མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཁྲི་ ༦ ལྷག་སྐྱེལ་འདྲེན་བྱས།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ལྷ་ས་ནས་གཞིས་ཀ་རྩེའི་མེ་འཁོར་ལྕགས་ལམ་དངོས་སུ་ཤར་གཏོང་བྱས་པའི་དུས་ཡུན་ཟླ་གཅིག་རིང་མི་ཁྲི་དྲུག་སྐྱེལ་འདྲེན་བྱས་ཡོད་ཟེར།

རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༨ ཚེས་ ༡༥ ཉིན་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ས་ཐིག་དང་པོ། བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་ནས་གཞིས་ཀ་རྩེ་བར་མེ་འཁོར་ལྕགས་ལམ་ཤར་གཏོང་བྱས་ཡོད་པ་ལྟར། ཟླ་འདིའི་ཚེས་ ༡༥ བར་གྱི་དུས་ཡུན་ཟླ་གཅིག་རིང་ཡུལ་སྐོར་བ་དང་མི་མང་ ༦༧༠༠༠ ལྷག་སྐྱེལ་འདྲེན་བྱས་ཐུབ་པ་བྱུང་ཡོད་པ་མ་ཟད། ས་གནས་ཀྱི་མང་ཚོགས་དང་ཡུལ་སྐོར་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད་ཚུལ་བསྒྲགས་ཡོད་འདུག

སྤྱིའི་རིང་ཚད་ལ་སྤྱི་ལེ་ ༢༥༣ ཡོད་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་མེ་འཁོར་ལྕགས་ལམ་དེར་ཤེལ་རོང་དང་ཆུ་ཤུར། སྙེ་མོ། རིན་སྤུངས་བཅས་ཁྱོན་ས་ཚིགས་ཁག་ ༡༤ བཀོད་སྒྲིག་བྱས་ཡོད་འདུག་ལ། རྒྱ་ནག་གཞུང་འབྲེལ་གྱི་གསལ་བསྒྲགས་ཤིག་གི་ནང་འདས་པའི་ཟླ་གཅིག་རིང་ལྷ་ས་མེ་འཁོར་ས་ཚུགས་ནས་གཞིས་རྩེར་མི་ ༣༣༠༠༠ སྐྱེལ་འདྲེན་དང་། གཞིས་རྩེ་མེ་འཁོར་ས་ཚུགས་ནས་ལྷ་སར་མི་ ༣༤༠༠༠ ལྷག་ཙམ་སྐྱེལ་འདྲེན། ས་ཚུགས་གཉིས་ཀས་ཉིན་རེར་ཆ་སྙོམས་མི་ ༢༣༠༠ ལྷག་སྐྱེལ་འདྲེན་བྱེད་ཐུབ་ཡོད་སྐོར་བསྒྲགས་ཡོད་འདུག

རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༠༦ ལོར་རྒྱ་མཚོའི་ངོས་ནས་མཐོ་ཚད་མུ་ཊར་ ༥༠༠༠ ལྷག་ཡོད་པའི་ན་གོར་མོ་ནས་ལྷ་ས་བར་ལྕགས་ལམ་ཤར་གཏོང་བྱས་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་མཚོའི་ངོས་ནས་མཐོ་ཚད་མུ་ཊར་ ༣༦༠༠ ནས་ ༤༠༠༠ ཡོད་པའི་ལྷ་ས་དང་གཞིས་རྩེ་བར་གྱི་ལྕགས་ལམ་ཤར་གཏོང་བྱས་ཡོད། འདི་ནི་རྒྱ་ནག་གཞུང་གི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་གྲས་ཀྱི་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ལས་འཆར་གལ་ཆེ་ཤོས་ཤིག་ཆགས་ཡོད་འདུག་ལ། ༢༠༡༦ ལོར་རྒྱ་གཞུང་གིས་མཚོ་བོད་ལྕགས་ལམ་གྱི་སྣེ་གཉིས་སུ་གྱེས་ཏེ། སྣེ་གཅིག་བལ་ཡུལ་དང་སྣེ་གཞན་དེ་རྒྱ་གར་དང་འབྲུག་གི་ས་མཚམསས་བར་མཐུད་དེ། ༢༠༢༠ ལོར་ཁྱིམ་མཚེས་རྒྱལ་ཁབ་དེ་གཉིས་ཀྱི་ས་མཚམས་བར་མེ་འཁོར་ཤར་གཏོང་ཐུབ་པ་བྱ་འཆར་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། རྒྱ་གཞུང་གིས་མ་འོངས་པར་ལྕགས་ལམ་རྒྱ་སྐྱེད་ཀྱིས་བལ་ཡུལ་དང་འབྲུག རྒྱ་གར་བཅས་ཀྱི་ས་མཚམས་བར་སླེབས་ཐབས་བྱེད་དོན། ས་ཁུལ་དེ་དག་བོད་དང་ས་འབྲེལ་ཆགས་ཡོད་པ་དང་། ཨེ་ཤ་ཡའི་གནད་འགག་གི་ས་གནས་ཆགས་ཡོད་སྟབས། ཐབས་ཇུས་བཀོད་སྒྲིག་རྒྱ་སྐྱེད་གཏོང་ཆེད་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

ཆུ་ཚོད་ ༡༨ སྔོན་ལ།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༦/༡༠/༢༣
ས་ཡོམ་ཁྲོད་གས་ཆག་ཤོར་བའི་ཁང་པ་ཞིག པར་དྲ་ལམ་ནས་བླངས།
Mobile App

བོད་ནག་ཆུ་ཁུལ་དུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག

༢༠༢༦/༡༠/༢༣
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

༢༠༢༦/༡༠/༢༢
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese