ཕ་རི་སིའི་(Robespierre) ཝོ་བྷེ་སེ་པད་ཝེ་ས་གནས་ཚོགས་ཁང་དུ། བོད་པ་དང་ས་གནས་ཡུལ་མི་ ༡༠༠༠ བརྒལ་བར་འཆི་མེད་ཚེ་ཡི་བཀའ་དབང་དང་འབྲེལ་བཟང་སྤྱོད་ཐོག་བཀའ་སློབ་བསྩལ་ཡོད།

ཐོག་མར་བརྩེ་ཆེན་ཚོགས་པའི་ཚོགས་གཙོ་ངག་དབང་དཔལ་འབྱོར་ལགས་ཀྱིས། ཚོགས་པའི་དམིགས་ཡུལ་དང་བྱེད་སྒོ་ཁག་སྙན་སྒྲོན་ཞུས་རྗེས། ཚོགས་པའི་ཚོགས་མི་རྣམ་པ་དང་དང་ཕ་རི་བོད་གཞུང་དོན་གཅོད། བོད་རིགས་ཚོགས་པའི་སྐུ་ཚབ་སོགས་ཀྱིས་མནྡལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས། རིན་པོ་ཆེ་མཆོག་གིས་འཆི་མེད་ཚེ་ཡི་བཀའ་དབང་བསྩལ་ཏེ་མང་ཚོགས་ལ་མཇལ་ཁ་ཡང་གནང་ཡོད་པ་དང་། བཀའ་དབང་དངོས་སུ་མགོ་འཛུགས་མ་གནང་གོང་རིན་པོ་ཆེ་མཆོག་གིས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་མདོར་བསྡུས་ཤིག་གནང་རྗེས། དེང་སྐབས་ཚན་རིག་ཡར་རྒྱས་ཕྱིན་ཏེ་སྔོན་མ་ན་ཚ་བཅོས་མི་ཐུབ་པ་རྣམས་ཐུབ་པ་དང་། མི་འགྲོ་མི་ཐུབ་སར་འགྲོ་ཐུབ་པ་བྱུང་སྟེའགྱུར་བ་ཆེན་པོ་ཕྱིན་ཡོད་རུང་། ད་དུང་ཡང་ཚན་རིག་དང་དངོས་པོ་ཡར་རྒྱས་ཁོ་ནས་མིའི་སེམས་ཀྱི་འདོད་བློ་ཆ་ཚང་བསྐངས་ཐུབ་མེད་པར། བདེ་སྐྱིད་ངོ་མ་ཞིག་དགོས་ན་རང་གི་ཉོན་མོངས་ཀྱི་བློ་ཆུང་དུ་གཏོང་བ་དང་། གཞན་ཕན་སྙིང་རྗེའི་བློ་འཕེལ་ཐབས་ལ་འབད་དགོས་པ། སྔོན་མ་ཆོས་དུག་ཏུ་བལྟ་མཁན་ཚོས་ཀྱང་དེང་སྐབས་ནང་ཆོས་ལ་དོ་སྣང་ཆེན་པོ་བྱས་ཏེ། ནང་ཆོས་ཀྱི་རིན་ཐང་དང་ནུས་པ་ཇེ་ཆེར་འགྲོ་བཞིན་ཡོད་སྐོར་སོགས་གསུངས་ཡོད་འདུག

རིན་པོ་ཆེས་མུ་མཐུད་དུ་ཕྱི་རྒྱལ་དུ་གནས་སྡོད་བོད་པ་ཚོས་འཕྲལ་སེལ་འཚོ་བ་ཙམ་ལ་མགོ་མ་འཁོར་བར། བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་དོ་སྣང་གིས་སོ་སོའི་བྱིས་པར་བོད་པའི་བཟང་པོའི་གོམས་གཤིས་འཇགས་ཐབས་ལ་ཤུགས་སྣོན་དང་། ལྷག་པར་དུ་གཞོན་སྐྱེས་ཚོས་ནུབ་ཕྱོགས་པའི་བཟང་ཕྱོགས་ཀྱི་ཡོན་ཏན་ལ་ཁ་མིག་ཡར་བལྟ་དགོས་རྒྱུ་ལས། ཁོང་ཚོས་ཆང་རག་དང་བཟི་སྨན་འདྲེས་མའི་ཐ་མག་འཐེན་པར་དཔེ་བལྟས་ཏེ་ཞབས་འདྲེན་ཞུས་ན་བོད་པ་སྤྱི་ཡོངས་ཀྱི་མཚན་སྙན་ལ་གནོད་ཚབས་ཆེ་བས་ཡིད་གཟབ་དགོས་པ། དེང་སྐབས་༧གོང་ས་མཆོག་གི་བཀའ་དྲིན་འོག བོད་པའི་ཆོས་ལུགས་ཁག་འཆམ་མཐུན་དང་བོད་ཆོལ་ཁ་གསུམ་མཐུན་སྒྲིལ་རྡོག་རྩ་གཅིག་ཡོད་སྟབས། ད་དུང་མུ་མཐུད་གང་ཉིད་ཀྱི་དགོངས་གཞིའི་འོག་ཤར་བསྐྱོད་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་དང་། ཕྱི་རྒྱལ་དུ་སྡོད་མཁན་བོད་པ་ཚོས་༧གོང་ས་མཆོག་གི་ཞལ་རས་ཡང་ཡང་མཇལ་རྒྱུའི་དུས་ཚོད་རག་གི་མེད་ཀྱང་། སྐབས་དང་དུས་སོ་སོར་བརྙན་འཕྲིན་དང་དྲ་རྒྱ་བརྒྱུད་༧གོང་ས་མཆོག་གི་བཀའ་སློབ་གསལ་པོར་གསན་རྒྱུར་དོ་སྣང་དགོས་པའི་བཀའ་སློབ་ཀྱང་གནང་སོང་།

ཧྥ་རན་སིའི་མཛད་འཕྲིན་ཁག་འགྲུབ་རྗེས། དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་སུད་སི་དང་སྦེལ་ཇེམ་དུ་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག ཅེས་ས་གནས་ནས་རིག་བཟང་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

ཆུ་ཚོད་ ༤ སྔོན་ལ།
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༦ སྔོན་ལ།
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

ཆུ་ཚོད་ ༦ སྔོན་ལ།
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 1

  1. ཕུན་ཚོགས་ཚེ་རིང་། says:
    ལོ་ 12 སྔོན།

    དཔལ་༧གོང་མ་ས་སྐྱ་རིན་པོ་ཆེ་མཆོག་སྐུ་ཚེ་སྐལ་བརྒྱར་བརྟན་པར་ཤོག ཁྱེད་ཀྱིས་ཆོས་བཤད་རྐྱང་པ་དང་ཚེ་ཕྱི་མ་སོགས་ཤོད་ནས་སྡོད་རྒྱུ་མ་ཡིན་པར་བོད་སྤྱི་བའི་རྩ་དོན་དང་འབྲེལ་བའི་ཐོག་བཀའ་སློབ་གནང་བར་ཐུགས་རྗེ་ཆེ། (དེང་སྐབས་༧གོང་ས་མཆོག་གི་བཀའ་དྲིན་འོག བོད་པའི་ཆོས་ལུགས་ཁག་འཆམ་མཐུན་དང་བོད་ཆོལ་ཁ་གསུམ་མཐུན་སྒྲིལ་རྡོག་རྩ་གཅིག་ཡོད་སྟབས། ད་དུང་མུ་མཐུད་གང་ཉིད་ཀྱི་དགོངས་གཞིའི་འོག་ཤར་བསྐྱོད་དགོས་རྒྱུ་ཧ་ཅང་གལ་ཆེན་ཡིན)

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese