མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམག་གིས་ལ་དྭགས་ལ་བཙན་འཛུལ།

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཉིན་འགའི་སྔོན་རྒྱ་དམག་གིས་ལ་དྭགས་ནང་བཙན་འཛུལ་བྱས་ཏེ་འབྲོག་པ་ཚོའི་སྡོད་གུར་གཏོར་རྗེས་ཕྱོགས་གཉིས་བར་གྲོས་མོལ་བྱས་ཏེ་གནས་སྐབས་རིང་འགྲིག་འཇགས་བྱུང་ཡོད་འདུག

དེ་རིང་རྒྱ་གར་གྱི་གསར་ལམ་ཁག་ཅིག་ནང་གནས་ཚུལ་ཐོན་པར། ཟླ་འདིའི་ཚེས་ ༢༢ ཉིན་རྒྱ་ནག་བཅིངས་འགྲོལ་དམག་དཔུང་གིས་རྒྱ་དཀར་ནག་གི་རྩོད་རྙོག་ཆེ་བའི་ས་ཁུལ་ལ་དྭགས་ཀྱི་ཅཱར་ཊིན་ནེ་ལོ་ནོ་ལཱ་ (Charding Nilu Nullah ) ཞེས་པའི་ས་ཁུལ་ནང་བཙན་འཛུལ་བྱས་ཏེ། ལ་དྭགས་ཀྱི་འབྲོག་པ་ཚོའི་སྡོད་གུར་གཏོར་བཤིག་བཏང་སྟེ། ཁོ་རང་ཚོས་དམག་གུར་བརྒྱབ་ཡོད་སྟབས། ཕྱོགས་གཉིས་ཀྱི་ས་མཚམས་སྲུང་དམག་ས་གནས་སུ་བསླེབས་ཏེ་གནས་ཚུལ་ཛ་དྲག་ཆགས་བཞིན་པའི་སྐབས་ཕྱོགས་གཉིས་ཀྱི་དམག་དཔོན་བར་གྲོས་མོལ་བྱས་ཏེ་ཕྱིར་འཐེན་བྱས་ཡོད་འདུག

གནད་དོན་འདིའི་ཐད་རྒྱ་གར་གྲོས་ཚོགས་ཀྱི་ལ་དྭགས་བྷེ་ཇེ་པེ་འཐུས་མི་ཐུབ་བསྟན་ཆོས་དབང་ལགས་ཀྱིས་རྒྱ་གར་བརྙན་ འཕྲིན་གསར་ཁང་ (CNN, IBN) གི་གསར་འགོད་པར། གཟའ་པ་སངས་ཉིན་རྒྱ་ནག་དམག་མིས་ལ་དྭགས་ས་གནས་འབྲོག་པ་ཚོའི་སྡོད་གུར་གཏོར་ནས་རྒྱ་དམག་གི་གུར་བརྒྱབ་པའི་ཚབས་ཆེན་རང་བཞིན་གྱི་གནས་ཚུལ་ཞིག་བྱུང་ཡོད་ཅེས་བརྗོད་འདུག བྷེ་ཇེ་པེ་མགོ་ཁྲིད་སི་བཱ་མེ་ (Subramanian Swamy) ལགས་ཀྱིས། རྒྱ་ནག་ང་ཚོའི་རྒྱལ་ཁོངས་སུ་ཚུར་འཛུལ་ཕར་འགྲོ་བྱེད་ཀྱི་ཡོད་པ་མཐོང་རྒྱུ་གལ་ཆེན་པོ་རེད། ང་ཚོར་ཐོག་མ་ནས་ས་མཚམས་ཀྱི་ས་ཐིག་གསལ་བོ་ཞིག་མེད་སྟབས་སོ་སོའི་རྒྱལ་ཁོངས་སུ་བཙན་འཛུལ་བྱེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་པ་ཅེས་བརྗོད་འདུག

ཀོང་རེ་སི་ཚོགས་པས་མུ་དྷིའི་གཞུང་ལ་སྐྱོན་བརྗོད་བྱས་ཏེ། ཀོང་རེ་སིའི་མགོ་ཁྲིད་མ་ནེ་ཤཱི་ཌེ་བཱ་རེ་ (Manish Tewari ) ལགས་ཀྱིས་གསར་འགོད་པར། མུ་དྷིའི་སྲིད་དོན་ཚོགས་པས་གཞུང་བཟུང་ནས་ད་བར་རྒྱ་ནག་གིས་རྒྱ་གར་ལ་ཐེངས་ག་ཚོད་བཙན་འཛུལ་བྱས་སོང་། ནམ་རྒྱུན་བྷེ་ཇེ་པེ་ཚོགས་པས་བཤད་བསྡད་པའི་ཕྱི་སྲིད་སྟོབས་ཤུགས་ཟེར་བ་གང་དུ་བྲོས་ཚར་བ་རེད། གཞུང་འཛིན་ཚོགས་པས་ས་མཚམས་དང་འབྲེལ་བའི་གནད་དོན་གང་མགྱོགས་སེལ་ཐུབ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་འདུག

རྒྱ་གར་གྱི་བདེ་སྲུང་ཆེད་མཁས་པ་བྷ་སི་ཀར་ (Uday Bhaskar) ལགས་ཀྱིས། རྒྱལ་ཁབ་གཉིས་བར་གྱི་ས་མཚམས་ལ་ས་ཐིག་ཏག་ཏག་ཅིག་མེད་ན་བཙན་འཛུལ་ལྟ་བུའི་བྱེད་སྟངས་མུ་མཐུད་དུ་བྱུང་གི་རེད། དེ་ནི་རྒྱལ་ཁབ་ཕན་ཚུན་བར་སྟོབས་ཤུགས་དང་གྲ་སྒྲིག་ཡོད་མེད་ལ་ཉམས་ཚོད་ལེན་སྟངས་ཤིག་ཀྱང་རེད་ཅེས་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གིས་རྒྱ་གར་ས་ཁོངས་ལ་བཙན་འཛུལ་བྱེད་པ་དང་། ཨ་རུ་ནཱ་ཅལ་མངའ་སྡེ་དང་ཇ་མུ་ཀ་ཤི་མུར་མངའ་སྡེ་གཉིས་ནང་གི་མི་ཚོས་རྒྱ་ནག་ལ་མཐོང་མཆན་ཞུ་སྐབས། རྒྱ་ནག་གིས་ཁོང་ཚོའི་ཕྱི་སྐྱོད་ལག་ཁྱེར་ཐོག་མཐོང་མཆན་མི་སྤྲོད་པར་སྤྱིར་བཏང་གི་ཤོག་བུའི་ཐོག་སྤྲད་དེ་རྒྱ་གར་ལ་རྣམ་འགྱུར་མི་ལེགས་པ་སྟོན་པ་སོགས་ལ་བརྟེན་ཏེ། རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་སེལ་དགོས་ན་རྒྱ་གར་གྱི་ཕྱོགས་ནས་བློས་གཏོང་མང་པོ་ཞིག་བྱེད་དགོས་ཡོད་ཚུལ་བརྗོད་འདུག

རྒྱ་ནག་གིས་རྒྱ་གར་གྱི་བདག་བཟུང་འོག་ཡོད་པའི་བྱང་ཤར་ཧི་མ་ཡའི་རི་རྒྱུད་ཀྱི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༩༠༠༠༠ ཙམ་རྒྱ་ནག་གི་ས་ཁོངས་ཡིན་པར་བརྗོད་པ་དང་། རྒྱ་གར་གྱིས་ཀྱང་ཨ་ཀ་སཱ་ཆིན་ (Aksai Chin) མཐོ་སྒང་གི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༣༨༠༠༠ ཙམ་རྒྱ་ནག་གིས་བཙན་བཟུང་བྱས་ཡོད་པར་བརྗོད་ཀྱི་ཡོད་པ་རེད།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༠ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

མཆན། 2

  1. གངས་ལྡོམ། says:
    ལོ་ 12 སྔོན།

    རྒྱ་ནག་གུང་ཁྲན་གྱིས་རྒྱ་གར་ལ་ཐུབ་ཚོད་བྱས་དང་བྱེད་བཞིན་པ། ཡང་ན་བྱ་འོང་པ་སོགས་ནི་རྒྱ་གར་ལ་རྒྱུ་འབྲས་འཁོར་གི་ཡོད་རེད། དེ་མིན་རྒྱ་གར་གྱིས་གུང་ཁྲན་གྱི་རྐུབ་ལྡག་ནས་བོད་རང་བཙན་ཡིན་པ་ནམ་ཡང་ཁོག་ནས་ཡོད་ཀྱང་ཁ་ནས་ཐོན་གི་མ་རེད།
    འདི་བོད་པ་ཚོར་མཚོན་ན་གཏམ་བཟང་རང་རེད།

    Reply
  2. ཐོ་རེངས། says:
    ལོ་ 12 སྔོན།

    མི་ལ་ཉམས་མྱོང་ཐོབ་ན་བཟང་ནི་རེད། ཡག་གི་ཡག་གི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese