མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤུའི་ལྷ་ཁང་གཏོར་བཤིག

བོད་ཀྱི་དུས་བབ།
༢༠༡༤/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་ཀྲེ་ཅང་ཞིང་ཆེན་གྱི་ཡེ་ཤུའི་ལྷ་ཁང་གསུམ་གྱི་ཆོས་རྟཊ་གཏོར་བཤིག་བཏང་ཡོད་པ་དང་། རྒྱ་གཞུང་གི་བསྡོམས་རྩིས་ལྟར་ན་ད་ལྟའི་བར་ཁྱོན་ཡེ་ཤུའི་ལྷ་ཁང་ ༣༦༠ ལྷག་གཏོར་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པ་ས་གནས་ཀྱི་ཆུ་ཚོད་ ༣ པ་ཡོལ་ཙམ་ལ། ཀྲེ་ཅང་ཞིང་ཆེན་ཝུན་ཀྲུའུ་གྲོང་ཁྱེར་ཚཱང་ནན་རྫོང་ཁོངས་ཀྱི་ཧེ་ཨིན་ཡེ་ཤུའི་ལྷ་ཁང་དུ་ལས་མི་བརྒྱ་གྲངས་ཤིག་སླེབས་ཏེ། བཙན་གྱིས་ལྷ་ཁང་གི་ཆོས་རྟགས་གཏོར་བཤིག་བཏང་པར་བརྟེན། ཡུལ་མི་ཡེ་ཤུ་བ་དང་ལས་མིའི་བར་འཁྲུག་འཛིང་ཤོར་ཏེ་ཡུལ་མི་མང་པོར་གཅར་རྡུང་བཏང་ཡོད་པ་མ་ཟད། མི་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་འདུག

ཡེ་ཤུ་ཡུལ་མི་ཞིག་གིས། ཁྲིམས་འགལ་གྱིས་འཛུགས་བསྐྲུན་བྱས་པའི་ཉེས་མིང་འོག བདུན་ཕྲག་གཉིས་ཙམ་གྱི་གོང་དུ་སྲིད་གཞུང་གིས་ང་ཚོའི་ལྷ་ཁང་གཏོར་རྒྱུ་ཡིན་པའི་བརྡ་ཐོ་ཞིག་བཏང་འདུག་པས། ང་ཚོ་ཉིན་ལྟར་ལྷ་ཁང་དུ་འཛོམས་ཏེ་སྲུང་སྐྱོབ་བྱས་པ་མ་ཟད། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་མཚན་གང་བོར་ང་ཚོ་མི་ ༢༠༠ ཙམ་གྱིས་ལྷ་ཁང་བསྲུངས་སྟེ། ཆོས་དཔེ་གྱེར་འདོན་དང་གསོལ་འདེབས་བྱས་ནས་བསྡད་པ་དང་། ལྷ་ཁང་འདི་བཞེངས་ནས་ལོ་གཉིས་ལས་འགོར་མེད་ལ། འཛུགས་བསྐྲུན་གྱི་ཆོག་མཆན་ཆ་ཚང་ཡོད་ཀྱང་། ང་ཚོས་བཀག་འགོག་མ་ཐུབ་པར་ལྷ་ཁང་གི་ཡེ་ཤུའི་ཆོས་རྟགས་གཏོར་བཤིག་བཏང་སོང་། ཞེས་བརྗོད་འདུག

གཞན་ཡང་། ཉིན་དེའི་མཚན་མོའི་ཆུ་ཚོད་ ༡༢ ཙམ་ལ། ལས་མི་དང་ཉེན་རྟོག་པ་མང་པོ་ཝུན་ཀྲུའུ་ལུའུ་ཁྲིན་ས་ཁུལ་གྱི་ཝོ་ཆོ་ཡེ་ཤུ་ལྷ་ཁང་དུ་བསླེབས་ཏེ། རྒྱུ་མཚན་ཅི་ཡང་མ་བཤད་པར་ལྷ་ཁང་གི་ཆོས་རྟགས་བཙན་གཏོར་བྱས་ཡོད་སྟབས། ཡེ་ཤུ་ཡུལ་མི་ཚོས་རྒྱུ་མཚན་ཅི་ཡིན་འདྲི་སྐབས་ཉེན་རྟོག་པས་གང་བྱུང་གཅར་རྡུང་བཏང་ཡོད་འདུག དེ་བཞིན། ཉིན་དེའི་སྔ་དྲོར་ཝུན་ཀྲུའུ་ཝཱ་ཧེ་ས་ཁུལ་གྱི་ཡེ་ཤུའི་ལྷ་ཁང་ཞིག་གི་ཆོས་རྟགས་ཀྱང་གཏོར་བཤིག་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ལུའུ་ཁྲིན་གྱི་ཡུལ་མི་ཞིག་གིས་གསར་འགོད་པར། ང་ཚོས་དབུས་དང་ས་གནས་སྲིད་གཞུང་གིས་སྤྲད་པའི་གཏོར་བཤིག་ཆོག་པའི་ཡིག་ཆ་སྟོན་དགོས་པའི་རེ་སྐུལ་བྱས་ཀྱང་སྟོན་རྒྱུ་མི་འདུག བརྡ་ཐོ་སོགས་གང་ཡང་མ་འབྱོར་བར་ལྐོག་ལྐོག་སུད་སུད་ཀྱིས་ཡོང་སྟེ་གཏོར་བཤིག་བཏང་སོང་། ད་ལྟའི་བར་དུ་ང་ཚོའི་ས་ཁུལ་ནས་ཡེ་ཤུའི་ལྷ་ཁང་ ༣ ནས་ ༥ ཡི་ཆོས་རྟགས་གཏོར་ཚར་བ་རེད། ཅེས་བརྗོད་འདུག

ད་སྐབས་རྒྱ་ནག་ནང་ཡེ་ཤུ་ཆོས་པ་ཁྱོན་ས་ཡ་ ༦༥ ཙམ་ཡོད་པ་དང་། ཀྲི་ཅང་ཞིང་ཆེན་ནི་རྒྱ་ནག་གི་ཡེ་ཤུ་ཆོས་པ་ཆེས་མང་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་སྟབས། འདས་ལོའི་ལོ་མཇུག་ནས་བཟུང་རྒྱ་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་འགལ་ཆོས་ལུགས་འདུ་འཛོམས་ཁང་གཙང་སེལ་ཞེས་པའི་ལས་འགུལ་སྤེལ་ཏེ། ད་ལྟའི་བར་ཁྱོན་ཡེ་ཤུའི་ལྷ་ཁང་ ༡༣༠ ལྷག་གཏོར་བཤིག་བཏང་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ཀྱི་བསྡོམས་རྩིས་ལྟར་ན། ད་ལྟའི་བར་ཀྲི་ཅང་ཞིང་ཆེན་ནང་ཡེ་ཤུ་ལྷ་ཁང་ཡོངས་སུ་གཏོར་བ་དང་ཆོས་རྟགས་གཏོར་བ་ཁྱོན་ ༣༦༠ ལྷག་ཡོད་པ་དང་། དེ་མིན་གྱི་ལྷ་ཁང་མང་པོའི་ངོ་བོ་བསྒྱུར་ཏེ་ཆོས་ཚོགས་ཀྱི་ལས་རྟགས་སོགས་མེད་པར་བཟོས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

ཆུ་ཚོད་ ༢ སྔོན་ལ།
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

ཆུ་ཚོད་ ༤ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese