མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་སྲིད་བློན་བལ་ཡུལ་དུ་གཟིཊ་སྐོར།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དང་དེ་རིང་ཉིན་གཉིས་རིང་རྒྱ་གར་སྲིད་བློན་བལ་ཡུལ་ནང་གཟིགས་སྐོར་བྱས་ཏེ་བལ་ཡུལ་ལ་རོགས་དངུལ་སྤྲོད་པ་དང་རྒྱལ་ཁབ་གཉིས་བར་ཚོང་དོན་དང་ཚན་རྩལ་ཐོག་གྲོས་མཐུན་མང་པོ་ཞིག་བཞག་ཡོད་འདུག

ཁ་སང་དང་དེ་རིང་ཉིན་གཉིས་རིང་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་བལ་ཡུལ་དུ་བསྐྱོད་དེ་བལ་ཡུལ་གྱི་སྲིད་འཛིན་རམ་བྷ་རན་ (Ram Baran Yadav)དང་། སྲིད་བློན་སོ་ཤེལ་ཀོ་རེ་ལཱ་ ( Susshil Koirala)། སྲིད་བློན་གཞོན་པ་བྷམ་གྷོ་དྷམ་ (Bam Dev Gautam) སོགས་དང་ཐུག་འཕྲད་ཀྱིས་བལ་ཡུལ་ནང་དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་སྐེ་ལྦའི་ནད་གཞི་འགོག་ཐབས་ཆེད་བལ་སྒོར་ས་ཡ་ ༦༩ ཡི་རོགས་རམ་དང་། བལ་ཡུལ་དང་རྒྱ་གར་བར་ཆུ་མཛོད་གློག་ཁང་གསར་རྒྱག་ལས་གཞི། བལ་ཡུལ་གྱི་བརྙན་འཕྲིན་ཚན་པ་དང་རྒྱ་གར་གྱི་ཌུར་དྷ་ཤིན་(Doordarshan) བར་མཉམ་ལས་བྱེད་ཕྱོགས་བཅས་ལ་མིང་རྟགས་བཀོད་ཡོད་འདུག

ད་དུང་། རྒྱ་གར་གཞུང་གིས་ ༡༩༥༠ ལོར་བཞག་པའི་རྒྱ་གར་དང་བལ་ཡུལ་ཀྱི་མཛའ་འབྲེལ་གྲོས་མཐུན་ (India-Nepal friendship treaty) ལ་བསྐྱར་ཞིབ་བྱ་རྒྱུ་དང་། ཁོར་ཡུག་དང་ཡུལ་སྐོར་སྤྲོ་འཆམ། ཚོང་དོན་དང་བདེ་འཇགས་བཅས་ཀྱི་ཐད་གྲོས་མོལ་བྱས་ཡོད་པ་མ་ཟད། ཁ་སང་ཉིན་རྒྱབ་ནཱ་རེན་ཌ་མུ་དྷེ་བལ་ཡུལ་གྲོས་ཚོགས་ནང་ཕེབས་ཏེ་སྐར་མ་ ༤༥ ཙམ་རིང་གཏམ་བཤད་བྱས་ཡོད་པ་དང་། ཁོང་གིས་བལ་ཡུལ་འཕེལ་རྒྱས་གཏོང་ཐབས་ (HIT formula ) ཞེས་པ་ཞིག་བསྒྲགས་ཏེ། རྒྱ་གར་གཞུང་གིས་བལ་ཡུལ་གྱི་གཞུང་ལམ་འཛུགས་སྐྲུན་དང་བརྡ་འཕྲིན་འཕེལ་རྒྱས། གློག་ལམ་རྒྱུད་གཏོང་བཅས་ཀྱི་ཐད་ཨ་སྒོར་ཐེར་འབུམ་ ༡ གི་སྐྱེད་མེད་བུ་ལོན་གཡར་ཡོད་འདུག འདི་ནི་ལོ་ངོ་ ༡༧ རྗེས་རྒྱ་གར་གྱི་སྲིད་བློན་བལ་ཡུལ་ནང་ཕེབས་ཐེངས་ཐོག་མ་དེ་ཆགས་ཡོད་འདུག

སྲིད་བློན་མུ་དྷེ་ཡིས། “€œརྒྱ་གར་དང་བལ་ཡུལ་གྱི་འབྲེལ་ལམ་ནི་ཧི་མ་ལ་ཡ་དང་ཆུ་བོ་གངྒཱ་ལས་རྙིང་པ་ཆགས་ཡོད་སྟབས། ང་ཚོའི་འབྲེལ་ལམ་དེ་ཡིག་ཐོག་ཏུ་གང་འཁོད་ཙམ་ལ་གཞི་མ་བཅོལ་བར། མི་དང་མིའི་བར་གྱི་འདུ་ཤེས་ལས་བྱུང་བའི་མཛའ་མཐུན་འབྲེལ་ལམ་ཞིག་ཡོང་བ་བྱ་དགོས” €ཞེས་དང་། ད་དུང་ཁོང་གིས། “€œད་ལྟ་ངའི་སེམས་ནང་བལ་ཡུལ་ལ་རྡོག་རྒྱག་ (hit) ཅིག་ཞུ་རྒྱུ་བྱུང་ན་བསམ་གྱི་འདུག ངའི་སྐད་ཆ་དེའི་ཚིག་ངོས་ནས་ཁྱེད་ཚོར་ཕོག་ཐུག་འགྲོ་སྲིད་ཀྱང་། ངས་ང་ཚོས་རོགས་རམ་བྱས་ཏེ་བལ་ཡུལ་གྱི་གཞུང་ལམ་དང་། བརྡ་འཕྲིན་ཚན་རྩལ་སོགས་འཕེལ་རྒྱས་མདུན་སྐྱོད་ཤུགས་ཆེ་ཙམ་གཏོང་འདོད་པ་དེ་ཡིན” ཞེས་སོགས་བརྗོད་འདུག

བལ་ཡུལ་གྱི་སྲིད་འཛིན་རམ་བྷ་རན་གྱིས། €œ “ཁ་སང་ཁྱེད་ཀྱིས་བལ་ཡུལ་གྲོས་ཚོགས་ནང་གཏམ་བཤད་སྤེལ་བ་དེས། ང་ཚོའི་བློ་སེམས་གཉིས་ཆ་འགུག་ཐུབ་པ་བྱུང་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་འབྲེལ་ལམ་ཡར་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བསྐྲུན་ཡོད།”€ཅེས་དང་། བལ་ཡུལ་སྲིད་བློན་གྱིས། “€œརྒྱ་གར་སྲིད་བློན་བལ་ཡུལ་ནང་ཕེབས་པ་དེས། རྒྱལ་ཁབ་གཉིས་བར་འཕྲད་བཞིན་པའི་དཀའ་ངལ་མང་དག་ཅིག་སེལ་ཡོད་སྟབས། མ་འོངས་པར་ལས་འཆར་གང་མང་ཐོག་མཉམ་ལས་བྱ་རྒྱུ་ཡིན” €ཞེས་བརྗོད་འདུག

༡༩༥༠ ལོར་རྒྱ་གར་དང་བལ་ཡུལ་བར་མཛའ་འབྲེལ་གྲོས་མཐུན་ (India-Nepal friendship treaty) ཞེས་པ་བཞག་སྟེ་ཚོང་དོན་དང་བདེ་སྲུང་། བལ་ཡུལ་གྱི་མི་སེར་རྒྱ་གར་གྱི་མི་སེར་གཅིག་མཚུངས་ལྟར་རྒྱ་གར་ནང་སློབ་སྦྱོང་དང་ལས་ཀའི་ཐོབ་ཐང་སྤྲོད་རྒྱུ་དང་། ཆ་རྐྱེན་གང་ཡང་མེད་པའི་ཐོག་རྒྱལ་ཁབ་གཉིས་ཀྱི་མི་སེར་རྒྱལ་མཚམས་ཕར་ཚུར་འགྲོ་འོང་ཆོག་པ་བཅས་བྱུང་ཡོད་ཀྱང་། ༡༩༦༢ ལོར་རྒྱ་དཀར་ནག་བར་དམག་འཁྲུག་བྱུང་རྗེས་བལ་ཡུལ་གྱིས་རྒྱ་ནག་དང་མཉམ་ལས་ཤུགས་ཆེན་བྱས་ཤིང་། ༡༩༧༥ ལོར་འབྲས་ལྗོངས་རྒྱ་གར་ཁོངས་སུ་བཅུག་པ་སོགས་ཀྱིས་འབྲེལ་ལམ་ལ་དོ་ཕོག་ཕྱིན་ཡོད།

༡༩༩༠ དང་ ༡༩༩༥ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་བལ་ཡུལ་གྱི་སྲིད་བློན་བྷ་ཋ་རེར་ (Krishna Prasad Bhattarai) དང་རྒྱ་གར་གྱི་སྲིད་བློན་ཝུ་པི་སིང་ (V.P. Singh) ཐུག་འཕྲད་དང་། ༡༩༩༡ ལོར་བལ་ཡུལ་གྱི་སྲིད་བློན་ཀོ་རེ་ལ་ (Girija Prasad Koirala) མཆོག་རྒྱ་གར་ནང་སྐོར་སྐྱོད་བྱས་ཏེ་ཚོང་དོན་དང་བདེ་སྲུང་། ས་མཚམས་བཅས་ལ་གྲོས་ཆོད་བཞག་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་བསྐྱར་གསོ་ཕྲན་བུ་བྱུང་ཡོད་ཀྱང་། ༢༠༠༡ ལོའི་ཟླ་ ༦ ཚེས་ ༡ ཉིན་བལ་ཡུལ་གྱི་རྒྱལ་པོ་དང་བཙུན་མོ་སོགས་དམར་གསོད་དོན་རྐྱེན་བྱུང་སྟེ། མའོ་དམར་ཤོག་ཚོགས་པ་དང་མི་མང་བར་ཟིང་འཁྲུག་བྱུང་བ་དང་། རྒྱ་ནག་དང་བལ་ཡུལ་བར་ལོ་རེར་ཨ་སྒོར་ཐེར་འབུམ་ ༡༠ ལྷག་གི་ཚོང་འབྲེལ་བྱེད་བཞིན་པ་བཅས་ཀྱིས་རྒྱ་གར་ལ་ཕོག་ཐུག་ཆེན་པོ་བཟོས་ཡོད།

སྐབས་སྔོན་མའི་བྷེ་ཇེ་པི་ཚོགས་པའི་མཉམ་སྡེབ་སྲིད་གཞུང་ ( NDA) གི་ཕྱི་སྲིད་བློན་ཆེན་ཇཱ་སེ་ཝང་སིང་ (Jaswant Singh)གིས། སྐབས་དེའི་བལ་ཡུལ་གྱི་སྲིད་བློན་ཤེར་བྷ་ཧ་དྷུར་ (Sher Bahadur Deuba )དང་ ༡༩༥༠ ལོར་བཞག་པའི་རྒྱལ་ཁབ་གཉིས་བར་གྱི་གྲོས་མཐུན་བསྐྱར་གསོ་ཡོང་ཐབས་བྱས་བར་བལ་ཡུལ་སྲིད་བློན་གྱིས་ངོས་ལེན་བྱས་མེད་ལ། ༢༠༠༧ ལོར་རྒྱ་གར་དང་འབྲུག་བར་གྲོས་མཐུན་འཇོག་སྐབས་ཀྱང་བལ་ཡུལ་གྱིས་ཆ་ཤས་བླངས་མེད།

༢༠༠༩ ལོར་བལ་ཡུལ་དམར་ཤོག་ཚོགས་པའི་མགོ་ཁྲིད་དང་སྲིད་བློན་གཅིག་ལྕོགས་པར་ཅན་ཌ་(Prachanda) རྒྱ་གར་ནང་སྐོར་སྐྱོད་ཀྱིས་རྒྱ་གར་སྲིད་བློན་དང་གྲོས་མཐུན་ཁག་ ༢༢ ཙམ་ལ་མིང་རྟགས་བཀོད་པ་མ་ཟད། རྒྱ་གར་གཞུང་གིས་བལ་ཡུལ་ལ་ཧིན་སྒོར་ཐེར་འབུམ་ ༡ ལྷག་དང་། ༢༠༡༠ ལོར་ཨ་སྒོར་ས་ཡ་ ༥༠ ཡི་རོགས་དངུལ་སྤྲད་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སླར་གསོ་བྱུང་ཡོད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། ལོ་ ༡༧ རྗེས་རྒྱ་གར་གྱི་སྲིད་བློན་བལ་ཡུལ་ནང་སྐོར་སྐྱོད་གནང་པ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་རྣམ་པ་ཐོན་ཡོད་ཀྱང་། ད་ལྟ་བལ་ཡུལ་ནང་དམར་ཤོག་ཚོགས་པའི་སྟོབས་ཤུགས་ཆེན་པོ་ཡོད་པ་དེས་རྒྱལ་ཁབ་གཉིས་ཀྱི་མ་འོངས་པའི་འབྲེལ་ལམ་ལ་དཀའ་ངལ་བཟོ་སྲིད་སྐོར་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

སྐར་མ ༨ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

མཆན། 2

  1. ཚ་བའི་སྐར་ཆེན། says:
    ལོ་ 12 སྔོན།

    ཐེངས་འདིར་རྒྱ་གར་སྲིད་བློན་གྱིས་བལ་ཡུལ་རྒྱ་ནག་གི་ཁ་ནས་འཕྲོག་འདུག

    Reply
  2. ཁྱམས་འཇུགས་ says:
    ལོ་ 12 སྔོན།

    ད་ལྟ་སྐབས་སུ་བལ་ཡུལ་དང་པ་ཀི་སི་ཐེན་གྱི་གཙོས་ལྷོ་ཨེ་ཤ་ཡ་རྒྱལ་ཁབ་རྣམས་རྒྱ་གར་གྱི་འབྲེལ་ཤུགས་ཙམ་ཡོད་ན་ཞེ་བདེ་ཡོང་རྒྱུ་དང་རྒྱ་ནག་འབྲེལ་ཤུགས་ཆེན་རྒྱ་གར་དཀའ་ངལ་ཡོང་རྒྱུ་ཡིན་པ་འོན་ཀྱང་རྒྱ་གར་ནི་ལས་ལོ་གྱེད་ལུགས་དང་ལྐོག་ཟ་རུལ་སུངས་གཉིས་ཀྱི་འོག་ནས་རྒྱ་ནག་ལ་རྒྱ་གར་གྱི་དོ་ཟླ་ནམ་ཡང་མི་ཐུབ།
    ེོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese