མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིར་དོཊ་ཡོད་ཉེས་ཅན་ ༡༥༠ ལྷག་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༨/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨ་རིའི་ནང་དཔལ་འབྱོར་གྱི་དོགས་ཡོད་ཉེས་ཅན་ ༡༥༠ ལྷག་ཡོད་ཀྱང་བཀག་ཉར་འདྲི་གཅོད་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བསྒྲགས་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་རྒྱ་ནག་ཉིན་རེའི་ཚགས་པར་གྱི་དབྱིན་ཡིག་དྲ་བའི་ཐོག རྒྱ་ནག་ཉེན་རྟོག་ཁང་རྒྱལ་སྤྱིའི་མཉམ་འབྲེལ་སྡེ་ཚན་གྱི་འགན་འཛིན་ལོ་ཅིན་རོང་གིས། ཨ་རི་རྒྱ་ནག་གི་དཔལ་འབྱོར་དོགས་ཡོད་ཉེས་ཅན་བྲོས་བྱོལ་དུ་འགྲོ་ས་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་། ད་ལྟའི་ཆར་ཨ་རིའི་ནང་རྒྱ་ནག་གི་དཔལ་འབྱོར་དོགས་ཡོད་ཉེས་ཅན་ ༡༥༠ ལྷག་ཡོད་པའི་ཁྲོད། མང་ཆེ་བ་ལྐོག་ཟ་རུལ་སུངས་ཀྱི་དོགས་ཡོད་ཉེས་ཅན་ཡིན་ནའང་། ཨ་རི་དང་རྒྱ་ནག་བར་ཉེས་ཅན་རྩིས་སྤྲོད་ཀྱི་གྲོད་ཆོད་མེད་པའི་ཐོག གཞི་རྩའི་རྙོག་དྲ་འདྲ་མིན་བྱུང་བཞིན་ཡོད་སྟབས། ཨ་རིར་བྲོས་བྱོལ་དུ་ཕྱིན་པའི་དོགས་ཡོད་ཉེས་ཅན་ཚོ་ཕྱིར་ཁྲིད་དེ་འདྲི་གཅོད་བྱེད་པར་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད་སྐོར་བརྗོད་འདུག

ཕྱི་ལོ་ ༡༩༩༨ ལོར་ཝ་ཤིང་ཊོན་དང་པེ་ཅིན་བར་བཅའ་ཁྲིམས་ལག་བསྟར་མཉམ་འབྲེལ་ལས་དོན་ཚོགས་ཆུང་གསར་འཛུགས་བྱས་པ་ནས་བཟུང་། ལས་དོན་ཚོགས་ཆུང་དེས་ལོ་ལྟར་ཨ་རྒྱ་བར་གྱི་འབྲེལ་ཡོད་གནད་དོན་ཆེ་ཁག་ཐོག་གྲོས་བསྡུར་བྱེད་ཀྱི་ཡོད་ཀྱང་། ཨ་རིའི་ཕྱོགས་ནས་གཙོ་བོ་དུག་རྫས་ལྐོག་ཚོང་དང་ཚོང་རྫས་རྫུན་བཟོ་སོགས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འབྲེལ་བའི་ཉེས་དོན་རིགས་ལ་དོ་འཁུར་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་ནག་གི་དཔལ་འབྱོར་བྲོས་བྱོལ་བ་ཚོ་འཛིན་བཟུང་བྱ་རྒྱུ་དམིགས་འབེན་དུ་བཟུང་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༧ ནང་རྒྱ་ནག་ཉེན་རྟོག་ཁང་གིས་༼༢༠༡༤ ཝ་བརྔོན་པ༽ཞེས་པའི་ཆེད་དམིགས་ལས་གཞིའི་འོག ཕྱི་རྒྱལ་ཁག་ཏུ་ཡོད་པའི་དཔལ་འབྱོར་དོགས་ཡོད་ཉེས་ཅན་ཚོ་རྩད་གཅོད་དང་ཞིབ་འཇུག་ནན་ཏན་བྱ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག

རྒྱ་ནག་གཞུང་ཕྱོགས་ནས་བརྗོད་པ་ལྟར་ན། དེ་སྔོན་རྒྱ་ནག་དངུལ་ཁང་ཀང་ཏུང་ཡན་ལག་དངུལ་ཁང་གི་འགན་འཛིན་ཟུར་པ་ཡཱས་ཀྲིན་ཏུང་གིས། རྒྱ་སྒོར་དུང་ཕྱུར་ ༤༠ བེད་སྤྱོད་ལོག་པར་བཏང་བ་དང་ལྐོག་ཟ་བྱས་ཏེ་ཨ་རིར་བྲོས་བྱོལ་དུ་ཕྱིན་ཡོད་ཀྱང་། ཕྱི་ལོ་ ༢༠༠༤ ཟླ་ ༤ ནང་ཨ་རི་གཞུང་གིས་ཁོ་བོ་རྒྱ་གཞུང་ལ་རྩིས་སྤྲོད་བྱས་ཏེ། ལོ་ ༡༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། དེ་ནི་འདས་པའི་ལོ་ངོ་ ༡༠ ནང་ཨ་རིས་རྒྱ་ནག་གི་དཔལ་འབྱོར་དོགས་ཡོད་ཉེས་ཅན་རྩིས་སྤྲོད་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

ཉིག་ཡོག་ཏུ་ཡོད་པའི་ཁྲིམས་རྩོད་པ་ཡེ་ལིན་གྱིས། ཨ་རི་དམངས་གཙོའི་ཁྲིམས་མཐུན་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱ་ནག་ནི་འབྱོར་མེད་བྲལ་རིམ་དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་ཅིག་ཡིན་སྟབས། རྒྱལ་ཁབ་དེ་གཉིས་བར་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་ལག་བསྟར་བྱེད་པར་དཀའ་ངལ་ཡོད་སྐོར་དང་། ཨ་རིའི་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་ལ་དབྱེ་བ་གཉིས་ཡོད་པའི་ནང་། ཆབ་སྲིད་ཉེས་ཅན་དང་མནར་གཅོད་ཐེབས་པའི་རིགས་རྩིས་སྤྲོད་བྱེད་མི་ཆོག་པས། གལ་སྲིད་རྒྱ་གཞུང་གིས་ཉེས་ཅན་རྩིས་སྤྲོད་ཀྱི་གནད་དོན་ཐག་གཅོད་བྱེད་འདོད་ན། ངེས་པར་དུ་འབྱོར་མེད་གྲལ་རིམ་དབང་ཆ་གཅིག་སྡུད་ཀྱི་ལམ་ལུགས་མེད་པར་བཟོ་དགོས་པ་མ་ཟད། ཆབ་སྲིད་ལམ་ལུགས་དང་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་བསྒྱུར་བཅོས་བཏང་སྟེ། ནུབ་ཕྱོགས་ཀྱི་དམངས་གཙོའི་ལམ་ལུགས་ལག་བསྟར་བྱས་པ་ཡིན་ན། ཨ་རྒྱ་བར་ཉེས་ཅན་རྩིས་སྤྲོད་ཀྱི་གྲོས་ཆོད་འཇོག་ཐུབ་པ་མ་ཟད། ཁྲིམས་ལྟར་ལག་བསྟར་བྱེད་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག

རྒྱ་གཞུང་ལ་ཐེངས་མང་པོར་སྙན་ཞུ་སྤྲད་དེ་དཔོན་རིགས་ཚོའི་རྒྱུ་དངོས་ཡོངས་བསྒྲགས་དགོས་པའི་འབོད་སྐུལ་གནང་མཁན་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ཧུའུ་ཅཱ་ཡིས། དཔོན་རིགས་ཚོའི་ཕྱི་ཕྱོགས་ཀྱི་རྒྱུ་དངོས་ཞིབ་བཤེར་བྱ་རྒྱུ་ཡིན་ན། དང་པོ་དཔོན་རིགས་ཚོའི་རྒྱུ་དངོས་ཡོངས་བསྒྲགས་དགོས་པའི་འབོད་སྐུལ་བྱས་ཏེ་བཙོན་དུ་བཅུག་པའི་བཙོན་པ་ཚོ་ཀློད་གྲོལ་གཏོང་དགོས། གཉིས་པ་ལྟ་སྐུལ་དང་ཞིབ་བཤེར་འོག དཔོན་རིགས་ཚོའི་རྒྱུ་དངོས་ཡོངས་བསྒྲགས་བྱེད་པར་འབོད་སྐུལ་ཞུ་རྒྱུ་དང་། གསུམ་པ་རྒྱ་ནག་གི་བཅའ་ཁྲིམས་སྒྲོམ་གཞི་དམངས་གཙོའི་ལམ་དུ་བསྒྱུར་བཅོས་བྱེད་དགོས་ལ། ཏང་ལ་ངོ་རྒོལ་དང་གསར་འགོད་རང་དབང་། སྤྱི་དམངས་བཅས་ནི་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་སྟོབས་ཤུགས་ངོ་མ་དེ་ཡིན་སྐོར་བརྗོད་འདུག

རྒྱ་ནག་ཉེན་རྟོག་ཁང་གི་བསྡོམས་རྩིས་ལྟར་ན། ཕྱི་ལོ་ ༢༠༠༨ ནས་ད་ལྟའི་བར་འཛམ་གླིང་གི་རྒྱལ་ཁབ་དང་ཕྱིའི་ས་ཁུལ་ཁག་ ༥༤ ནས་རྒྱ་ནག་གི་དཔལ་འབྱོར་དོགས་ཡོད་ཉེས་ཅན་ ༧༣༠ ཕྱིར་ལོག་བཏང་ཡོད་པ་དང་། འདས་པའི་ལོ་ལྔའི་ནང་དངུལ་དངོས་ཕྱི་རྒྱལ་དུ་བཅོལ་འཇོག་བྱེད་མཁན་གྱི་དཔོན་རིགས་དང་དཔོན་རིགས་ཀྱི་ཁྱིམ་མི་ཁྱོན་བསྡོམས་ཁྲི་ ༡༠༠ ལྷག་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༩ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese