མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ནང་གི་འཁྲབ་སྟོན།

བོད་ཀྱི་དུས་བབ།
༢༠༡༤/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༤༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་བྱས་པ་དང་། བོད་ནང་གི་སློབ་ཕྲུག་ཅིག་གིས་རྒྱ་གཞུང་ཉེན་རྟོག་ཁང་གི་སྒོ་ཁར་རང་ལུས་མེར་བསྲེགས་བཏང་བ་སོགས་ཛ་དྲག་གི་གནས་ཚུལ་སྐོར་ཞིག་དང་མཉམ་དུ་རྫོགས་སོང་། ལོ་གཅིག་ལ་གྲོས་ཚོགས་ཐེངས་གཉིས་རེར་ཚོགས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་དངུལ་རྩིས་གཏན་འབེབས་དང་ལས་བསྡོམས་བསྐྱར་ཞིབ་གནང་གི་ཡོད་ལ། ཞོར་དུ་བོད་པའི་རྩ་དོན་དང་བོད་ཕྱི་ནང་གི་སྤྱི་ཚོགས་ཁྲོད་ཀྱི་གནད་དོན་དག་ལའང་བགྲོ་གླེང་དང་ཐག་གཅོད་གནང་གི་ཡོད།

ཐེངས་འདིའི་གྲོས་ཚོགས་ནང་གི་གསར་འགྱུར་ཆེ་ཁག་ནི། བོད་ནང་གི་གནས་སྟངས་ཐོག་སྤྱི་འཐུས་ཚོས་ས་བཙལ་རྡོ་བཙལ་བྱས་ནས་རྙེད་པའི་སེམས་ཚོར་གླེང་བ་དང་། ཞི་ཅིན་ཕིན་རྒྱ་གར་ནང་སྐོར་སྐྱོད་ཐད་བཙན་གྱིས་བཙིར་བའི་རྣམ་འགྱུར་བསྟན་པ། ལོ་གསུམ་བཞིའི་རིང་གི་རྩིས་ཉོག་ཐོག་མང་ཚོགས་རྩིས་ཁྲ་ཚོཊ་ཆུང་གིས་ཞིབ་འཇུག་བྱས་པའི་ཐོག་བགྲོ་གླེང་གནང་པ། བཀའ་ཤག་གིས་ཁ་ཞེ་གཉིས་མེད་ཐོག་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་གི་ཡོད་མེད་དང་། སྲོལ་རྒྱུན་སོ་ནམ་འདེབས་ལས་ཁུངས་འཁྱོལ་མིན། བོད་སློབ་འཛིན་ཚོཊ་རྩིས་ལེན་ཁྲོད་ཀྱི་དཀའ་རྙོག་སོགས་རེད།

ད་དུང་གནས་ཚུལ་མི་ལེགས་པ་གཅིག་གཉིས་ཤིག་ཞ་དང་ཞོར་ནས་ཐོན་པ་ནི། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ཅིག་གི་ལས་ཁུངས་ནང་༧གོང་ས་མཆོག་དང་སྲིད་སྐྱོང་རྣམ་གཉིས་ཀྱི་སྐུ་པར་གྱི་ཆེ་ཆུང་དང་མཐོ་དམན་ཐོག་བཀའ་ཤག་གིས་ལམ་སྟོན་གང་གནང་དང་། ཕྱི་དྲིལ་བཀའ་བློན་གཉིད་ལ་ཤོར་ནས་འཇར་མན་གྲོང་ཁྱེར་ཧམ་བྷག་གི་ཚོགས་འདུར་རྗེས་ལུས་ཐེབས་ཚུལ། འཕྲོད་བསྟེན་བཀའ་བློན་གྱིས་སྦེལ་ཀོབ་སྨན་ཁང་གི་ལྐོག་ཟ་རུལ་སུངས་ལ་རྩད་གཅོད་བྱས་པའི་གོ་རིམ་ཁྲོད་ཁོང་རང་ཉིད་ཀྱི་རྐང་པ་ཡ་གཅིག་ཀྱང་རྩོད་ཉོག་དེའི་ནང་འཐིམ་ཚུལ་སོགས་རེད།

ལོ་འགའི་གོང་ནས་མང་ཚོགས་ཀྱིས་གྲོས་ཚོགས་ལས་རིམ་ལ་དོ་སྣང་ཆེ་རུ་ཕྱིན་སོང་། སྤྱི་སེམས་ཅན་ཚོར་སེམས་ཚབ་ཀྱང་སྔར་ལས་མང་དུ་ཕྱིན་འདུག གྲོས་ཚོགས་ནང་གི་འཐབ་རྩོད་ཀྱི་རྒྱབ་ལྗོངས་དང་ངོ་བོ། བྱེད་ལས་སོགས་ཇེ་གསལ་དང་། སྤྱི་འཐུས་རེ་རེའི་ཤེས་ཡོན་དང་བསམ་བློའི་གནས་ཚད། ལྷག་བསམ་དག་མིན་སོགས་ཀྱི་གཉན་པོ་གསང་བ་དག་ཀྱང་མང་ཚོགས་ཀྱིས་ཁ་གསལ་ཁུངས་དག་ཤེས་ནས་གླེང་མགོ་བརྩམས་ཡོད།

གྲོས་ཚོགས་ལས་རིམ་བརྙན་འཕྲིན་བརྒྱད་འཛམ་གླིང་ལ་ཐད་གཏོང་བྱས་པ་ནས་བཟུང་། གྲོས་ཚོགས་ར་བ་དེ་འཁྲབ་སྟོན་གར་སྟེགས་ཤིག་ཏུ་གྱུར་ཅིང་། གྲོས་ཚོགས་འཐུས་མི་ཚོ་ཡང་འཁྲབ་སྟོན་ཆེད་ལས་པར་གྱུར་ཏེ། སྤྱི་བའི་སྡིངས་ཆ་བརྒྱུད་ནས་སྒེར་གྱི་ཁེ་ཕན་དང་མངོན་འདོད་སྒྲུབ་མཁན་ཡང་ཇེ་མང་རེད་ལ། གྲོས་ཚོགས་ལས་རིམ་དེབ་ཐེར་དང་མང་ཚོགས་ཀྱི་སྣང་ངོར་སོ་སོ་བཞེངས་སྐྲུན་བྱེད་པའི་ཐབས་འཕྲུལ་ཡང་ཇེ་མཁས་རེད།

ནམ་རྒྱུན་གྲོས་ཚོགས་ནང་གསུང་མི་འབྱོན་མཁན་ཚོས་ཀྱང་བསམ་བློ་ཡར་གཏོང་མར་གཏོང་བཅོ་བརྒྱད་བྱས་ཏེ། སྐྲག་ཞོར་འདར་ཞོར་དུ་ཚིག་འགའ་རེ་ཤུགས་ཀྱིས་བཙིར་གྱིན་འདུག་ལ། དུས་ཀུན་ཞེན་ཁོག་གིས་འཚོལ་ཞིང་སྒེར་སེམས་ཀྱིས་ཁེངས་ནས་ཡོད་མཁན་ཚོས་ཀྱང་། བརྙན་འཕྲིན་ཤེལ་ཡོལ་ངོས་ན་དྲང་མོ་ཡིན་ཚུལ་དང་སྤྱི་སེམས་ཆེ་མདོག་སྟོན་གྱི་འདུག

སྤྱི་འཐུས་ཀླད་སྟོང་འགའ་རེས་གྲོས་ཚོགས་བསླེབ་ལ་ཉེ་བ་དང་བསྟུན་ཏེ་གསར་འགྱུར་བརྒྱུད་ལམ་ཁག་དང་སྤྱི་ཚོགས་དྲ་འབྲེལ་དག་ནས་གནས་ཚུལ་བློ་འཛིན་དང་། མང་ཚོགས་ནང་གི་གཏམ་ཡན་བསྡུ་རུབ་ཀྱིས་མགོ་རྐང་བསྒྲིགས་ཏེ། གྲོས་ཚོགས་ཀྱི་སྡིངས་ཆ་བརྒྱུད་དེ། སྤྱི་བའི་རྩ་དོན་ལ་རྒྱུས་མངའ་ཆེ་མདོག་དང་མང་ཚོགས་ཀྱི་བདེ་བ་སྡུག་བསྔལ་ལ་སེམས་ཁུར་ཡོད་མདོག་སྟོན་གྱི་འདུག

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༣ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༦ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese