མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གི་མགོ་ཁྲིད་སང་ཉིན་ཐུག་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

སང་ཉིན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱས་ཏེ་རྒྱ་གར་སྲིད་བློན་མུ་དྷེ་དང་མཉམ་དུ་རྒྱལ་ཁབ་གཉིས་བར་གྱི་ཚོང་འབྲེལ་ས་མཚམས་རྩོད་རྙོག་སོགས་ལ་བཀའ་བསྡུར་གནང་རྒྱུ་ཡིན་འདུག

སང་ཉིན་ཕྱི་ཚེས་ ༡༧ ནས་༡༩ ཉིན་བར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱ་རྒྱུ་ཡིན་པ་དང་། སང་ཉིན་རྒྱ་གར་གྷུ་ཅུ་ར་ཌེ་མངའ་སྡེའི་རྒྱལ་ས་ཨ་མེ་ཌ་བྷ་ཌེ་ (Ahmedabad) ནང་བསྐྱོད་དེ། རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་མཆོག་དགུང་གྲངས་ ༦༤ ལ་ཕེབས་པའི་སྐྱེས་སྐར་ཐོག་ཞུགས་རྒྱུ་ཡིན་འདུག་ལ། དེ་དང་འབྲེལ་ནས་རྒྱ་ནག་ཀོང་ཀྲུའུ་གྲོང་ཁྱེར་དང་། རྒྱ་གར་ཨ་མེ་ཌ་བྷ་ཌེ་གྲོང་ཁྱེར་གཉིས་སྤུན་གྲོགས་གྲོང་ཁྱེར་(sister city)ཞེས་པར་བསྒྱུར་ཏེ། གྲོང་ཁྱེར་འདི་གཉིས་བར་ཐད་འཛུགས་མ་འཇོག་ (Foreign Direct Investment) ཆེ་རུ་གཏོང་རྒྱུའི་གྲོས་མཐུན་ལ་མིང་རྟགས་འགོད་རྒྱུ་ཡིན་འདུག ཐེངས་འདིར་སྲིད་བློན་ནཱ་རེན་ཌ་མུ་དྷེས་ཞི་ཅིན་ཕིན་ལ་བསུར་བཅར་རྒྱུ་ཡིན་པ་མ་ཟད། ཁོང་ལ་དབྱིན་ཡིག་དང་རྒྱ་སྐད། གྷུ་ཅུ་ར་དྷེ་སྐད་ཐོག་ནས་འཚམས་འདྲི་ཞུ་རྒྱུ་ཡིན་འདུག

སང་ཉིན་ཕྱི་དྲོར་རྒྱ་གར་རྒྱལ་ས་ལྡི་ལིར་ཕེབས་ཏེ་རྒྱལ་ཁབ་གཉིས་བར་ས་མཚམས་རྩོད་རྙོག་དང་། རྒྱ་གཞུང་གིས་རྒྱ་གར་ཨ་རུ་ནཱ་ཅལ་དང་ཇམ་མུ་ཀཱ་ཤི་མེར་མངའ་སྡེའི་ཡུལ་མི་ཚོར་རྒྱ་ནག་ནང་འགྲོ་སྐྱོད་ཐོངས་མཆན་སྤྲོད་ཕྱོགས། བོད་རྒྱའི་གནད་དོན་སོགས་ལ་གྲོས་མོལ་གནང་འཆར་ཡོད་པ་མ་ཟད། རྒྱ་ནག་གིས་རྒྱ་གར་ནང་མྱུར་ཚད་ལྡན་པའི་མེ་འཁོར་ལྕགས་ལམ་བཟོ་སྐྲུན་དང་། གཞུང་ལམ་རྒྱ་སྐྱེད་དང་གྲུ་ལམ་ (Port) གསར་བཟོ། གློག་ཤུགས་རྒྱུད་གཏོང་བཅས་ཀྱི་ཐོག་མཉམ་ལས་བྱ་རྒྱུ། རྒྱ་ནག་གིས་རྒྱ་གར་ནང་རླངས་འཁོར་བཟོ་སྐྲུན་ཁེ་ལས་དང་ཟས་རིགས་ཀྱི་ཁེ་ལས་གསར་འཛུགས་གིས་ལོ་ལྔའི་ནང་རྒྱ་གར་ནང་ཨ་སྒོར་ཐེར་འབུམ་ ༡༠༠ ཡི་མ་འཛུགས་མཉམ་ལས་བྱ་རྒྱུར་མིང་རྟགས་འགོད་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བརྒྱུད་ལམ་ཁག་དང་སྲིད་དོན་པ་ཚོས་རྒྱ་གར་ནག་གི་མགོ་ཁྲིད་ཐུག་འཕྲད་འདིར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ཅིང་། ཕྱི་རྒྱལ་ཁག་གི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སྲིད་འཛིན་ཞི་ཅིན་ཕིན་གྱིས་བོད་རྒྱ་འབྲེལ་མོལ་གང་མགྱོགས་མགོ་འཛུགས་བྱེད་དགོས་པའི་ལས་འགུལ་འདྲ་མིན་སྤེལ་བཞིན་ཡོད་པ་དང་། ལྷག་པར་དུ་ལྡི་ལི་ཁུལ་གྱི་བོད་མི་ཚོས་རྒྱ་ནག་གི་སྲིད་འཛིན་ལ་བོད་ནང་གི་ཛ་དྲག་གནས་སྟངས་གང་མགྱོགས་སེལ་དགོས་པའི་འབོད་སྐུལ་འོག་ལས་འགུལ་འདྲ་མིན་སྤེལ་རྒྱུར་དྲ་སྒྲིག་བྱས་ཡོད་འདུག རྒྱ་གར་གཞུང་གིས་ལྡི་ལིའི་ཞི་ཅིན་ཕིན་ཕེབས་ཡུལ་ཁག་ལ་སྲུང་སྐྱོབ་ཧ་ཅང་དམ་པོ་བྱས་ཡོད་འདུག

ཟླ་འདིའི་ཚེས་ ༡༣ ཉིན་ཧིན་རྡུ་སི་ཐན་དུས་བབ་ཀྱིས་བོད་མིའི་སྒྲིག་འཛུགས་ལྡི་ལི་སྐུ་ཚབ་དོན་གཅོད་བསྟན་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་པ་ཞིག་གི་ནང་ཁོང་གིས། “རྒྱ་གར་ནི་བོད་མི་ཚོར་བཀའ་དྲིན་དང་བསམ་ཤེས་གནང་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཡོད་སྟབས། ང་ཚོས་རྒྱ་གར་གཞུང་གིས་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་ལ་བོད་དོན་གླེང་སློང་ཡོང་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད། གལ་ཏེ་བོད་ནང་ཞི་བདེ་དང་བརྟན་ལྷིང་བྱུང་བ་ཡིན་ན། མ་འོངས་པར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་འཐོན་ངེས་ཡིན” ཞེས་སོགས་བརྗོད་འདུག

རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཡིས་ཁོ་རང་གི་སྤྱི་ཚོགས་དྲ་འབྲེལ་ཌེའུ་ཌར་(twitter)སྟེང་། “€œཟླ་འདིའི་ཚེས་ ༡༧ ཉིན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་གྷུ་ཅུ་ར་ཌེ་མངའ་སྡེའི་རྒྱལ་ས་ཨ་མེ་ཌ་བྷ་ཌེ་ནང་རྒྱལ་དོན་འཚམས་གཟིགས་ལ་ཕེབས་བཞིན་ཡོད་སྟབས། མ་འོངས་པར་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་བཟང་དུ་འགྲོ་རྒྱུའི་རེ་བ་ཆེན་པོ་ཡོད། ལོ་རྒྱུས་ཐོག་རྒྱ་གར་དང་རྒྱ་ནག་བར་ནང་ཆོས་ཀྱི་འབྲེལ་ལམ་ཡག་པོ་ཡོད་སྟབས། ཐང་སེན་བླ་མས་གྷུ་ཅུ་ར་ཌེ་མངའ་སྡེ་ནི་ནང་པའི་དགོན་པ་དང་རིག་གཞུང་གིས་ཕྱུག་པའི་མངའ་སྡེ་ཞིག་ཡིན་གསུངས་པ་ལྟར། ཕྲན་སྐྱེ་ཡུལ་གྱི་གྲོང་ཚོ་ཝ་ཌ་ནཱ་གྷར་ (Vadnagar) ནའང་ནང་ཆོས་ཀྱིས་ཤན་ཤུགས་ཆེ་བའི་རིག་གཞུང་དང་དགོན་སྡེ་མང་པོ་ཡོད་སྟབས། མ་འོངས་པར་རྒྱལ་ཁབ་གཉིས་བར་ནང་ཆོས་གཙོས་ཚོང་དོན་དང་དམག་དོན་གྱི་འབྲེལ་ལམ་བཟང་དུ་འགྲོ་ངེས་ཡིན”€ ཞེས་བཀོད་འདུག

ཁ་སང་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསར་ལམ་ཁག་ཏུ། “€œརྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་དང་རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཐུག་འཕྲད་སྐབས། རྒྱལ་ཁབ་གཉིས་ཀྱི་ས་མཚམས་དཀའ་རྙོག་དང་། རྒྱ་གཞུང་གིས་ཨ་རུ་ནཱ་ཅལ་དང་ཇམ་མུ་ཀཱ་ཤི་མེར་ཡུལ་མི་ཚོ་རྒྱ་ནག་ནང་རང་གར་འགྲོ་སྐྱོད་ཆོག་པའི་མཐོང་མཆན་སྤྲོད་བཞིན་པ་སོགས་ལ་གྲོས་བསྡུར་བྱ་རྒྱུ་ཙམ་མ་ཟད། བོད་རྒྱའི་དཀའ་རྙོག་དག་ཀྱང་གླེང་སློང་བྱ་འཆར་ཡོད” €ཅེས་བརྗོད་འདུག

ད་ལོའི་ཕྱི་ཟླ་ ༣ པའི་ནང་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་རྒྱ་ནག་ནང་སྐོར་སྐྱོད་སྐབས། ༡༩༥༤ ལོར་རྒྱ་གར་གྱི་སྲིད་བློན་ནེ་རུ་དང་རྒྱ་ནག་གི་སྲིད་བློན་ཀྲའུ་ཨིན་ལེ་བར་གྲོས་མཐུན་དོན་ཚན་ལྔ་བཞག་སྟེ་ལོ་ ༦༠ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་དང་། ས་མཚམས་སྐོར་ལ་གྲོས་མོལ་གནང་ཡོད་པ་མ་ཟད། ༢༠༡༥ ལོའི་ནང་ཚུད་དུ་ཨ་སྒོར་ཐེར་འབུམ་ ༡༠༠ ཡི་ཚོང་དོན་ལ་མིང་རྟགས་བཀོད་ཡོད་པ་དང་། ཟླ་ ༤ ཚེས་ ༡༨ ཉིན་རྒྱ་གར་ལ་རྒྱང་ལྟ་བྱེད་པ་ (Glimpses of India) ཞེས་པའི་རིག་གཞུང་ཚོགས་པ་ཞིག་རྒྱ་ནག་གི་གྲོང་ཁྱེར་ཁག་ ༩ ཙམ་ནང་སྐོར་སྐྱོད་ཀྱིས་རྒྱ་གར་གྱི་རིག་གཞུང་འགྲེམས་སྟོན་བྱས་ཡོད་པ་མ་ཟད། ཟླ་ ༥ ཚེས་ ༢༦ ཉིན་སྐུ་ཞབས་ནཱ་རེན་ཌ་མུ་དྷེ་རྒྱ་གར་སྲིད་བློན་ལ་བསྐོ་བཞག་གནང་བར། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་གི་འཚམས་འདྲི་དང་འབྲེལ་རྒྱལ་ཁབ་གཉིས་བར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད།

རྒྱ་གར་སྲིད་བློན་ནཱ་རེན་ཌ་མུ་དྷེ་རྒྱ་གར་གྷུ་ཅུ་ར་ཌེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་སྐབས། རྒྱ་ནག་ནང་ཐེངས་ ༤ ཙམ་སྐོར་སྐྱོད་གནང་ཡོད་པ་དང་། ཟླ་འདིའི་ཚེས་ ༨ ཉིན་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཌོ་ཝལ་ (Alit Doval) མཆོག་རྒྱ་ནག་ཏུ་བསྐྱོད་ཏེ། སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་སོགས་ལ་ཐུག་འཕྲད་གནང་སྟེ། རྒྱལ་ཁབ་གཉིས་བར་མཉམ་ལས་ཤུགས་ཆེ་རུ་གཏོང་ཐབས་དང་ས་མཚམས་གནད་དོན་སོགས་ཀྱི་སྐོར་ལ་གྲོས་མོལ་བྱས་ཡོད་ཀྱང་། བདུན་ཕྲག་གཅིག་གོང་རྒྱ་ནག་དམག་མིས་ལ་དྭགས་དྷེམ་ཆོག་ (Demchok) ས་ཁུལ་ཐོག་ཆུ་རགས་བརྒྱབ་པ་མ་ཟད། ཁ་སང་བཅིངས་གྲོལ་དམག་མིས་ཆུ་དམར་ (Chumar) ས་ཚིགས་ཁུལ་དུ་ལམ་ཀ་གསར་རྒྱག་གི་ལས་གྲྭ་མགོ་འཛུགས་བྱས་པ་བཅས་ཀྱི་གནས་ཚུལ་ཐོན་ཡོད།

༡༩༥༤ ལོར་རྒྱ་གར་སྲིད་བློན་ནེ་རུ་དང་རྒྱ་ནག་སྲིད་བློན་ཀྲའུ་ཨིན་ལེ་གཉིས་བར་གྲོས་མཐུན་དོན་ཚན་ལྔ་བཞག་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་ལམ་ཡག་ཏུ་གཏོང་ཐབས་བྱས་ཡོད་ཀྱང་། ༡༩༦༢ ལོར་རྒྱ་ནག་བཅིངས་གྲོལ་དམག་མིས་རྒྱ་གར་མཐའ་མཚམས་ལ་བཙན་འཛུལ་བྱས་ཡོད་པ་དང་། ༡༩༩༠ ལོ་ཙམ་ནས་བཟུང་རྒྱ་དཀར་ནག་གི་དབུ་ཁྲིད་བར་འབྲེལ་ལམ་ཇེ་ཟབ་ཏུ་ཕྱིན་ཏེ་ཚོང་དོན་གྲོས་མཐུན་མང་པོ་བཞག་ཡོད།༢༠༠༢ ལོར་རྒྱ་གར་དང་རྒྱ་ནག་བར་ཨ་སྒོར་ཐེར་འབུམ་ ༤།༨།

༢༠༠༤ ལོར་ཨ་སྒོར་ཐེར་འབུམ་ ༡༣།༦

༢༠༠༥ ལོར་ཨ་སྒོར་ཐེར་འབུམ་ ༡༨།༧

༢༠༠༨ ལོར་ཨ་སྒོར་ཐེར་འབུམ་ ༢༠།༥༦

༢༠༡༠ ལོར་ཨ་སྒོར་ཐེར་འབུམ་ ༣༠།༣༤

༢༠༡༡ ལོར་ཨ་སྒོར་ཐེར་འབུམ་ ༣༦།༣།

༢༠༡༢ ལོར་ཨ་སྒོར་ཐེར་འབུམ་ ༤༠།༦༨

༢༠༡༣ ལོར་ཨ་སྒོར་ཐེར་འབུམ་ ༥༦།༩༢ བཅས་ཀྱི་ཚོང་འབྲེལ་བྱས་པའི་ཁྲོད་རྒྱ་གར་ལ་ཨ་སྒོར་ཐེར་འབུམ་ ༣༡ ལྷག་གིས་གྱོང་གུད་རག་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 6

  1. འཇིགས་མེད་སེངྒེ། says:
    ལོ་ 10 སྔོན།

    བོད་ཀྱི་འདས་པའི་ལོ་རྒྱུས་དང་། མིག་སྔའི་གནས་སྟངས། མ་འོངས་པའི་ཁ་ཕྱོགས་བཅས་གང་ལ་བལྟས་ཀྱང་། སྲིད་སྐྱོང་དང་ཚོགས་གཙོ་མཆོག་གི་དགོངས་པའི་དབར་བར་ཁྱད་ཆེན་པོ་ཞིག་འདུག
    ཚོགས་གཙོ་ཁོང་ངའི་མ་འོངས་པའི་སྲིད་སྐྱོང་ཡིན།

    Reply
  2. རྣམ་རྒྱལ་ཚེ་རིང་། says:
    ལོ་ 10 སྔོན།

    མགོ་ལོག་ཟླ་བྷེ་ལགས་ཀྱིས་མཁས་མྱོང་ཅན་གྱི་སྐད་ཆ་དང་གནད་དུ་སྨིན་པའི་དགོངས་འཆར་གསུངས་གནང་འདུག ཐུགས་རྗེ་ཆེ། ང་རང་ལ་མཚོན་ན་ཡང་སྐད་འབད་ངོ་རྒོལ་ལྟ་བུའི་ལས་འགུལ་ཐབ་ཆགས་ཁོར་ཡུག་ལ་སུན་པོ་བཟོ་བའི་རིགས་ལ་འདོད་པ་གཏན་ནས་མེད།

    Reply
  3. གནམ་བུ་ལྷ་དཀར། says:
    ལོ་ 10 སྔོན།

    ངན་པ་གཉིས་ལོགས་བྱས་ནས་བཟང་པོ་ས་རྒྱག་རྡོ་རྒྱག་མི་བྱེད་པའི་རེ་བ་བཟུང་ཡོད། ཨ་བྱ་དུ་ང་ཚོའི་ལས་དབང་འདི་ཡ།

    Reply
  4. ཁྱམས་འཇུགས་ says:
    ལོ་ 10 སྔོན།

    རྒྱ་དཔོན་ལ་ནམ་འགྱུ་ཡག་མདོག་བསྟན་ཏེ་རང་ཚུག་མ་ཤོར་པར་བྱེད་

    Reply
  5. ཁྱམས་འཇུགས་ says:
    ལོ་ 10 སྔོན།

    རྒྱ་དཔོན་ལ་ནམ་འགྱུ་ཡག་མདོག་བསྟན་ཏེ་རང་ཚུག་མ་ཤོར་པར་བྱེད་

    Reply
  6. མགོ་ལོག་ཟླ་བྷེ། says:
    ལོ་ 10 སྔོན།

    སྙན་ཞུ་བྱ་མ་རྟ།
    འདས་མ་ད་གསུམ་གྱི་སྐྱིད་སྡུག་ལས་དབང་དང་།ཤ་རུས་ཁྲག་གསུམ་གྱི་འབྱུང་ཁུངས་རྒྱུད་པ་གཅིག་པའི་རང་རིགས་སྤུན་ཟླ་ཕུ་ནུ་མིང་སྲིང་ཡོངས་ཀྱི་གསེར་སྙན་དུ་ཞུ་བ།
    ད་ཐེངས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་རྒྱ་གར་ནང་ལ་ཕེབས་དུས།རྒྱ་གར་མང་གཙོ་རང་དབང་ལུང་པ་ནས་སྐད་འབོད་ངོ་རྒོལ་སོགས་གང་བྱས་བྱས་ཡིན་པ་དང་། ང་ཚོ་བཙན་བྱོལ་བོད་མིའི་སྟེ་གནས་ཡང་ཡིན་པས་སྐད་འབོད་ངོ་རྒོད་སོགས་ཀྱི་མཐུན་རྐྱེན་ཡོངས་སུ་ཚང་ན་ཡང་། ང་ཚོ་ཡུལ་གྱར་བོད་པ་ཚོའི་ངོས་ནས་ཐེངས་འདིར་རྒྱ་གར་སོགས་བརྒྱུད་ནས་གཞུང་འབྲེལ་སྙན་ཞུ་དོན་ལྡན་ཞིག་འབུལ་ཐབས་བྱེད་པ་ལས། རབ་བྱུང་ན་གཞན་ངོ་རྒོད་སྐད་འབོད་སོགས་ལས་འགུལ་གང་ཡང་མ་སྤེལ་བར་འཇམ་ཐིང་ངེར་བཞག་ན་དགེ་མཚན་ལྡན་པར་འདོད། དེ་ཡང་ལས་འགུལ་ཞིག་ཡིན་ཏེ། སྲིད་འཛིན་གསར་བ་མི་སྒེར་ལ་ཕོག་ཐུག་གཏིང་ནག་དུ་མི་འགྲོ་བ་དང་། ཁོང་གི་བསམ་གཞིག་བཟང་ཕྱོགས་ལ་འགྲོ་བའི་གོ་སྐབས་ཞིག ང་ཚོའི་ངོས་ནས་བོད་རྒྱ་ཞི་མོལ་དེ་ལྷག་བསམ་ཟོལ་མེད་ཡིན་པར་མངོན་པ། བོད་རྒྱ་ཞི་མོལ་མ་ཡོང་ན་དགའ་མཁན། བར་ཆད་དངོས་ཤུགས་བརྒྱུད་གསུམ་ནས་རྩོམ་མཁན། པར་ངན་བཟོ་མཁན།ཚིག་ངན་སྒྲོག་མཁན། མདོར་ན་བོད་གཞི་བྱེས་གཉིས་ཀྱི་མངོན་འདོད་བོད་རྒྱ་ཞི་མོལ་ལ་བར་དུ་གཅོད་པའི་བྱ་འགུལ་སྣ་ཚོགས་སིམ་འཛུལ་གྱི་གོ་སྐབས་འགོག་ཐུབ་པ་བཅས་ཀྱི་དགེ་མཚན་སྣང་། ཡིན་ཡང་ཅི་ནས་ཀྱང་ལས་འགུལ་ཞིག་མ་སྤེལ་ཐབས་མེད་ཡིན་ན་བོད་རྒྱ་ཞི་མོལ་གྱི་མཐུན་རྐྱེན་དུ་འགྲོ་བ་ཞིག་དགོས་པ་ལས་ཞེ་འདོད་དང་ལག་ལེན་གོ་ལྡོག་དུ་འགྲོ་བ་ཞིག་མ་ཡིན་པ་གལ་ཆེ་བར་འདོད།

    ༧གོང་ས་མཆོག་གི་ཉེ་ཆར་བཀའ་སློབ་ཅིག་ཏུ་རྒྱ་ནག་གི་དཔོན་རིགས་ཚོ་ཕྱི་ཕྱོགས་ལ་ཡོང་དུས་ང་ཚོ་རང་དབང་ལུང་པ་ན་ཡོད་པའི་བོད་མི་ཚོས་ངོ་རྒོད་སྐད་འབོད་བྱེད་སྐབས་གཟབ་གཟབ་མ་བྱས་ནས་ཁོ་ཚོ་ཚིག་པ་ཟ་ཤོར་ན། ང་ཚོ་ལ་ཅི་ཡང་བྱེད་མི་ཐུབ་ཀྱང་ཕྱིར་སོང་ནས་སྡུག་ཡུས་ཡོད་ཚད་གཞིས་ལུས་བོད་མི་སྤུན་ཟླ་ཚོའི་སྟེང་ལ་སྐོར་སྲིད་གསུངས་ནས་ཐུགས་འཚབ་ལངས་ཀྱིན་ཡོད་པ་ནི་རང་གཞན་གཉིས་ཀྱི་ཚད་གཏིང་ནས་ལོན་ཞིང་། གཞི་བྱེས་གཉིས་ལ་ཐུགས་སྙོམས་པར་བརྩེ་བའི་གསུང་དྲི་མ་མེད་པ་ཞིག་ལོས་ཀྱང་ཡིན། ང་ཚོས་གཞིས་ལུས་སྤུན་ཟླ་ཚོའི་ཚབ་བྱས་ཏེ། སྡུག་གདུང་གི་གནས་སྟངས་དང་། རེ་སྙེག་གི་མངོན་འདོད་སོགས་རྒྱ་ནག་མཐོ་རིམ་དཔོན་རིགས་དང་། རྒྱ་ནག་མི་མང་སྤྱི་བྱིངས། དེ་མིན་འཛམ་གླིང་མི་མང་ཡོངས་ལ་ཤེས་སུ་འཇོག་དགོས་པ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པ་དང་།དེ་ཡང་ལས་འགུལ་རབ་དང་རིམ་པ་སྤེལ་བ་ལས་འབྱུང་བ་སྨོས་མ་དགོས་ན་ཡང་། ལས་འགུལ་སྤེལ་ཕྱོགས་ནི་འཚེ་མེད་ཞི་བའི་ལྟ་གྲུབ་མ་དོར་བ། བོད་མི་རིགས་དང་དེའི་རིག་གཞུང་གི་ཆེ་མཐོང་མ་བརླག་པ། གནས་ཡུལ་རྒྱལ་ཁབ་གང་དེའི་ཁྲིམས་ཀྱི་ར་བ་ལས་མི་འགོང་བ་སོགས་མ་བྱས་ནས། ལག་ལ་རྡོ་དང་དབྱུག་པ་སོགས་ཅི་ཞིག་རག་ཀྱང་འཕེན་རྐྱང་དང་། ཁ་ལ་གང་ཐོན་ཐོན་བཤད་རྐྱང་འབོད་རྐྱང་བྱས་ན་ཕན་ལས་གནོད་ཆེ་བ་སྟེ། རྒྱབ་སྐྱོར་བྱེད་མཁན་རྣམས་ཡིད་ཆད་པ་དང་། འཇིག་སྐུལ་གྱི་ཆ་རྐྱེན་དང་འཇོན་ཐང་མ་ཡོད་པ་མ་གཏོགས་མི་བྱེད་པའི་མི་རིགས་ཤིག་རེད་མི་འདུག་བསམ་པའི་ཚོར་བ་དང་བག་ཆགས་ངན་པ་མཐོང་ཐོས་ཀུན་ལ་འཇོག་པ་དང་། རྒྱ་ནག་དཔོན་འབངས་དྲང་དོན་དང་གནས་ལུགས་ལ་ཉམས་ཞིབ་དང་རྒྱབ་སྐྱོར་བྱེད་འདོད་མཁན་དག་གི་བསམ་བློ་ལྡོག་ཕྱོགས་ལ་སྒྱུར་བ་སོགས་འབྱུང་སྲིད་པས་ཤིན་ཏུ་ནས་ཀྱང་གཟབ་དགོས་པར་བསམ། ཡང་གཅིག་བཤད་ན་ཞི་གྱེན་འཕེལ(ཞི་ཅིན་ཕེན)ནི། ཅང་བརྩེ་མེད་དང་། ཧྭོས་ལྕགས་ཐོ་སོགས་དང་མི་འདྲ་ས་མང་པོ་མངོན་ཏེ། ཁོས་སྟག་དང་སྦྲང་ནག་མཉམ་ཏུ་གསོད་པའི་ཐབས་ལམ་དེས་དཔོན་ངན་དབང་ཆ་ལོག་སྤྱོད་ཅན་དང་། ཧམ་ཟ་རུལ་སུངས་བ་དག་གི་སྐུབ་དམར་རྗེན་ལ་ལྕག་ཚན་ཚ་གཞུ་བྱས་པས་གནོད་ཐེབས་མི་མང་གཙོས་གཟུར་གནས་ཀུན་གྱི་འདོད་བློ་ཚིམས་ཡོད།དེ་དག་གི་ནང་ན་གསེར་རྟ་བླ་རོང་ཆོས་སྒར་ཆེན་མོ་ལ་ཉི་མ་རེར་ཇོ་སེར་གྱི་གྲྭ་ཁང་ལྔ་བརྒྱ་རེ་གཏོར་བཤིག་བཏང་བའི་བྱེད་གཏེ་ཀྲུའུ་ཡོང་ཁང་སོགས་བོད་ལ་དངོས་ཤུགས་བརྒྱུད་གསུམ་ནས་གནོད་པ་ཚབ་ཆེན་བྱེད་མྱོང་མཁན་ཡང་མི་ཉུང་བ་ཞིག་འདུས་ཡོད། ཁོང་མགོ་གཙོ་ལ་སླེབ་པ་ནས་བོད་ཀྱི་ས་གནས་ཁ་ཤས་ནས་དམག་དཔུང་ཕྱིར་འཐེན་དང་། དགོན་སྡེ་དང་སློབ་གྲྭའི་མི་རིགས་སྐད་ཡིག་དང་ཆོས་ལུགས་རིག་གཞུང་། ཁོར་ཡུག་བདག་དབང་བཅས་ལ་ཅུང་གུ་ཡངས་ཀྱི་རྣམ་པ་དང་། མི་རིགས་གྲངས་ཉུང་གི་གྱོད་གཞི་མཐའ་དག་མི་རིགས་གནད་དོན་དུ་བརྩི་མི་རུང་ཞེས་ད་སྔ་གོ་མ་མྱོང་བའི་གཏམ་དྲོན་མོ་ཡང་དང་ཡང་དུ་གསུངས་ཡོད། དེ་ཚོ་བཟང་ཕྱོགས་ཀྱི་འགྱུར་བ་རེད་འདོད། ཡང་གཞན་ཞིག་བཤད་ན་ཁོང་གི་ཁྱིམ་ཚང་ནང་པ་ཡིན་པ་དང་། འདིར་བཤད་མི་བདེ་བའི་རྒྱུ་མཚན་འགའ་རེ་ཕུད་གཞན་ཁོང་གིས་ནང་ཆོས་རྩ་ཆེན་ཡིན་ལུགས་གསུངས་པ་ནང་བཞིན་འདས་པའི་ལོ་དྲུག་ཅུ་ལྷག་གི་རིང་ལ་ཆོས་ལུགས་དུག་དུ་མཐོང་མཁན་རྒྱ་ནག་དམར་པོའི་གཞུང་གི་མཐོ་རིམ་དཔོན་རིགས་སུ་གང་གིས་ཀྱང་མངོན་གསལ་དུ་གཏམ་ཟུར་ཙམ་དུའང་ཐོན་མ་མྱོང་བ་ཞིག་ཡུན་པ་ཀུན་ལ་གསལ །ཡིན་ན་ཡང་རྒྱ་ནག་ནང་གི་དཔོན་ངན་ཕྱོགས་ལྷུང་ཅན། རུལ་སུངས་ཅན། གདུག་རྩུབ་ཅན།སྒེར་གཅོད་ཅན་དེ་དག་གི་རྗེས་འབྲང་འབྲེལ་ལག་དང་བཅས་པ་རྩ་མེད་གཙང་དག་བྱས་ནས།དྲང་བདེན་དང་བྱམས་བརྩེ་འོད་སྣང་ཅན་གྱི་སྤྱི་ཚོགས་གསར་པ་ཞིག་རྐང་བརྟན་པོར་མ་ཚུགས་བར་དུ། ཞི་གྱེན་འཕེལ་(ཞི་ཅིན་ཕེན)གཅིག་པུས་མི་རིགས་གྲངས་ཉུང་ཞིག་གི་མངོན་འདོད་དང་གནས་སྟངས་ལམ་སང་སྒྱུར་རྒྱུ་ཤིན་ཏུ་དཀའ། ལྷག་པར་དུ་སྐབས་འཚོལ་ཞྭ་ནག་སྐོར་འཕེན་ལ་གོམས་ཆ་ཆེ་བའི་དཔོན་ངན་དེ་ཚོས། ཀྲོ་ཙི་ཡང་དང་ཧྭོས་ཡོ་པང་གི་བྱུང་བ་ཡང་བསྐྱར་འབྱུང་དུ་འཇུག་མི་སྲིད་པ་ག་ལ་ཡིན། བོད་རེ་བས་ཕུང་། རྒྱ་དོགས་པས་ཕུང་ཟེར་སྲིད་ན་ཡང་། རེ་བ་ཅུང་ཙམ་ཆེ་བའི་མི་བུ་འདིས་ཅི་བྱེད་ཅི་སྒྲུབ་ཡོངས་སུ་མ་ཤེས་གོང་། མི་སྒེར་བ་ལ་ཕོག་ཅིང་ཚིག་པ་ཟ་བའི་ལས་འགུལ་ལ་གཟབ་གཟབ་དགོས་པར་འདོད།

    སྤྱི་ལུགས2014ལོའི་ཟླ9ཚེས10ལ་མགོ་ལོག་ཟླ་བྷེས་ནུབ་ཡུ་རོབ་གླིང་གི་སྦེལ་ལྗམ་ནས་ཕུལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese