མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་ཉེན་བརྡ་བཏང་འདུག

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས་བཀའ་བློན་ལྷན་རྒྱས་བསྐོངས་ཏེ། ལོ་རེའི་སྲུང་སྐྱོབ་སྐོར་གྱི་སྲིད་བྱུས་འཛིན་སྟངས་ཐད་ཤོག་ལྷེ་ ༥༠༥ ཅན་གྱི་རྒྱབ་ཤ་དཀར་པོའི་དེབ་ཅིག་ཕྱིར་བསྒྲགས་བྱས་ཡོད་པ་དང་། ཡིག་ཆ་དེའི་ནང་རྒྱ་ནག་གཞུང་གིས་མུ་མཐུད་ཞི་བདེ་རྒྱ་མཚོ་དང་ཤར་རྒྱ་ནག་རྒྱ་མཚོའི་བདག་དབང་ལ་བཙན་འཛུལ་འཇིགས་སྐུལ་བྱས་ཚེ་དེར་མཇུག་འབྲས་ཅི་ཡོང་བཤད་དཀའ་བ་དང་། གལ་སྲིད་ཡ་ང་བའི་གནས་ཚུལ་འདྲ་བྱུང་བ་ཡིན་ན་དེའི་འགན་ཡོངས་རྫོགས་རྒྱ་ནག་གིས་འཁུར་དགོས་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཉི་ཧོང་སྲུང་སྐྱོབ་ཆེད་ ༢༠༡༤ ནས་ ༢༠༡༩ བར་ཨ་སྒོར་ཐེར་འབུམ་ ༢༤༠ ཡི་འགྲོ་གྲོན་བཏང་སྟེ་དམག་རྒྱག་གནམ་གྲུ་དང་། བྱིངས་གྲུ། གནམ་ས་གཉིས་ཐོག་གི་དམག་འཐབ་འཕྲུལ་འཁོར། ལྕགས་འཁྲབ་འཁོར་ལོ་གང་མང་བཟོ་སྐྲུན་བྱས་ཏེ་རྒྱ་ནག་གི་བྱ་སྤྱོད་ལ་ཁ་གཏད་གཅོག་རྒྱུ་ཡིན་སྐོར་བསྒྲགས་འདུག

སྲིད་བློན་ཤིང་ཛོ་ཨ་བྷེ་ཡིས། “ཉེ་ལམ་རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་ཐོག་མཁའ་དབྱིངས་དབྱེ་མཚམས་ཐིག་ཚད་བཟོས་པ་མ་ཟད། ལྷོ་ཤར་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་བྱས་ཏེ། ཨེ་ཤ་ཡ་དང་ཉི་ཧོང་གི་བརྟན་ལྷིང་སྲུང་སྐྱོབ་ལ་འགོག་རྐྱེན་བཟོ་བཞིན་ཡོད་སྟབས། ཡིག་ཆ་འདི་ཕྱིར་བསྒྲགས་བྱས་པ་ཡིན” ཞེས་བརྗོད་འདུག

ཡིག་ཆ་དེའི་ནང་། “འདས་པའི་ལོ་ངོ་བཅུ་ཕྲག་ཅིག་རིང་རྒྱ་ནག་གཞུང་གིས་བདེ་སྲུང་ཆེད་འགྲོ་གྲོན་ལྡབ་གསུམ་ཙམ་འཕར་སྣོན་བྱས་པ་མ་ཟད། རྒྱལ་སྤྱིའི་ཁྲིམས་ལུགས་རྩ་བརྒལ་བཏང་སྟེ་ཤར་རྒྱ་ནག་རྒྱ་མཚོའི་བདག་དབང་རྩོད་ལེན་གྱིས་རྒྱལ་སྤྱི་དང་ཨེ་ཤ་ཡ། ལྷག་པར་དུ་ཉི་ཧོང་ལ་དྲག་རྒོལ་མུ་མཐུད་བྱེད་བཞིན་ཡོད་སྟབས། དེའི་མཇུག་འབྲས་གང་ཡོང་རྒྱ་ནག་གཞུང་གིས་འཁུར་དགོས” ཞེས་དང་། “བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་དང་དམག་རྒྱག་ལག་ཆ་མང་པོ་ཞིག་བཟོ་སྐྲུན་ཚོད་ལྟ་བྱས་ཏེ། ཉི་ཧོང་དང་ཨེ་ཤ་ཡའི་མངའ་ཁུལ་བདེ་འཇགས་ལ་དཀའ་ངལ་བཟོ་བཞིན་ཡོད་སྟབས། རྒྱལ་སྤྱིའི་བརྟན་ལྷིང་ཆེད་ཨ་རིའི་དམག་མི་ཞི་བདེ་རྒྱ་མཚོའི་ཐོག་གཏན་སྡོད་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད” ཅེས་སོགས་འཁོད་འདུག

༢༠༡༢ ལོའི་ཟླ་ ༩ ནང་ཉི་ཧོང་གཞུང་གིས་རྒྱ་ནག་དང་བདག་དབང་རྩོད་ལེན་བཞིན་པའི་ཤར་རྒྱ་ནག་རྒྱ་མཚོའི་མཚོ་ཁུལ་ཁག་ཅིག་བདག་བཟུང་བྱ་རྒྱུ་ཡིན་སྐོར་བསྒྲགས་རྗེས། རྒྱ་ནག་གིས་ཉི་ཧོང་གཞུང་ལ་སྡིགས་ར་ཐེངས་མང་བྱས་ཡོད་ཅིང་། ལྷག་པར་དུ་ཉི་ཧོང་དང་རྒྱ་ནག་གི་རྩོད་གཞི་ཅན་གྱི་སཱིན་ཁཱ་ཁཱའོ་མཚོ་གླིང་དུ་རྒྱ་ནག་གི་མཚོ་དམག་གྲུ་གཟིངས་བཏང་སྟེ། ༢༠༡༤ ལོའི་ཟླ་ ༥ ཚེས་ ༢ དང་ཚེས་ ༡༢། དེ་བཞིན་ཟླ་ ༦ དང་ ༧ བཅས་ནང་བཙན་འཛུལ་ཐེངས་གསུམ་ཙམ་བྱས་ཡོད་འདུག

༢༠༡༣ ལོའི་ཟླ་ ༡༡ པའི་ཚེས་ ༧ ཉིན་རྒྱ་གཞུང་གིས་ཞི་བདེ་རྒྱ་མཚོའི་ཐོག་མཁའ་དབྱིངས་ཐིག་ཚད་བཟོས་ཏེ། ཨེ་ཤ་ཡའི་མངའ་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་གནོན་ཤུགས་སྤྲད་ཡོད་སྟབས། བྷུར་ནི་ (Brunei) དང་མ་ལི་ཤི་ཡ། ཝེ་ཋི་ནམ། ཧྥི་ལི་ཕིན། ཐེ་ཝན་བཅས་ཀྱིས་སྐྱོན་བརྗོད་དང་འབྲེལ་ཁ་གཏད་གཅོག་བཞིན་ཡོད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། དེ་རིང་ཉི་ཧོང་གིས་རྒྱབ་ཤ་དཀར་པོ་ཞེས་པ་ཞིག་བཏོན་ཏེ་རྒྱ་ནག་དང་བྱང་ཀོ་རི་ཡར་སྡིགས་ར་སྐུལ་ཡོད་སྟབས། མ་འོངས་པར་ཤར་ལྷོ་རྒྱ་ནག་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་བདག་དབང་གནད་དོན་ཐད་ ཨེ་ཤ་ཡའི་མངའ་ཁུལ་ནང་དམག་འཁྲུག་གི་ཉེན་ཁ་ཆེན་པོ་ཆགས་ཡོད་སྐོར་བརྗོད་འདུག ཉི་ཧོང་གཞུང་གི་རྒྱབ་ཤ་དཀར་པོའི་ཡིག་ཆ་དེའི་སྐོར་ལ། ད་སྔ་རྒྱ་ནག་དང་བྱང་ཀོ་རི་ཡས་ལན་འདེབས་གང་ཡང་བྱས་མི་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༡ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༣ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢

མཆན། 2

  1. གངས་ལྡོམ། says:
    ལོ་ 12 སྔོན།

    རྒྱ་ནག་གི་སྟོབས་ཤུགས་ཆེ་ནས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར།
    ཉི་ཧོང་གིས་ཀྱང་དགྱ་རོ་ཚང་གི་གནོན་ཤུགས་འོག་དཀའ་སྡུག་མྱོང་གི་ཡོད་རེད།
    ཨེ་ཤ་ཡ་རྒྱལ་ཁབ་ཚོའི་ནང་དགྱ་རྒན་ཚང་ལ་ཁ་གཏད་གཅོག་པའི་ནུས་སྟོབས་ཡོད་མཁན་གཅིག་པོ་དེ་ཉི་ཧོང་ལས་གཞན་མེད།
    ཉི་ཧོང་རྒྱལ་གྱུར་ཅིག

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ཉི་ཧོང་རྒྱལ་འགྱུར་ཅིག་ཤིང་ཛོ་ཨ་བྷེ་ཡི་སྙིང་སྟོབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese