མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་མང་ཚོཊ་ཀྱི་འབྲེལ་ལམ་ལ་ཤུཊ་རྒྱག་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་རིཊ་ཆབ་སྲིད་དཔྱད་བརྗོད་པ་ཁྲིན་ཕོ་ཁུང་ལཊ་ཀྱིས་བོད་མི་ཚོར་གཏམ་བཤད་གནང་སྟེ། བོད་རང་བཙན་སྤྱི་ཚོཊ་ཀྱི་སྐད་སྒྲ་གཙོ་བོར་གྱུར་ཚེ། རྒྱ་གཞུང་གིས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུཊ་ཀྱིས་མི་མང་སོ་སོའི་སྲིད་བྱུས་ཀྱི་ཕྱོཊ་སུ་འཁྲིད་ཐུབ་ཀྱི་མེད་པ་ཚོར་སྲིད་པ་མ་ཟད། གྲོས་མོལ་ལ་དགེ་མཚན་མེད་པ་ཞིག་ཆཊ་ངེས་སྐོར་བརྗོད་འདུག

ཨ་རིའི་བོད་ཀྱི་སྐུ་ཚབ་དོན་དོན་གཅོད་ཁང་གིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཟླ་འདིའི་ཚེས་ ༦ ཉིན་ཨ་རིའི་ནེའུ་ཡོག་དང་ནེའུ་ཇར་སེ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་དང་། ཨ་རིའི་སྐུ་ཚབ་དོན་གཅོད་ཀྱི་གཞོགས་འདེགས་འོག གྲོང་ཁྱེར་ནེའུ་ཡོག་ཕུན་ཚོགས་སྡེ་བཞི་ཚོགས་ཁང་དུ་རྒྱ་རིགས་ཤེས་ཡོན་པ་གསུམ་གྱིས་བོད་མི་ཚོར་གཏམ་བཤད་ཅིག་གནང་ཡོད་འདུག དེར་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོར་མཆོག་དང་། སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས། སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བསོད་ནམས་རྒྱ་མཚོ་གཙོས་རྒྱུན་ལས་རྣམ་པ་དང་ས་གནས་བོད་མི་བཅས་མི་ ༡༠༠ ལྷག་འཛོམས་འདུག

ཚོགས་འདུའི་ཐོག་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ལགས་ཀྱི་ཚོགས་འདུ་ངོ་སྤྲོད་གནང་རྗེས། སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་རྡོ་མཆོག་ནས། བོད་རྒྱའི་འབྲེལ་ལམ་གྱི་གལ་ཆེའི་རང་བཞིན་དང་འབྲེལ། ཐེངས་འདིའི་ཚོགས་འདུ་དེ་ནི། བོད་མི་ཚོས་རྒྱ་རིགས་ཚོས་བོད་དོན་ལ་གཟིགས་ཚུལ་ཇི་ཡོད་ཤེས་རྟོགས་ཐུབ་ཆེད་དང་། བོད་རྒྱ་མང་ཚོགས་བར་གྱི་འབྲེལ་ལམ་ལ་སྔར་ལས་ཤུགས་སྣོན་རྒྱག་ཆེད་གོ་སྒྲིག་གནང་བ་ཡིན་སྐོར་གསུངས་འདུག དེའི་རྗེས་རྒྱ་རིགས་སྲིད་དོན་དབྱེ་ཞིབ་པ་ཁྲིན་ཕོ་ཁུང་ལགས་དང་། རང་དབང་གི་རྩོམ་པ་པོ་ཏིང་དབྱི་ཕུ་ལགས། ནིའུ་ཡོག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཤཱ་མིང་ལགས་བཅས་གསུམ་གྱིས། ཆུ་ཚོད་གསུམ་རིང་ ༼བོད་རྒྱ་མང་ཚོགས་བར་གྱི་འབྲེལ་ལམ་ལ་ཕྱིར་མིག་ལྟ་བ༽ ཅེས་པ་དང་། ༼རྒྱ་རིགས་ཀྱིས་དབུ་མའི་ལམ་ལ་མཐོང་ཚུལ་ཇི་ཡོད༽། ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་མི་མང་གི་དྲི་བར་ལན་འདེབས་བཅས་གནང་ཡོད་འདུག

ཉིན་དེར་རྒྱ་རིགས་ཆབ་སྲིད་དཔྱད་བརྗོད་པ་ཁྲིན་ཕོ་ཁུང་ལགས་ཀྱིས་གཏམ་བཤད་གནང་སྐབས། ཉེ་བའི་ལོ་ཤས་ནས་བོད་རྒྱ་མང་ཚོགས་བར་འབྲེལ་བ་བྱེད་རྒྱུ་མངོན་གསལ་དོད་པོས་ཇེ་མང་དུ་སོང་ཡོད་པ་དང་། ཁོ་རང་དེའི་ཁྲོད་དངོས་སུ་ཞུགས་བྱས་པའི་ཉམས་མྱོང་ལས། ཕན་ཚུན་གྱི་འབྲེལ་ལམ་ལ་གྲུབ་འབྲས་ཡག་པོ་འཐོན་བཞིན་པའི་རྣམ་པ་མཐོང་གི་འདུག་སྟབས། ལས་དོན་འདིའི་ཁྲོད་ནུས་པ་འདོན་མཁན་ཨ་རི་དོན་གཅོད་ཁང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་རང་བོད་མི་དང་འབྲེལ་བ་བྱུང་རྗེས་བོད་མིའི་བཟང་སྤྱོད་ཀྱི་ཚད་རྒྱ་རིགས་ལས་མཐོ་བའི་ཤེས་ཚོར་ཟབ་མོ་བྱུང་། རྒྱ་ནག་གཞུང་གིས་རྒྱ་རིཊ་མི་མང་ལ་དབུ་མའི་ལམ་གྱི་སྐོར་གཏན་ནས་ཤེས་བཅུག་གི་མེད་པར་ཁ་བྲལ་དང་། རང་བཙན་ལ་ཁ་གཡར་ནས་རྒྱ་ནག་མི་དམངས་ལ་འཇིཊ་སྐུལ་བྱེད་ཀྱི་ཡོད། རྒྱ་རིགས་མི་དམངས་ཀྱིས་དངོས་ཡོད་གནས་ཚུལ་ཤེས་ཚེ། ཁོང་ཚོས་བོད་ལ་ངོས་འཛིན་བྱེད་སྟངས་དེ་ད་ལྟ་དང་མི་འདྲ་བ་ཡོང་བའི་ཡིད་ཆེས་བརྟན་པོ་ཡོད། བོད་རྒྱ་མང་ཚོགས་བར་གྱི་འབྲེལ་ལམ་ལ་ཤུགས་སྣོན་རྒྱག་རྒྱུ་ཅང་གི་གནད་འགག་ཆེན་པོ་རེད། ང་རང་གི་ངོས་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ལ། རང་བཙན་འདོད་མཁན་ལ་ཡང་བརྩི་བཀུར་ཡོད། འོན་ཀྱང་། བོད་པ་ཚོས་མཁྱེན་དགོས་པ་ཞིག་ལ། དབུ་མའི་ལམ་ལ་རྒྱབ་སྐྱོར་གྱི་སྒྲ་དེ་སྤྱི་ཚོགས་སྟེང་གི་མི་མང་ཆེ་བའི་སྒྲ་ཆགས་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། དེ་ནི་རྒྱ་ནག་དང་གྲོས་མོལ་གནང་སྐབས་ཀྱི་སྟོབས་ཤུགས་ཤིག་རེད། གལ་སྲིད་རང་བཙན་དེ་སྤྱི་ཚོགས་ཀྱི་སྐད་སྒྲ་གཙོ་བོར་གྱུར་ཚེ། རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱིས་མི་མང་རྣམས་སོ་སོའི་སྲིད་བྱུས་ལ་རྒྱབ་སྐྱོར་གྱི་ ཕྱོགས་སུ་འཁྲིད་ཐུབ་ཀྱི་མེད་པའི་རྣམ་པ་ཐོན་ན། དེ་ནི་གྲོས་མོལ་ལ་དགེ་མཚན་མེད་པ་ཞིག་རེད། ཅེས་གཏམ་བཤད་སྤེལ་ཡོད་འདུག

ཏིང་དབྱི་ཕུ་ལགས་ཀྱིས། ང་རང་གི་ངོས་ནས་༧རྒྱལ་བ་རིན་པོ་ཆེས་འདོན་གནང་མཛད་པའི་དབུ་མའི་ལམ་ནི་བོད་མི་རིགས་ངེས་པར་དུ་སྐྱོད་དགོས་པའི་ལམ་ཞིག་ཡིན་པ་མ་ཟད། རྒྱ་མི་རིགས་ལ་ཡང་གསལ་སྟོན་གནང་བའི་ཡང་དག་པའི་ལམ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ངས་རང་ཉིད་རྒྱ་རིགས་ཤིག་ཡིན་པའི་དབང་གིས་ལམ་དབུ་མར་རྒྱབ་སྐྱོར་བྱས་པ་ཞིག་མིན་པར། དབུ་ལམ་གྱི་དགོངས་པ་དང་། དེའི་ནང་དོན་ཆ་ཚང་རྟོགས་པའི་ཐོག་ནས་རྒྱབ་སྐྱོར་བྱས་པ་ཡིན། ༸རྒྱལ་བ་རིན་པོ་ཆེ་ཡོད་པ་ལ་བརྟེན་ནས་བོད་མི་བཙན་བྱོལ་བ་ཚོ་བཙན་བྱོལ་བ་མང་པོའི་ནང་ནས་མི་འདྲ་བ་ཞིག་ཆགས་ཡོད། དེ་ཆབ་སྲིད་ཐོག་གི་ཆིག་སྒྲིལ་དང་། གཅིག་གྱུར་ཆེན་པོ་ཞིག་རེད། དབུ་མའི་ལམ་གྱི་དགོངས་པ་གཙོ་བོ། མིག་སྔའི་དངོས་ཡོད་གནས་སྟངས་ཀྱི་ཆ་ནས་སྒྲུབ་ཐབས་མེད་པའི་རང་བཙན་མ་བརྩད་པར་བོད་མི་རིགས་ཧྲིལ་པོར་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ལེན་གནང་རྒྱུ་དེ་རེད། དེ་ནི་འཛམ་གླིང་ཀུན་གྱིས་རྒྱབ་སྐྱོར་ཡོད་ལ་བོད་རྒྱ་གཉིས་ཀར་ཕན་པ། ད་ལྟའི་གནས་སྐབས་ལ་འཚམ་ཤོས་དང་། ཡག་ཤོས་ཀྱི་ལམ་ཞིག་ཡིན་སྟབས། བོད་མི་ཚོས་ལམ་དེའི་མཐའ་སྐོར་དུ་ཆིག་སྒྲིལ་ བྱེད་ཐུབ་ན། དེ་ནི་རྒྱ་ནག་གཞུང་དང་གྲོས་མོལ་བྱེད་སྐབས་ཀྱི་སྟོབས་ཤུགས་ཤིག་རེད། ཅེས་སོགས་གཏམ་བཤད་སྤེལ་འདུག

དགེ་རྒན་ཆེན་མོ་ཤྰ་མིང་ལགས་ཀྱིས། བོད་རྒྱ་མི་རིགས་གཉིས་གཞི་རྒྱ་ཆེ་བའི་སྲིད་དབང་གཅིག་སྡུད་ཀྱི་དབང་འཛིན འོག་གནས་ཡོད་པ་དང་། འདྲ་མཉམ་མེད་པའི་དཀའ་ངལ་གཅིག་གྱུར་འཕྲད་བཞིན་ཡོད་ཀྱང་། རྒྱ་བོད་མང་ཚོགས་དབར་གྱི་འབྲེལ་ལམ་ནི་ཆབ་སྲིད་ཀྱི་འབྲེལ་ལམ་ཞིག་ཡིན་པའི་སྐོར་དང་། བོད་རྒྱ་མི་རིགས་གཉིས་ནི་ཆེས་དམིགས་བསལ་དང་། གཏན་ནས་མི་འདྲ་བའི་མི་རིགས་ཤིག་ཡིན་པ་མ་ཟད། མི་རིགས་དེ་གཉིས་དབར་གྱི་འབྲེལ་བ་ནི་ཕན་ཚུན་འདྲ་མཉམ་གྱི་འབྲེལ་བ་ཞིག་ཡིན་པའི་སྐོར། བོད་རིགས་ནི་ནང་སེམས་ཀྱི་དཔལ་ཡོན་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཡིན་པ་དང་། རྒྱ་རིགས་ཀྱིས་བོད་ཀྱི་རིག་གཞུང་ལ་ཆ་རྒྱུས་མེད་རྐྱེན་གྱིས་བོད་རིགས་ལ་མཐོང་ཆུང་བྱེད་པའི་སྣང་ཚུལ་སྔར་བཞིན་གནས་ཡོད་པའི་སྐོར་སོགས་གསུངས་ཏེ། ཁོང་རང་ཉིད་ལོ་མང་བོར་བོད་རྒྱའི་འབྲེལ་ལམ་ནང་ཞུགས་པའི་ཉམས་མྱོང་ལ་གཞིགས་ན། བོད་རིགས་ནི་རླབས་ཆེན་གྱི་མི་རིགས་ཤིག་དང་། རྒྱ་རིགས་ཀྱིས་བོད་ཀྱི་ས་ནས་བསམ་པའི་དཔལ་ཡོན་ཐད་སློབ་སྦྱོང་བྱེད་དགོས་པ་མང་པོ་ཞིག་ཡོད་སྟབས། བོད་རྒྱ་མི་རིགས་ཀྱི་འབྲེལ་ལམ་ནི་དཔལ་ཡོན་གྱི་འབྲེལ་བ་ཡིན། ཞེས་བརྗོད་ཡོད་འདུག

དབུ་མའི་ལམ་གྱི་སྐོར་ལ་ཁོང་གིས། དབུ་མའི་ལམ་གྱི་དགོངས་དོན་གྱི་གལ་གནད་ཆེ་ཤོས་གཅིག་ནི། ༸གོང་ས་མཆོག་གིས་བོད་མི་ཙམ་མ་ཟད། རྒྱ་རིགས་ཡོངས་ཀྱི་ཁེ་ཕན་ལ་ཡང་དགོངས་བཞེས་གནང་བའི་བྱམས་བརྩེ་ཅན་གྱི་དགོངས་ པ་ཞིག་ཡིན་པ་དེ་ངེས་པར་དུ་མཁྱེན་དགོས། བོད་གཞིས་བྱེས་གཉིས་ཀས་ཐུན་མོང་ཐོག་གདོང་གཏུག་བྱེད་དགོས་པའི་གནད་དོན་ཅིག་ཡོད་པ་ནི། བོད་ནང་ཡོད་པའི་བོད་མི་རྣམས་རང་དབང་བྲལ་ནས་གཉའ་གནོན་མྱོང་བཞིན་པའི་གནས་སྟངས་འགྱུར་བ་གཏོང་རྒྱུ་དེ་རེད། གནས་སྟངས་དེར་འགྱུར་བ་གཏོང་བའི་ཐབས་ལམ་ལེགས་ཤོས་ག་རེ་ཡིན་པ་བསམ་བློ་ནན་པོ་གཏོང་རྒྱུ་ཧ་ཅང་གི་གལ་གནད་ཆེན་པོ་རེད། གལ་སྲིད། རང་བཙན་རྩོད་རྒྱུ་དེ་ཐབས་ལམ་ཡག་ཤོས་ཡིན་ཚེ་རང་བཙན་རྩོད་དགོས་ཀྱི་རེད། ད་ལྟའི་གནས་སྟངས་ལ་བལྟས་ནས་བཤད་ན། གལ་སྲིད་དབུ་མའི་ལམ་བསྐྱུར་ནས་རང་བཙན་ཐོག་ཕྱིན་པ་ཡིན་ན། བོད་ནང་གི་བོད་མི་ཚོས་དུས་ཡུན་རིང་པོར་གཉའ་གནོན་མྱོང་པ་མ་ཟད། གཏིང་ཇེ་ཟབ་དུ་འགྲོ་རྒྱུ་རེད། བོད་མི་ཚོས་དབུ་མའི་ལམ་བཞག་ནས་རང་བཙན་གྱི་ལམ་ལ་ཕྱིན་པ་ཡིན་ན། རྒྱ་རིགས་ཧ་ཅང་མང་པོས་མོས་མཐུན་མེད་པ་ནི་གསལ་པོ་རེད་ལ། བོད་ནང་གི་བོད་མི་རྣམས་རང་དབང་བྲལ་ནས་གཉའ་གནོན་མྱོང་བཞིན་པའི་ད་ལྟའི་གནས་སྟངས་འགྱུར་བ་གཏོང་རྒྱུར་ཕན་ཐོགས་གང་ཡང་མེད་པ་ཞིག་རེད། དམངས་གཙོའི་སྤྱི་ཚོགས་ནང་ལྟ་ཚུལ་འདྲ་མིན་ཡོད་པར་ཞེད་སྣང་དང་ཡ་མཚན་དགོས་དོན་མེད། ནང་ཁུལ་ཚོགས་འདུ་དང་གྲོས་བསྡུར་སྐབས་བོད་མིར་ཕན་ཐོགས་ཆེ་ཤོས་ཀྱི་ལམ་ག་རེ་ཡིན་མིན་བགྲོ་གླེང་བྱེད་ཆོག ཡིན་ནའང་། རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་བོད་མི་མང་ཆེ་བས་རྒྱབ་སྐྱོར་ཡོད་པའི་སྤྱི་པའི་སྲིད་བྱུས་ལ་ཚིག་མཚོན་བཏབ་པ་དང་། རང་བཙན་ལ་རྒྱབ་སྐྱོར་མི་བྱེད་མཁན་རྣམས་སེམས་ཤུགས་མེད་མཁན་རེད་མདོག་མདོག་གི་ཧ་ཅང་ཚོར་ཤུགས་ཆེ་བའི་ལྟ་ཚུལ་དེ་ཚོ་ནི། བོད་ཀྱི་རང་དབང་འཐབ་རྩོད་ལ་ཕན་ཐོགས་མེད་པ་ཞིག་རེད། བོད་རྒྱ་མི་རིགས་གཉིས་གཏན་ནས་མི་འདྲ་བའི་མི་རིགས་ཤིག་ཡིན་སྟབས། མི་རིགས་རང་ཐག་རང་གཅོད་ཀྱི་ཁེ་དབང་རང་ཆས་སུ་ཡོད་པ་འདི་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་བཤད་ན། སྲུང་སྐྱོབ་བྱེད་དགོས་པ་ཞིག་རེད། འོན་ཀྱང་། དོན་དངོས་ལག་ལེན་གྱི་ཐོག་ནས་བཤད་ན། བོད་མི་རིགས་ཧྲིལ་པོའི་ཐུན་མོང་གི་ཁེ་ཕན་ཆེད་༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་གཞི་མངོན་འགྱུར་བྱུང་ཚེ། རང་ཆས་སུ་ཡོད་པའི་རང་ཐག་རང་གཅོད་ཀྱི་ཁེ་དབང་དེ་ཡིན་གཅིག་མིན་གཉིས་ཆབ་སྲིད་ཀྱི་དངོས་དོན་དུ་སྒྱུར་དགོས་པའི་ངེས་པ་མེད། ཅེས་བརྗོད་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༡ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese