མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་སྒྲིག་པ་སོཊ་འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༤/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་རྒྱ་ནག་གི་ཚོང་ལས་ཚགས་པར་གྲགས་ཅན་ཞིག་གི་རྩོམ་སྒྲིག་པ་སོགས་མི་ ༨ གནས་ཚུལ་རྫུན་མ་བསྒྲགས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག

ཁ་སང་རྒྱ་ནག་ཀོང་ཀྲུའུ་རུ་ཡོད་པའི་ཚོང་ལས་ཚགས་པར་གྲགས་ཅན་༼དུས་རབས་ཉེར་གཅིག་པའི་དཔལ་འབྱོར་གནས་འཕྲིན།༽ཞེས་པའི་རྩོམ་སྒྲིག་པ་གཙོ་བོ་ལུའུ་ཏུང་དང་། རྩོམ་སྒྲིག་པ་གཞོན་པ་ཀྲུའུ་པེན་སོགས་མི་ ༨ ཧྲང་ཧེ་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་པའི་རྒྱུ་རྐྱེན་ཐད་རྒྱ་ནག་ཞིན་ཧྭ་གསར་ཁང་གིས། ཁོ་ཚོས་ཧྲང་ཧེ་རིན་ཡཱན་དང་ཧྲིན་ཀྲིན་ཞིན་ཅི་ལིན་ཚོང་གཉེར་ཁང་གཉིས་ལ་ངན་འབྲེལ་བྱས་ཏེ། དྲིལ་བསྒྲགས་གླ་ཆ་མཐོ་བོ་བླངས་ཏེ་གནས་ཚུལ་རྫུན་མ་སྤེལ་བའི་དོགས་གཞི་ཡོད་པ་མ་ཟད། ད་རེས་ཀྱི་ཉེས་དོན་དེ་པེ་ཅིན་དང་ཀང་ཏུང་། ཧྲང་ཧེ་སོགས་ཀྱི་ཁེ་ལས་ཁང་བཅུ་གྲངས་ཤིག་དང་ངན་འབྲེལ་ཡོད་པའི་དོགས་གཞི་ཡོད་སྟབས། ད་ལྟ་ཞིབ་བཤེར་བྱེད་བཞིན་པའི་སྒང་ཡིན་ལུགས་བརྗོད་འདུག

དུས་རབས་ཉེར་གཅིག་པའི་དཔལ་འབྱོར་གནས་འཕྲིན་ཟེར་བའི་ཚགས་པར་དེ། ཀོང་ཀྲུའུ་ལྷོ་ཕྱོགས་གསར་འགྱུར་ལས་རིགས་ཆེད་གཉེར་ཚོགས་པས་ཕྱི་ལོ་ ༢༠༠༡ ལོར་ཐོག་མར་པར་སྐྲུན་བྱེད་མགོ་བརྩམས་ཤིང་། ཚོགས་པ་དེས་རྒྱ་གཞུང་གི་བརྒྱུད་ལམ་ཞིབ་བཤེར་དང་བཀག་སྡོམ་གྱི་སྲིད་བྱུས་འོག་གསར་འགྱུར་མཁོ་འདོན་གྱི་ལས་ཀར་བརྩོན་ལེན་བྱེད་བཞིན་ཡོད་སྟབས། སྤྱི་ཚོགས་ཐོག་ནས་མཐོང་ཆེན་དང་གདེང་འཇོག་ལེགས་པོ་ཐོབ་ཡོད་འདུག ཚགས་པར་དེ་ཉིན་ ༣ ་ནང་ཐེངས་གཅིག་འདོན་གྱི་ཡོད་པ་དང་། འདོན་ཐེངས་རེར་ཚགས་པར་གྲངས་ཁྲི་ ༧༥ ལྷག་འདོན་བཞིན་ཡོད་འདུག ཚོགས་པ་དེས་ཚགས་པར་དེ་གཅིག་པུ་མ་ཡིན་པར་༼དངུལ་དོན་དོ་དམ་བདུན་རེའི་ཚགས་པར༽དང་༼དུས་རབས་ཉེར་གཅིག་པའི་ཚོང་ལས་དཔྱད་གླེང་།༽། ༼ཚོང་དོན་འགྲུལ་བཞུད།༽། དེ་བཞིན་༼དུས་རབས་ཉེར་གཅིག་པའི་དྲ་བ༽སོགས་ཁེ་ལས་དང་འབྲེལ་བའི་ཚགས་པར་དང་དྲ་བ་མང་པོ་གཉེར་བཞིན་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་ནག་དབུས་དྲིལ་བསྒྲགས་ལྷན་ཁང་གིས་བརྒྱུད་ལམ་དུ་བསླུ་བྲིད་རང་བཞིན་གྱི་གནས་ཚུལ་དང་གསར་འགྱུར་རྫུན་སྒྲོག་ལ་རྒོལ་རྡུང་གཏོང་དགོས་པའི་བཀའ་རྒྱ་བཏང་སྟེ། རྒྱ་ནག་གི་སྒེར་གཉེར་གསར་ཁང་ཁག་གི་གཙོས་གསར་ཁང་མང་པོའི་རྩོམ་སྒྲིག་པ་དང་གསར་འགོད་པ་མང་པོ་གནས་དབྱུང་བཏང་བ་དང་། འཛིན་བཟུང་བྱས་ཡོད་པ་མ་ཟད། རྩོམ་སྒྲིག་པས་རང་ཤི་བརྒྱབ་པ་སོགས་ཀྱི་གནས་ཚུལ་རིམ་པར་ཐོན་ཡོད་པ་ལྟར། ཕྱི་ལོའི་ཟླ་ ༧ ནང་རྒྱ་ནག་དབུས་བརྙན་འཕྲིན་ཁང་གི་མགོ་འཛིན་པ་གྲགས་ཅན་རེ་ཁྲིན་ཀང་དང་། ནོར་སྲིད་གསར་འགྱུར་སྡེ་ཚན་གྱི་འགན་འཛིན་གཞོན་པ་ལི་ཡཱོང་གཉིས་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་ཟླ་སྔོན་མའི་ནང་དབུས་བརྙན་འཕྲིན་ཁང་ཁྱབ་བསྒྲགས་སྡེ་ཚན་གྱི་འགན་འཛིན་ཀོ་ཀྲིན་ཞི་དང་། བརྙན་འཕྲིན་སྒྲིག་སྦྱོར་བ་ཐཱན་ལི་ཝུ་གཉིས་ཀྱང་ལྐོག་ངན་བླངས་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཏེ་ཞིབ་བཤེར་བྱེད་བཞིན་ཡོད་འདུག

ཉེ་སྔོན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འདི་ལོའི་གསར་འགྱུར་རང་དབང་གི་ཞིབ་འཇུག་ཐོ་གཞུང་ཞིག་ཕྱིར་བསྒྲགས་བྱས་པའི་ནང་། འཛམ་གླིང་གི་རྒྱལ་ཁབ་ ༡༨༠ ནང་ནས་རྒྱ་ནག་ནི་ཨང་རིམ་ ༡༧༥ པ་སྟེ་གནས་བབ་སྡུག་ཤོས་ཀྱི་གྲས་སུ་ཚུད་ཡོད་པ་དང་། མཐུན་ཚོགས་དེའི་བསྡོམས་རྩིས་ལྟར་ན། གཏེར་ཁ་སྔོག་འདོན་བྱེད་མཁན་དང་ཚོང་གཉེར་ཁང་སོགས་ལ་ངན་འབྲེལ་བྱས་ཏེ། ལྐོག་རྔན་བླངས་བ་དང་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་སྤེལ་བ་སོགས་ཀྱི་ཉེས་མིང་འོག རྒྱ་ནག་གི་བཙོན་ཁང་ཁག་ནང་ཁྱོན་གསར་འགོད་པ་ ༢༨ ཙམ་བཙོན་འཇུག་བྱས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

སྐར་མ ༢༧ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese