མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨི་བྷོ་ལ་ནད་ཡམས་ཁྱབ་བརྡལ།

བོད་ཀྱི་དུས་བབ།
༢༠༡༤/༠༨/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ཅིག་གཙོས་རྒྱལ་ཁབ་གཞན་ནང་ཨི་བྷོ་ལ་ཞེས་པའི་ནད་ཡམས་ཁྱབ་བརྡལ་ཕྱིན་ཏེ་ད་བར་མི་ ༩༣༢ འདས་གྲོངས་དང་གཞན་མི་ ༡༧༡༡ ལ་ནད་རྟགས་ཐོན་ཡོད་འདུག

ད་ལོའི་ཕྱི་ཟླ་གསུམ་པ་ཙམ་ནས་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ཅིག་ནང་བྷོ་ལོ་(Ebola)ཞེས་པའི་ནད་ཡམས་ཤིག་ཁྱབ་བརྡལ་ཕྱིན་ཏེ་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་། ད་ལྟ་ནད་ཡམས་དེའི་ཁྱབ་ཁོངས་རྒྱ་ཇེ་ཆེར་ཕྱིན་ཏེ། ཨེ་ཤ་ཡ་དང་ཡུ་རོབ་ནང་ཁྱབ་བརྡལ་འགྲོ་ཉེན་ཆེན་པོ་ཆགས་ཡོད་སྟབས། རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ཁག་གིས་ཛ་དྲག་གི་ལས་དོན་སྣ་ཚོགས་སྤེལ་བཞིན་ཡོད་འདུག

ཁ་སང་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་གིས་ཨི་བྷོ་ནད་ཡམས་དང་འབྲེལ་བའི་བསྒྲགས་གཏམ་ཞིག་སྤེལ་ཏེ། དེའི་ནང་ནད་ཡམས་དེའི་རྐྱེན་པས་ ༢༠༡༤ ལོའི་ཟླ་ ༣ ནས་ཟླ་ ༨ ཚེས་ ༤ ཉིན་བར། གྷི་ནིའི་ (Guinea)མི་༣༦༣། ལེ་བྷི་རི་ཡའི་(Liberia)མི་ ༢༨༦། སེ་ར་ལོན་ (Sierra Leone)གྱི་མི་ ༢༨༡། ནེ་ཇི་རེ་ཡའི་ (Nigeria) མི་ ༢ བཅས་ཁྱོན་མི་ ༩༣༢ ཙམ་འདས་གྲོངས་ཕྱིན་ཡོད་པ་མ་ཟད། གཞན་མི་ ༡༧༡༡ ལྷག་ལ་ནད་གཞི་དེ་ཕོག་ཡོད་སྐོར་བསྒྲགས་འདུག

ད་ལོའི་ཕྱི་ཟླ་ ༣ པར་ཨི་བྷོ་ལ་ཞེས་པའི་ནད་ཡམས་འདི་ཨ་ཧྥི་རི་ཁའི་གྷི་ནི་རྒྱལ་ཁབ་ཀྱི་རྫོང་སྡེ་གྷེ་ཁེ་ཌོ་ (Guekedou) དང་མཱ་སན་ཌ་ (Macenta)། ནེ་ཛར་རེ་ཁོ་རེ་(Nzerekore)ས་ཁུལ་བཅས་ནས་ཁྱབ་བརྡལ་ཕྱིན་པ་ཞིག་ཡིན་ཞིང་། རིམ་པས་རྒྱལ་ཡོངས་སུ་ཁྱབ་བརྡལ་ཕྱིན་ཏེ་ད་བར་མི་ ༣༦༡ འདས་གྲོངས་ཕྱིན་ཡོད་པ་དང་། ཕྱི་ཟླ་ ༣ པའི་ཟླ་མཇུག་ལ་ལེ་བྷི་ཡའི་གྲོང་རྡལ་ལོ་ཧྥ་ (Lofa) དང་། ནེམ་བྷ་(Nimba)། མར་གྷེ་བྷི་ (Margibi)དང་མོན་ཚེ་ར་ཌོ་ (Montserrado) བཅས་ནང་ཁྱབ་བརྡལ་ཕྱིན་ཏེ་ད་བར་མི་ ༢༥༣ འདས་གྲོངས་ཕྱིན་ཡོད་འདུག

ཨ་རིའི་མི་སེར་ཡིན་པའི་ལེ་བྷི་རེ་ཡའི་ལས་བྱེད་པཱ་ཌེག་སཱོ་ཡར་ (Patrick Sawyer)ཞུ་བ་ཁོང་ལེ་བྷི་རི་ཡ་ནས་ནེ་ཇི་རི་ཡ་ནང་འགྲུལ་བཞུད་སྐབས་ནད་ཡམས་དེ་ཕོག་ནས་ཟླ་ ༧ པའི་ཚེས་ ༢༥ ཉིན་རྐྱེན་འདས་ཕྱིན་ཏེ། ད་བར་ནེ་ཇི་རི་ཡའི་མི་ ༢ འདས་གྲོངས་དང་མི་ ༦ ལྷག་ལ་ནད་གཞི་དེ་འགོས་ཡོད་འདུག

ལེ་བྷི་རི་ཡའི་སྲིད་འཛིན་ལྕམ་ཨེ་ལན་(Ellen Johnson Sirleaf) མཆོག་གིས། “€œདབུལ་ཕོངས་དང་མི་ཤེས་པ། ཆོས་ལུགས་དང་རིག་གཞུང་ཉམས་དམས་ཕྱིན་པ་སོགས་ཀྱི་རྐྱེན་བྱས་ཏེ། ནད་ཡམས་འདི་ཁྱབ་བཞིན་ཡོད་སྟབས། རྒྱལ་ཁབ་དང་མང་ཚོགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་གལ་འགངས་ཆེན་པོ་ཞིག་ཡིན་པར་བརྟེན། ཟླ་ ༣ རིང་ཛ་དྲག་གི་བཀའ་རྒྱ་(state of emergency)བསྡམ་རྒྱུ་ཡིན” ཞེས་བརྗོད་འདུག

ཨ་རིའི་སྲིད་འཛིན་ཨོ་བྷ་མས། “དང་ཐོག་ནད་ཡམས་བྱུང་སའི་རྒྱལ་ཁབ་ཁག་གིས་ན་ཚ་ངོ་རྟགས་མ་ཆོད་པར་སྣང་མེད་བཏང་བར་བརྟེན་ནད་ཡམས་དེ་ཁྱབ་བརྡལ་ཕྱིན་ཡོད་ཀྱང་། ང་ཚོས་ཐབས་ལམ་ཡག་པོ་ཞིག་བཙལ་ནས་བཅོས་ཐབས་བྱས་ན་ནད་ཡམས་དེ་སྔོན་འགོག་བྱེད་ཐུབ” €ཅེས་བརྗོད་འདུག

རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ནད་ཡམས་འདི་སྔོན་འགོག་ཐོག་མི་རྒྱུ་གཉིས་ཀས་རོགས་རམ་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ཟླ་ ༨ ཚེས་ ༡ ཉིན་རྒྱལ་སྤྱིའི་འཕྲོད་བསྟེན་ལྷན་ཁང་དང་ཨ་ཧྥི་རི་ཁའི་རྒྱལ་ཁབ་སེ་ར་ལོན་དང་། གྷི་ནི། ལེ་བྷི་རི་ཡ་བཅས་ཐུང་མོང་གིས་ནད་གཞི་འདི་སྔོན་འགོག་ཆེད་རྒྱལ་སྤྱིའི་སྒྲིག་འཛུགས་དང་རྒྱལ་ཁབ། མི་སྒེར་བཅས་ཀྱིས་ཨ་སྒོར་ས་ཡ་ ༡༠༠ ཡི་རོགས་དངུལ་སྤྲོད་དགོས་སྐོར་བསྒྲགས་འདུག

ནད་ཡམས་དེ་ཁྱབ་བརྡལ་འགྲོ་བཞིན་པའི་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ནང་གནམ་གྲུ་འཕུར་མཚམས་བཞག་ཡོད་པ་དང་། རྒྱལ་ཁབ་དེ་དག་ནས་ཡོང་མཁན་ཚོར་ན་ཚ་ཡོད་མེད་ལ་བརྟག་དཔྱད་གཏོང་བཞིན་ཡོད་འདུག ཁ་སང་རྒྱ་གར་འཕྲོད་བསྟེན་བློན་ཆེན་ཧར་ཤི་ཝར་ཌན་ (Harsh Vardhan) གྱིས་གྲོས་ཚོགས་ནང་སེ་རི་ལོན་དང་། ལེ་བྷི་རི་ཡ། གྷི་ནི་བཅས་ནང་ཡོད་པའི་རྒྱ་གར་གྱི་མི་སེར་ ༤༤༧༠༠ ཙམ་ཉེན་ཁའི་འོག་གནས་ཡོད་སྟབས། གནས་སྟངས་སྡུག་ཏུ་ཕྱིན་ཚེ་ཕྱིར་རྒྱ་གར་ནང་ལེན་རྒྱུ་ཡིན་སྐོར་བསྒྲགས་འདུག

༡༩༧༦ ལོར་ཨི་བྷོ་ལ་ཞེས་པའི་ནད་ཡམས་འདི་ཨ་ཧྥི་རི་ཀའི་ཀོང་གྷོ་མི་སེར་སྤྱི་མཐུན་རྒྱལ་ཁབ་ནས་ཐོག་མར་ཤེས་རྟོགས་བྱུང་ཡོད་ཅིང་། ནད་གཞི་དེའི་ཐོག་མའི་འབྱུང་ཁུངས་མི་རྒོད་དང་བྱ་རིགས་ཤིག་ལས་མི་ལ་འགོས་པ་ཞིག་ཡིན་པ་དང་། དེའི་ནད་རྟགས་གཙོ་བོ་ཚ་བ་འབར་བ་དང་། ཁ་སྣ་དང་མིག་སོགས་ནས་ཁྲག་ཐོན་པ་དང་། ལུས་པོའི་ཕྱི་ནང་གི་ཁྲག་རྩ་བརྡོལ་བ་སོགས་ཡིན་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

སྐར་མ ༨ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese