མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་བློན་མུ་དྷེ་ཨ་རིར་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༤/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ནས་བཟུང་རྒྱ་གར་སྲིད་བློན་མུ་དྷེ་ཨ་རིའི་ནང་སྐོར་སྐྱོད་མགོ་འཛུགས་བྱས་ཡོད་ཅིང་ཚེས་ ༢༩ ཉིན་སྲིད་འཛིན་ཨོ་བྷ་མ་དང་ཐུག་འཕྲད་གྱིས་རྒྱལ་ཁབ་གཉིས་བར་བདེ་སྲུང་དང་ཚོང་དོན་སྐོར་ལ་གྲོས་ཆོད་འཇོག་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་ ༢༥ ནས་ ༣༠ ཉིན་བར་རྒྱ་གར་གྱི་སྲིད་བློན་ནཱ་རེན་ཌ་མུ་དྷེ་ཨ་རིར་གཟིགས་མགོ་འཛུགས་བྱས་ཡོད་ཅིང་། ཚེས་ ༢༧ ཉིན་ནེའུ་ཡོག་གྲོང་ཁྱེར་ནང་ཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ལྷན་ཚོགས་ཐོག་གཏམ་བཤད་དང་། ཚེས་ ༢༩ དང་ ༣༠ བཅས་ཉིན་གཉིས་རིང་རྒྱལ་ས་ཝ་ཤིན་ཌོན་དུ་ཕེབས་ཏེ། སྲིད་འཛིན་ཨོ་བྷ་མ་དང་མཐོ་རིམ་དཔོན་རིགས་ཁག་ལ་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་བར་དྲ་རྒྱའི་བདེ་འཇགས་དང་རྡུལ་ཕྲན་གློག་ཤུགས་མཁོ་འདོན། འཕྲོད་བསྟེན་དང་རིག་གཞུང་བརྗེ་ལེན། ཨ་རིས་རྒྱབ་སྐྱོར་འོག་རྒྱ་གར་གྱི་འཛུགས་སྐྲུན་འཕེལ་རྒྱས་གཏོང་ཐབས། རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་ཚོགས་མིའི་ཁོངས་སུ་གཞུག་ཐབས་བཅས་ཀྱི་སྐོར་ལ་གྲོས་མོལ་གནང་རྒྱུ་ཡིན་འདུག འདི་ནི་རྒྱ་གར་གྱི་སྲིད་བློན་ཨ་རིར་ཕེབས་ཏེ་སྲིད་འཛིན་ཨོ་བྷ་མ་དང་ཐུག་འཕྲད་གནང་བ་ཐོག་མ་དེ་ཆགས་ཡོད།

འདིའི་ཐད་ནཱ་རེན་ཌ་མུ་དྷེ་ཡིས། “ངས་ད་ཐེངས་ཨ་རིའི་སྲིད་འཛིན་ལ་ཐུག་འཕྲད་བྱས་པ་ཐོག་མ་ཡིན། ཁོང་ད་ལྟ་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་མི་སྣ་ཆགས་དགོས་དོན་ནི་དམངས་གཙོའི་ཐོབ་ཐང་དང་གོ་སྐབས་བཀོལ་སྤྱོད་བྱས་པ་ལས་བྱུང་བ་ཞིག་ཡིན་སྟབས། འཛམ་གླིང་མི་མང་ཚོས་མིག་དཔེ་ལྟ་ས་ཞིག་ཆགས་ཡོད། ཨ་རི་ནི་ཤེས་ཡོན་དང་ལས་རྩོལ། འཕྲུལ་ལས་ཚན་རྩལ། གསར་གཏོད་ཀྱི་ཤེས་བྱས་ཕྱུག་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ཨ་རི་དང་ཚོང་དོན། དམག་དོན་གཙོས་གནད་དོན་ཁག་ལ་མཉམ་ལས་བྱས་ཏེ། འཛམ་གླིང་ནང་ཞི་བདེ་དང་བརྟན་ལྷིང་ཡོང་བ་བྱ་རྒྱུ་ཡིན།”ཞེས་བརྗོད་འདུག  

ནཱ་རེན་ཌ་མུ་དྷེ་ ༡༩༩༠ ལོར་བྷེ་ཇེ་པི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་གནང་སྐབས་ཨ་རིར་སྐོར་སྐྱོད་ཐེངས་དང་པོ་བྱས་ཡོད་ཅིང་། དེའི་རྗེས་ ༡༩༩༣ ལོར་ཐེངས་གཉིས་པ་དང་། ༢༠༠༥ ལོར་སྐོར་སྐྱོད་ཐེངས་གསུམ་པ་བྱ་རྒྱུའི་ཐག་གཅོད་གནང་ཡོད་ཀྱང་། སྐབས་དེར་ཨ་རིའི་གཞུང་གིས་ནཱ་རེན་ཌ་མུ་དྷེ་གྷུ་ཅུ་ར་ཌེ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བྱེད་སྐབས་ཁ་ཆེ་མི་རིགས་ ༢༠༠༠ ལྷག་དམར་གསོད་བཏང་ཡོད་པའི་སྐྱོན་འཛུགས་འོག ཨ་རིར་སྐྱོད་པའི་ཐོངས་མཆན་ལག་འཁྱེར་སྤྲོད་རྒྱུ་མིན་པའི་ཐག་གཅོད་བྱས་རྗེས་ད་བར་ཨ་རིར་སྐྱོད་ཐུབ་མེད་སྟབས། ད་རེབ་ནཱ་རེན་ཌ་མུ་དྷེ་ཨ་རིར་ཕེབས་པ་དང་བསྟུན་ཏེ་སྲིད་འཛིན་ཨོ་བྷ་མས་དགོང་དྲོའི་གསོལ་སྟོན་ཞིག་དང་། སྲིད་འཛིན་གཞོན་པ་ཇོའོ་བྷེ་ཌིན་གྱིས་གུང་ཚིགས་ཤིག་འདེགས་འབུལ་ཞུ་རྒྱུ་ཡིན་འདུག 

ཟླ་འདིའི་ཚེས་ ༢༦ ཉིན་ནཱ་རེན་ཌ་མུ་དྷེ་ཡིས་ནེའུ་ཡོག་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་བྷེལ་ཌི་བྷེ་ལཱ་སེའོ་ (Bill de Blasio) དང་སྨན་རྗས་རིག་པའི་ཐོག་ནོ་སྦེལ་གཟེངས་རྟགས་བཞེས་མྱོང་མཁན་(Harold Varmus) ཧཱ་རོལ་ཌི་ཝར་མུ་སེ་རྣམ་གཉིས་མཇལ་འཕྲད་བྱས་ཡོད་པ་དང་། སང་ཉིན་རྒྱ་གར་སྲིད་བློན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྷན་ཚོགས་ཐོག་གཏམ་བཤད་དང་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཁེ་མོན་དང་། རྒྱལ་ཚོགས་ཀྱི་ལྷན་ཚོགས་སུ་མཉམ་བཞུགས་གནང་བཞིན་ཡོད་པའི་བྷང་ལ་དྷེ་ཤི་དང་བལ་ཡུལ་གྱི་སྲིད་བློན་དང་། སིང་གྷ་ལའི་སྲིད་འཛིན་བཅས་ལ་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་མ་ཟད། ཚེས་ ༢༩ ཉིན་རྒྱལ་ས་ཝ་ཤིན་ཌོན་དུ་སྲིད་འཛིན་ཨོ་བྷ་མ་དང་། སྲིད་འཛིན་ཟུར་པ་བྷེལ་ཁེ་ལོན་ཌོན་དང་ལྕམ་ཁེ་ལོན་ཌོན་སོགས་དང་མཇལ་འཕྲད་བྱ་རྒྱུ་ཡིན་འདུག 

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞུ་གཏུག་ཚན་པར་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་འདུག

༢༠༢༥/༠༩/༡༢
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་གཞོན་པ་གསར་པར་འཚམས་འདྲི་མཛད། 

༢༠༢༥/༠༩/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese