མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་ཞི་བའི་སྒོ་ནས་སེལ་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་མུམ་བྷེ་རུ་གསར་འགོད་པར་ལན་འདེབས་གནང་སྐབས། སྔ་ཕྱི་མ་གཏོགས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སེལ་དགོས་པ་ཆགས་ཡོད་སྟབས། ཞི་བའི་སྒོ་ནས་རྩོད་རྙོག་སེལ་ཐབས་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་གསུངས་འདུག

ཉིན་འདི་གར་༧གོང་ས་མཆོག་གིས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེའི་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱང་བཞིན་པ་ལྟར། ཁ་སང་ཚེས་ ༡༨ ཉིན་༸གོང་ས་མཆོག་རྒྱ་གར་ཚོང་པའི་ལྷན་ཚོགས་ (Indian Merchants€™ Association) དང་། ཡན་ལག་བུད་མེད་ཚོང་པའི་ལྷན་ཚོགས་བཙུགས་ནས་ལོ་ ༡༠༨ འཁོར་བའི་དུས་དྲན་མཛད་སྒོར་ཆིབས་བསྒྱུར་གྱིས་བཀའ་སློབ་གསུང་བཤད་གནང་ཡོད་འདུག ཉིན་དེར་གསར་འགོད་པའི་བོད་དོན་དང་འབྲེལ་བའི་དྲི་བར་བཀའ་ལན་གནང་སྐབས། ༧གོང་ས་མཆོག་གིས་བོད་ཀྱི་དཀའ་ངལ་དེ་རྒྱ་གར་གྱི་དཀའ་ངལ་ཡིན་པ་དང་། རྒྱ་དཀར་ནག་གཉིས་དབར་ཡུན་རིང་ནས་ས་མཚམས་ཀྱི་རྩོད་རྙོག་ཡོད་པ་དེ་དག་ངེས་པར་དུ་སེལ་ཐབས་བྱེད་དགོས། ཡིན་ནའང་། ཐབས་ལམ་འཚེ་བའི་ལམ་ལ་མ་བརྟེན་པར་ཞི་བའི་ཐབས་ལམ་ཐོག་ནས་དཀའ་རྙོག་སེལ་ཐབས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ༡༩༥༠ གོང་ལ་རྒྱ་གར་བྱང་ཕྱོགས་ས་མཚམས་སུ་དམག་མི་གཅིག་མེད་ཀྱང་ཞི་བདེ་ལྷིང་འཇགས་ཡོད། སྔ་ཕྱི་མ་གཏོགས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་རྩོད་རྙོག་སེལ་དགོས་པ་ཆགས་ཡོད་སྟབས། ཞི་བའི་སྒོ་ནས་རྩོད་རྙོག་སེལ་ཐབས་གནང་དགོས། ཞེས་བཀའ་ལན་སྩལ་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་གཞན་དང་བསྡུར་ན། ཕྲན་བུ་བསམ་བློ་གུ་ཡངས་ཡོད་པའི་མགོ་ཁྲིད་ཅིག་ཡིན་སྟབས། ཐེངས་འདིར་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་གནང་སྐབས་རྒྱ་གར་ནས་བློ་སྐྱེད་ལེན་ཐུབ་པའི་ཡིད་ཆེས་ཡོད་སྐོར་དང་། ལྷག་པར་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་གཅིག་གིས་གཅིག་ལ་ཡིད་ཆེས་བྱས་ནས་འབྲེལ་ལམ་གྱི་རྨང་གཞི་སྲ་བརྟན་ཞིག་འཛུགས་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་སྐོར་སོགས་གསུངས་ཡོད་འདུག

ཚེས་ ༡༧ ཉིན་༸གོང་ས་མཆོག་གྲོང་ཁྱེར་མུམ་ཏྲ་ཏྲ་སྤྱི་ཚོགས་ཚན་རིག་སློབ་གཉེར་བསྟི་གནས་ཁང་ (Tata Institute of Social Science) གི་འགན་འཛིན་སློབ་དཔོན་ཨེ་སི་པ་ར་ཤུ་ར་མན་ (Prof Parasuraman) ལགས་གཙོའི་པའི་དགེ་སློབ་རྣམས་ཀྱིས་ཕེབས་བསུའི་ཁྲོད། མཐོ་སློབ་ཀྱི་སྐབས་དང་པོའི་ཁྲིམས་ལུགས་རབ་འབྱམས་ (LL.M) པའི་བསླབ་པ་མཐར་སོན་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ། སློབ་ཐོན་སློབ་མར་ཕྱག་འཁྱེར་གསོལ་རས་དང་འབྲེལ་བཀའ་སློབ་གསུང་བཤད་གནང་ཡོད་འདུག

ཉིན་དེར་མཐོ་སློབ་དེའི་དགེ་སློབ་རྣམ་པར་བཀའ་སློབ་གནང་སྐབས། ངོས་ནས་ནམ་རྒྱུན་ང་ཚོ་ཚང་མ་འགྲོ་བ་མི་གཅིག་མཚུངས་ཡིན་བསམ་བཞིན་པ་ལས། སྤྱི་ཚོགས་ནང་གོ་རིམ་དང་མཐོ་དམའ་སོགས་གལ་ཆེན་དུ་བརྩི་གི་མེད། ང་ཚོའི་བར་རིགས་རུས་དང་ཐོབ་གོ་ས། ཆོས་དད་ཡོད་མེད། རིག་གཞུང་སོགས་མི་འདྲ་བའི་ཁྱད་པར་ཡོད་ཀྱང་། དེ་དག་གྲལ་རིམ་གཉིས་པ་ཆགས་ཡོད། གལ་ཆེ་ཤོས་འཛམ་གླིང་འདིའི་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མ་ལུས་སེམས་དང་ཚོར་བ་གང་གི་ཆ་ནས་ཀྱང་འགྲོ་བ་མི་ཡིན་པ་གཅིག་པ་ཆགས་ཡོད། ང་ཚོ་ཚང་མར་མིའི་ཀླད་པ་ཡོད་སྟབས། དུད་འགྲོ་གཞན་ལྟར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཆགས་ཡོད། བདེ་བ་བསྒྲུབ་རྒྱུ་དང་སྡུག་བསྔལ་ལས་གྲོལ་ཐབས་བྱ་རྒྱུ་ནི་ང་ཚོ་ཚང་མའི་གཞི་རྩའི་ཐོབ་ཐང་ཡིན། མིར་རྣམ་དཔྱོད་ཡོད་པའི་དབང་གིས་དུད་འགྲོ་དང་མི་འདྲ་བར་རྙོག་གྲ་བཟོ་ཐུབ་པ་ཙམ་མིན་པར། རྙོག་གྲ་ཧ་ཅང་ཆེན་པོ་བཟོ་ཐུབ་པའི་རྣམ་དཔྱོད་ཡོད། ང་ཚོས་རང་གི་རྣམ་དཔྱོད་འདི་དུས་ནམ་ཡང་མཐུན་པའི་རྐྱེན་དུ་འགྲོ་ཐུབ་པ་ཞིག་བྱེད་དགོས། དེ་འདྲ་ཡོང་བར་སེམས་ནང་བྱམས་བརྩེའི་བསམ་པ་དང་གཞན་གྱི་བདེ་སྡུག་ལ་སེམས་ཚོར་ཡོད་པ་བྱེད་དགོས། ཞེས་སོགས་གསུངས་འདུག

ཉིན་རྒྱབ་༧གོང་ས་མཆོག་གིས་བསྟི་གནས་ཁང་གི་ཉེ་འགྲམ་དུ་ཡོད་པའི་ལི་ལ་ཝ་ཏི་སྨན་ཁང་ (Lilavati Hospital) དུ་ཆིབས་སྒྱུར་བསྐྱངས་ཏེ་སྨན་པ་དང་སྨན་ཞབས་པ་ཁག་ཅིག་དང་གསོལ་ཇ་ལྷན་བཞེས་ཀྱིས་བཀའ་མོལ་མཛད་ཡོད་འདུག

ཟླ་འདིའི་ཚེས་ ༡༤ ཉིན་མུམ་བྷེའི་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འཛམ་གླིང་ཞི་བདེའི་སྲུང་སྐྱོབ་ལས་འགུལ་ཚོགས་པ་ (TWPM) ཞེས་པས། ༸གོང་ས་མཆོག་ལ་དམིགས་བསལ་ཆེ་བསྟོད་ཀྱི་ཞི་བདེའི་གཟེངས་རྟགས་ཤིག་ཕུལ་ཡོད་ཅིང་། དེར་རྒྱ་གར་གྱི་རྩོམ་པ་པོ་དང་སྤྱི་ཚོགས་ཞབས་ཞུ་བ། སློབ་ཕྲུག་བཅས་མི་ ༥༠༠ བརྒལ་བ་མཉམ་ཞུགས་གནང་ཡོད་འདུག ཐེངས་འདིར་༧གོང་ས་མཆོག་ལ་དམིགས་བསལ་ཆེ་བསྟོད་གཟེངས་རྟགས་འབུལ་མཁན། འཛམ་གླིང་ཞི་བདེ་སྲུང་སྐྱོབ་ཚོགས་པ་དེ་ནི། ༢༠༡༡ ལོར་མུམ་བྷེར་གནས་སྡོད་རྒྱ་གར་གྱི་རྩོམ་པ་པོ་དང་སྤྱི་ཚོགས་ཞབས་ཞུ་བ་སྐུ་ཞབས་ཧོ་སེན་བྷར་ལགས་ཀྱིས་གསར་འཛུགས་གནང་བ་ཞིག་ཡིན་འདུག་ལ། ད་ཆར་འཛམ་གླིང་ནང་ཚོགས་པ་དེའི་རྗེས་འཇུག་པ་མི་འབུམ་ལྔ་ཡོད་འདུག ཉེ་ལམ་ཚོགས་པ་དེས་འཛམ་གླིང་ནང་ཞི་བདེ་དང་ཆོས་ལུགས། ཤེས་ཡོན་སོགས་ཀྱི་ཐོག་གཟེངས་སུ་ཐོན་པའི་བྱས་རྗེས་འཇོག་མཁན་གྱི་མི་སྣར་ཆེ་བསྟོད་ཀྱི་དམིགས་བསལ་གཟེངས་རྟགས་འབུལ་ལམ་ཞུ་རྒྱུའི་ལས་རིམ་ཞིག་བསྒྲིགས་ཏེ། ༧གོང་ས་མཆོག་དང་། བུད་མེད་ཀྱི་ཤེས་ཡོན་རྩོད་ལེན་པ་མ་ལཱ་ཡུ་སེལ་ལགས། སྤྱི་ཚོགས་ལས་འགུལ་བ་ཨ་ནཱ་ཧཱ་ཛ་རི་བཅས་མི་སྣ་གྲགས་ཅན་ཁག་ཅིག་འདེམས་སྒྲུག་གནང་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese