མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་རེར་མི་ཁྲི་ ༤༧༠ གྲོངས་བཞིན་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་ལོ་རེར་མཁའ་དབུཊ་འབོག་བཙོག་དང་ཐ་མག ལུས་ཀྱི་ཤ་སྟོད་འཕེལ་བ། འགྲིམ་འགྲུལ་དོན་རྐྱེན་སོགས་ཀྱི་དབང་གིས་མི་ཁྲི་ ༤༧༠ འདས་གྲོངས་སུ་འགྲོ་བཞིན་ཡོད་འདུག

ཉེ་ལམ་དབྱིན་ཇིའི་གསོ་རིག་དུས་དེབ་དྷི་ལེན་སེ་ཌི་ (The Lancet) ཞེས་པས་ལོ་འཁོར་སྙན་ཐོ་གསར་བ་ཞིག་བཏོན་པའི་ནང་། ཨ་རིའི་ཝ་ཤིན་ཌོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཧོང་ཁྲིན་ལགས་དང་། རྒྱ་ནག་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཡི་ཧེ་ལགས། ཨ་རིའི་ཨེ་མོ་རེ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཇེ་ཧྥི་རེ་ཁོ་ཕི་ལེན་ (Jeffrey Koplan) ལགས་བཅས་ཟུང་འབྲེལ་ཐོག་རྒྱ་ནག་གི་མཁའ་དབུགས་དང་འཕྲོད་བསྟེན། འགྲིམ་འགྲུལ་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱས་པའི་གནས་ཚུལ་ཁག་ཅིག་བཀོད་དེ། རྒྱ་ནག་ནང་ཁ་དབུགས་འབོག་བཙོག་དང་ཐ་མག ལུས་ཀྱི་ཤ་སྟོད་འཕེལ་བ། འགྲིམ་འགྲུལ་དོན་རྐྱེན་བཅས་ཀྱི་དབང་གིས་ལོ་རེར་ཉུང་མཐར་མི་ཁྲི་ ༤༧༠ འདས་གྲོངས་སུ་འགྲོ་བཞིན་ཡོད་པ་དང་། དེས་རྒྱ་ནག་ལ་དཔལ་འབྱོར་ལ་རྒྱ་སྒོར་དུང་ཕྱུར་མང་པོའི་གྱོང་གུད་ཐེབས་ཀྱི་ཡོད་ཚུལ་བརྗོད་ཡོད་འདུག

སྙན་ཐོ་དེའི་ནང་། ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་འཕྲོད་བསྟེན་གནས་སྟངས་མངོན་གསལ་དོད་པོས་ཡར་རྒྱས་སུ་ཕྱིན་སྟེ། ༡༩༥༠ ལོར་རྒྱ་ནག་གི་མིའི་ཚེ་ཚད་ལོ་ ༤༠ ཡས་མས་ཡིན་པའི་གནས་སྟངས་དེ། ༢༠༡༡ ལོར་ལོ་ ༧༦ གི་ཚེ་ཚད་རུ་འཕར་སྣོན་བྱུང་ཐུབ་ཡོད་པ་དང་། འགོས་ནད་ཀྱི་རིགས་མང་པོ་ཞིག་རིམ་གྱིས་ཉུང་དུ་ཕྱིན་ཡོད་ཀྱང་། མཁའ་དབུགས་འབོག་བཙོག་དང་ཐ་མག ལུས་ཀྱི་ཤ་སྟོད་འཕེལ་བ། འགྲིམ་འགྲུལ་སོགས་ཀྱི་དོན་རྐྱེན་འདྲ་མིན་གྱི་དབང་གིས་མི་མང་པོ་ཞིག་དུས་མིན་རྐྱེན་འདས་སུ་གྱུར་བའི་ཉེན་ཁའི་གནས་སུ་གྱར་ཡོད་ཚུལ་བཀོད་འདུག་ལ། མཁའ་དབུགས་འབོག་བཙོག་གི་གནས་སྟངས་ཁྲོད། སྲ་གཟུགས་ནུས་ཁུངས་བེད་སྤྱོད་ཀྱིས་ཁང་ཁྱིམ་དུ་མཁའ་དབུགས་འབོག་བཙོག་བཟོས་པ་དེས་ལོ་རེར་མི་ཁྲི་ ༡༠༠ འདས་གྲོངས་དང་། ཁང་ཁྱིམ་ཕྱི་རོལ་གྱི་མཁའ་འབག་བཙོག་གིས་ལོ་རེར་མི་ཁྲི་ ༡༢༠ འདས་གྲོངས་སུ་འགྱུར་བཞིན་ཡོད་སྐོར་བཀོད་ཡོད་པ་མ་ཟད། ༢༠༠༦ ལོར་མཁའ་དབུགས་འབག་བཙོག་གིས་རྒྱ་ནག་གི་གྲོང་ཁྱེར་སྡོད་དམངས་ལ་དཔལ་འབྱོར་གྱི་གྱོང་གུད་ཐེབས་ཚད་རྒྱ་སྒོར་དུང་ཕྱུར་ ༣༤༡༠ ཡིན་ཚུལ་བཀོད་འདུག

འདིའི་ཐད་ཨ་རིའི་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དང་རྒྱལ་སྤྱིའི་དང་རྒྱ་ནག་ཁོར་ཡུག་ཐེབས་རྩ་ཚོགས་པའི་མགོ་ཁྲིད་ཧོའུ་ཕིན་གྱིས། ལོ་འདི་དག་རིང་འཛམ་གླིང་ནང་མཁའ་དབུགས་འབག་བཙོག་གི་གནས་སྟངས་ཧ་ཅང་ཚབས་ཆེན་ཆགས་ཡོད་སྟབས། མི་མང་གིས་སྔར་ལྷག་དོ་སྣང་བྱེད་ཀྱི་འདུག་ལ། རྒྱ་ནག་ལ་མཚོན་ནའང་ཁོར་ཡུག་སྲུང་སྐྱོབ་ཐད་ཁྲིམས་གཞི་གསར་བ་བཟོས་འདུག ཡིན་ནའང་། དེ་ལ་གོ་རིམ་ངེས་ཅན་ཞིག་བརྒྱུད་དགོས་སྟབས། ཉེ་བའི་ཆར་མངོན་གསལ་གྱི་གྲུབ་འབྲས་འབྱུང་གི་མི་འདུག ངས་བལྟས་ན་རྒྱ་ནག་ནང་མཁའ་དབུགས་འབོག་བཙོག་ཆགས་དོན་གཙོ་བོ་གཅིག་ནུས་ཁུངས་ཀྱི་བརྒྱ་ཆ་ ༦༠ ཡས་མས་ཤིག་རྡོ་སོལ་ཡིན་པ་དང་། རྒྱ་ནག་ནང་རླངས་འཁོར་གྱི་གྲངས་འབོར་མང་དུ་ཕྱིན་པ་ལ་བརྟེན་ནས་མཁའ་དབུགས་འབོག་བཙོག་གི་གནས་སྟངས་ཇེ་ཆེར་འགྲོ་བཞིན་འདུག་ཅེས་བརྗོད་འདུག

པེ་ཅིན་གྱི་དམངས་ཁྲོད་ཚོགས་པ་ ༼སྔོ་ལྗང་པེ་ཅིན༽ཞེས་པའི་འགན་འཁུར་བ་སོན་ཞིན་ཀྲིག་གིས། ཉེ་བའི་ལོ་འདི་དག་རིང་གཞུང་ཕྱོགས་ནས་སྤྱི་ཚོགས་འཕེལ་རྒྱས་དང་། སྤྱི་ཚོགས་ཀྱི་འགྱུར་བར་དཔལ་འབྱོར་ཁོ་ནར་གཙིགས་སུ་འཛིན་པའི་ཁ་ཕྱོགས་ལ་ཏོག་ཙམ་འགྱུར་བ་ཐེབས་འདུག ཡིན་ནའང་། ཁོར་ཡུག་སྲུང་སྐྱོབ་གཙོས་པའི་ལས་གཞི་མང་པོ་ཞིག་ལ་ལོ་མང་པོའི་འཕེལ་རིམ་དགོས་སྟབས། མགྱོགས་མྱུར་ངང་འགྱུར་བ་ཐེབས་རྒྱུ་ཁག་པོ་རེད། རྒྱ་ནག་ནང་ཁུལ་གྱི་མཁའ་དབུགས་ཐེས་པའི་དཀའ་ངལ་མང་དག་ཅིག་ལ་ཕྱོགས་མང་པོའི་རྒྱུ་རྐྱེན་འདུས་ཡོད་པ་རེད་བསམ་གྱི་འདུག ཅེས་བརྗོད་འདུག

ཐེངས་འདིའི་སྙན་ཐོའི་ནང་ཐ་མག་དང་ལུས་ཀྱི་ཤ་སྟོད་འཕེལ་བའི་དབང་གིས་འདས་གྲོངས་སུ་གྱུར་བའི་གྲངས་ཀ་ཁག་ཅིག་གསལ་འདོན་བྱས་པའི་ནང་། རྒྱ་ནག་ནང་ལོ་རེར་ཐ་མག་གིས་རྐྱེན་པས་མི་ཁྲི་ ༡༤༠ གྲོངས་ཀྱི་ཡོད་པ་དང་། ཕྱི་ལོ་ ༢༠༠༠ ལོར་བསྡོམས་རྩིས་བྱས་པའི་ཐ་མག་གིས་འདས་གྲོངས་སུ་གྱུར་བའི་གནས་སྟངས་དེས་རྒྱ་གཞུང་ལ་རྒྱ་སྒོར་དུང་ཕྱུར་ ༤༡༠ ཡིས་གྱོང་གུད་བཟོས་ཡོད་ཚུལ་བཀོད་འདུག་ལ། ལོ་རེར་འགྲིམ་འགྲུལ་གཙོས་པའི་དོན་རྐྱེན་ཁག་གི་ཁྲོད་མི་ཁྲི་ ༨༠ གྲོངས་བཞིན་ཡོད་པ་དང་། དེས་རྒྱ་ནག་ལ་རྒྱ་སྒོར་དུང་ཕྱུར་ ༦༥༠ གྱོང་གུད་ཐེབས་ཀྱི་ཡོད་ཚུལ་དང་། ལོ་རེར་ལུས་ཀྱི་ཤ་སྟོད་འཕེལ་བའི་དབང་གིས་སྙིང་ནད་དང་གཅིན་པ་མངར་འགྱུར་གྱི་བྱུང་སྟེ་མི་ཁྲི་ ༣༦ དང་སྟོང་ ༣ འདས་གྲོངས་སུ་འགྱུར་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༣ ལོའི་བསྡོམས་རྩིས་ལྟར་ན་དེས་རྒྱ་གཞུང་ལ་རྒྱ་སྒོར་དུང་ཕྱུར་ ༢༡༠ ཡིས་གྱོང་གུད་བཟོས་ཡོད་ཚུལ་སོགས་བཀོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

སྐར་མ ༣༥ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese