མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་གུར་བ་ ༣ ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༤/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཤིན་ཅང་ཁུ་ཧྲི་ཁ་ཆེ་ལྷ་ཁང་གི་ཆོས་ལུཊ་དོན་གཉེར་བ་དམར་གསོད་ཀྱི་ཉེས་མིང་འོག་ཡུ་གུར་བའི་གཞོན་སྐྱེས་གཉིས་ལ་སྲོག་ཁྲིམས་དང་། གཞན་གཅིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག

ཟླ་འདིའི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཁུ་ཧྲི་ས་གནས་ཀྱི་ཨེ་ཊེ་ཀ་ (Id Kah Mosque) ཞེས་པའི་ཁ་ཆེ་ལྷ་ཁང་གི་ཆོས་ལུགས་དོན་གཉེར་བ། རང་ལོ་ ༧༤ ཡིན་པའི་སྐུ་ཞབས་ཇོ་མེ་ཊ་ཧེ་ཨེར་ (Jume Tahir) དམར་གསོད་བཏང་བའི་ཉེས་མིང་འོག རང་ལོ་ ༡༨ ཡིན་པའི་གྷེ་ནེ་ཧྰ་སེན་ (Gheni Hasan) ཞུ་བ་ཞིག་དང་། རང་ལོ་ ༡༩ ཡིན་པའི་ནོ་ཨེར་མེ་ཌེ་ཨ་བྷེ་ཊེ་ལེ་མེའེ་ཊེ་ (Nurmemet Abidilimit) ཞུ་བའི་གཞོན་སྐྱེས་གཉིས་ལ་སྲོག་ཁྲིམས་ཀྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཨ་ཐ་ཝུ་ལ་ཌིར་སིན་ (Atawulla Tursun) ཞུ་བ་ཞིག་ལ་ཚེ་བཙོན་བཅས་ཀྱི་ཁྲིམས་ཐག་བཅད་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་པར་གྱིས། རྒྱ་ནག་གཞུང་ཕྱོགས་ནས་ཁྲིམས་ཐག་བཅད་པའི་ཉེས་ཅན་པ་གསུམ་ལ་འཇབ་རྒོལ་གྱི་སྦྱོང་བརྡར་ཡོད་པ་དང་། ཁོང་ཚོའི་རྒྱབ་ལོགས་སུ་སྒྲིག་འཛུགས་ཡོད་སྐོར་ཤེས་ཡོད་ཚུལ། ཁོང་ཚོར་ཕྱི་ཕྱོགས་ཀྱི་གནས་ཚུལ་འདྲ་མིན་དང་ཆོས་ལུགས་དང་འབྲེལ་བའི་བརྙན་རིས་སོགས་ཀྱི་ཤུགས་རྐྱེན་ཐེབས་ཏེ་དམར་གསོད་ཀྱི་དོན་རྐྱེན་བསླངས་ཡོད་ཚུལ་སོགས་བསྒྲགས་ཡོད་པ་ལས། ཉེས་ཅན་པ་གསུམ་མི་རིགས་གང་ཡིན་དང་། ཉེས་ཅན་པ་གསུམ་གྱིས་ཁྲིམས་རྩོད་པ་གླས་ཏེ་ཁྲིམས་རྩོད་བྱེད་རྒྱུའི་འཆར་གཞི་ཡོད་པའི་སྐོར་སོགས་ཕྱིར་བསྒྲགས་བྱས་མེད་ཀྱང་། ཡུ་གུར་བ་གཙོས་པའི་མི་མང་པོ་ཞིག་གིས་ཐེངས་འདིར་རྒྱ་གཞུང་གིས་སྲོག་ཁྲིམས་བཅད་པའི་གཞོན་སྐྱེས་ཁོང་གསུམ་ཡུ་གུར་མི་རིགས་ཡིན་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་ཤིན་ཅང་ནང་མི་རིགས་དབྱེ་འབྱེད་ལས་གཞི་དང་འཁྲུག་རྐྱེན་སློང་གཞིའི་གནས་ཚུལ་མང་དག་ཅིག་སྤེལ་གྱིན་པའི་གླེང་སློང་བྱེད་ཀྱི་ཡོད་འདུག

ཐེངས་འདིའི་གྱོད་དོན་དེ་ནི། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༣༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༦།༣༠ ཡས་མས་སུ། ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཁུ་ཧྲི་ས་གནས་ཀྱི་ཨེ་ཊེ་ཀ་ཅེས་པའི་ཁ་ཆེའི་ལྷ་ཁང་དུ་ཞོགས་པའི་ཆོས་ཚོགས་ཚོགས་ཏེ་ཅང་མ་འགོར་བར། ཁུ་ཧྲི་ཉེ་འཁྲིས་ཁུ་ཙི་ལེ་སུའུ་ཤང་ནས་ཡོང་བའི་གཞོན་སྐྱེས་གསུམ་གྱིས་ཁ་ཆེ་ལྷ་ཁང་ནང་འཇབ་རྒོལ་བྱས་ཏེ། ཁ་ཆེའི་ཆོས་ལུགས་དོན་གཉེར་བ་སྐུ་ཞབས་ཇོ་མེ་ཊ་ཧེ་ཨེར་ལྐོག་གསོད་བྱས་ཡོད་པ་དང་། ཅང་མ་འགོར་བར་ཉེན་རྟོག་པ་བསླེབ་ཏེ་ཉིན་དེར་ལྐོག་གསོད་བྱེད་མཁན་གཞོན་སྐྱེས་གཉིས་འཛིན་བཟུང་བྱས་ཡོད་པར་མ་ཟད། རྗེས་སུ་ལྐོག་གསོད་བྱེད་མཁན་གཅིག་ཀྱང་འཛིན་བཟུང་བྱས་ཡོད་འདུག

གནས་ཚུལ་ཤེས་རྟོག་བྱུང་བ་ལྟར་ན། ཉེ་ཆར་ལྐོག་གསོད་ཐེབས་པའི་ཁ་ཆེ་ཆོས་ལུགས་དོན་གཉེར་བ་སྐུ་ཞབས་ཇོ་མེ་ཊ་ཧེ་ཨེར་ལགས་ནི། རྒྱ་ནག་གཞུང་གིས་མངགས་གཏོང་བྱེད་པའི་ཤིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཁ་ཆེ་ཆོས་ལུགས་མཐུན་ཚོགས་ཀྱི་མི་སྣ་ཞིག་ཡིན་འདུག་ལ། རྒྱ་ནག་ནང་ཡོད་པའི་ཡུ་གུར་བ་ཁྲི་ ༡༠༠༠ ལྷག་གི་ཁྲོད་གླེང་གཞི་ཆེན་པོ་ཡོད་པའི་ཡུ་གུར་བའི་མི་སྣ་ཞིག་ཡིན་འདུག འདས་པའི་ལོ་ཤས་རིང་ཁོས་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་རང་ཉིད་ཀྱི་ལྟ་བ་ཁྱབ་བསྒྲགས་དང་འབྲེལ། རྒྱ་ནག་གཞུང་གིས་ཡུ་གུར་བའི་ནང་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས། ཡུ་གུར་བའི་གཞོན་སྐྱེས་ཚོ་ཁ་ཆེའི་ལྷ་ཁང་ནང་འགྲོ་རྒྱུར་བཀག་འགོག་བྱེད་པའི་རིགས་དང་། ལྷ་ཁང་ནང་རོལ་དུ་ཡོད་པའི་གནའ་རབས་དཔེ་རྙིང་གི་སློབ་གྲྭ་བཀག་འགོག ཁ་ཆེའི་བུད་མེད་ཚོས་སྐེ་དཀྲིས་རྒྱག་པ་དང་སྐྱེས་པ་ཚོའི་ཁ་སྦུ་འཇོག་པའི་རིགས་སོགས་ལ་བཀག་འགོག་བྱེད་བཞིན་པའི་སྲིད་ཇུས་ཁག་ལ་རྒྱབ་སྐྱོར་ཤུགས་ཆེར་བྱེད་མཁན་ཞིག་ཡིན་འདུག

ཐེངས་འདིའི་ཡུ་གུར་བ་གསུམ་གྱི་ཁྲིམས་ཆད་ཐད། འཇར་མན་དུ་ཡོད་པའི་འཛམ་གླིང་ཡུ་གུར་འཐུས་ཚོགས་ཀྱི་མགྲིན་ཚབ་པ་ཊེ་ལེ་ཤ་ཌེ་ (Dilixiati Raxit) ཡིས། རྒྱ་ནག་གཞུང་གིས་ཆོས་ལུགས་དོན་གཉེར་བ་ཇོ་མེ་ཊ་ཧེ་ཨེར་ལྐོག་གསོད་བྱས་པའི་ནག་ཉེས་འོག་ཡུ་གུར་བའི་གཞོན་སྐྱེས་གསུམ་ལ་ཁྲིམས་ཆད་ལྗིད་མོ་བཅད་པ་དེས། ཡུ་གུར་བ་ཚོ་རྒྱ་གཞུང་གི་སྲིད་ཇུས་ལ་འདོད་མོས་མེད་པའི་བསམ་འདུན་འགོག་མི་ཐུབ་པ་མ་ཟད། ཡུ་གུར་མི་རིགས་ཀྱི་སེམས་ལ་སྔར་ལས་ལྷག་པའི་རྨ་ཁ་བཟོ་བཞིན་པ་ཞིག་ཡིན་པ་དང་། ཡུ་གུར་བའི་གནད་དོན་མཐའ་དག་གི་འབྱུང་རྩ་རྒྱ་ནག་གི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ཐུག་ཡོད་སྟབས། རྒྱ་གཞུང་གིས་ངེས་པར་དུ་གནད་དོན་དེ་དག་གི་འབྱུང་རྐྱེན་ལ་བརྩད་ཞིབ་ནན་པོ་གནང་རྒྱུ་དང་། ཡུ་གུར་བའི་ཆོས་ལུགས་དང་མི་རིགས་ཀྱི་གོམས་གཤིས་གཏོར་སྐྱོན། འཁྲུག་རྐྱེན་སློང་གཞི་མཚམས་འཇོག་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་སྐོར་བརྗོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་ཟླ་གཅིག་དང་ཉིན་གྲངས་ ༨ རིང་ལ་དྭགས་སུ་ཆོས་འབྲེལ་རྒྱ་ཆེན་བསྐྱངས།

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

༢༠༢༦/༠༢/༡༩
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese