མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨབ་གྷན་གྱི་སྲིད་འཛིན་གསར་པ།

བོད་ཀྱི་དུས་བབ།
༢༠༡༤/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨབ་གྷན་གྱི་སྲིད་འཛིན་གསར་པ་ཨ་ཤི་རབ་གྷ་ཧ་ཎི་ཡིས་ལས་འཁུར་དམ་འབུལ་ཞུས་ཡོད་ཅིང་། སྐབས་དེར་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་གིས་འཚམས་འདྲི་ཞུས་ཡོད་འདུག 

ཁ་སང་ཨབ་གྷན་གྱི་སྲིད་འཛིན་ལས་ཁུངས་མདུན་ཐང་དུ། ཨབ་གྷན་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ། འདི་ལོའི་ཨབ་གྷན་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་མཁན་དཔལ་འབྱོར་བློན་ཆེན་ཟུར་པ་ཨ་ཤི་རབ་གྷ་ཧ་ཎི་ (Ashraf Ghani)གྱིས་སྲིད་འཛིན་དང་། ཕྱི་སྲིད་བློན་ཆེན་ཟུར་བ་ཨབ་དྷུ་ལཱ་ (Abdullah Abdullah)གྱིས་སྲིད་བློན་གྱི་ལས་འཁུར་དམ་འབུལ་ཞུས་ཡོད་འདུག

འདི་ནི་ཟླ་ ༣ ཙམ་རིང་ཨ་རི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨབ་གྷན་སྲིད་འཛིན་འོས་མི་ཨ་ཤི་རབ་གྷ་ཧ་ཎི་ (Ashraf Ghani)དང་། ཕྱི་སྲིད་བློན་ཆེན་ཟུར་བ་ཨབ་དྷུ་ལཱ་ (Abdullah Abdullah)གཉིས་བར་རྙོག་གྲ་ཁག་གྲོས་མོལ་བརྒྱུད་སེལ་དགོས་པའི་གནོན་ཤུགས་སྤྲད་པ་བརྒྱུད་དེ། ཨབ་གྷན་ནང་རྒྱལ་ཡོངས་གཅིག་སྒྲིལ་སྲིད་གཞུང་གསར་འཛུགས་བྱས་ཏེ། སྲིད་འཛིན་གྱི་འོས་མི་གཉིས་པོས་དབང་ཆ་བགོ་འགྲེམས་ཀྱིས་ཨ་ཤི་རབ་གྷ་ཧ་ནི་སྲིད་འཛིན་དང་། ཨབ་དྷུ་ལ་སྲིད་བློན་དུ་བསྐོ་རྒྱུའི་ཐག་གཅོད་བྱས་པ་ལས་བྱུང་བ་ཞིག་ཡིན་འདུག

དམ་འབུལ་མཛད་སྒོའི་སྟེང་ཨ་རིའི་སྲིད་འཛིན་ཨོ་བྷ་མའི་སློབ་སྟོན་པ་ཇོན་པོ་ཌི་སེ་ཌ་ (John Podesta) ཡིས་སྣེ་ཁྲིད་པའི་མཐོ་རིམ་དཔོན་རིགས་ ༡༠ ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་དང་། པ་ཀི་སི་ཐན་གྱི་སྲིད་འཛིན་མམ་ནོན་ཧུ་སན་ (Mamnoon Hussain)། རྒྱ་གར་གྱི་སྲིད་འཛིན་གཞོན་པ་ཧ་མི་ཌི་ཨན་སར་རི་ (Hamid Ansari)། རྒྱ་ནག་གི་མི་ཤུགས་ནུས་སྤེལ་བློན་ཆེན་ཡེན་ཝེ་མིང་ (Yin Weimin)། ཨབ་གྷན་རྒྱལ་ས་ཀཱ་པུལ་ནང་ཡོད་པའི་དབྱིན་ཡུལ་དང་ཧྥ་རན་སི་གཙོས་པའི་གཞུང་ཚབ་ཁག་ཅིག་གི་མི་སྣ། ཨབ་གྷན་གྱི་སྲིད་དོན་པ་དང་ཚོང་པ་སོགས་མི་ ༢༧༠༠ ལྷག་མཉམ་ཞུགས་བྱས་ཡོད་འདུག་ལ། ཐེངས་འདི་ནི་ལོ་ ༡༣ རྗེས་ཨབ་གྷན་གྱི་སྲིད་འཛིན་ལས་འཁུར་གྱི་མཛད་སྒོ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་འདུག

སྲིད་འཛིན་དམ་འབུལ་སྐབས་ཨབ་གྷན་སྲིད་འཛིན་གསར་པ་ཨ་ཤི་རབ་གྷ་ཧ་ཎི་ཡིས། “ངས་དེ་རིང་དཀོན་མཆོག་གི་མདུན་དུ་ཨབ་གྷན་རྒྱལ་ཁབ་འདི་རྩ་ཁྲིམས་འོག་ཤར་སྐྱོད་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་ཀྱིས་རྒྱལ་ཡོངས་གོང་བུ་གཅིག་སྒྲིལ་ཡོང་ཐུབ། ཨབ་གྷན་མི་མང་ལ་དམངས་གཙོའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་ཐོབ་ཐང་ལ་ངོས་ཟིན་གསལ་བོ་ཡོང་ཐུབ་བྱ་རྒྱུ་ཡིན་པ་མ་ཟད། ཁོ་ཚོའི་རང་དབང་ལ་བརྩི་བཀུར་དང་སྲུང་སྐྱོབ་བྱ་རྒྱུ་ཡིན”ཞེས་བརྗོད་འདུག

ཁོང་གིས་མུ་མཐུད་དུ། “ ང་ཚོ་དང་ཌ་ལི་བྷན་དང་ཧ་ཛི་བྷེ་ (Hezb-e-Islami) དྲག་སྤྱོད་ཤོག་ཁག་བར་གྲོས་མོལ་བརྒྱུད་དཀའ་རྙོག་སེལ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་ལ། ཁ་ཆེའི་མཁས་པ་ཚོས་ཌ་ལི་བྷན་ལ་གོ་བསྐོན་བློ་འགུག་གི་སློབ་གསོ་རྒྱག་དགོས། གལ་ཏེ་ཁོ་ཚོས་ཉན་འཇོག་མ་བྱས་ཚེ་འབྲེལ་ལམ་བཅད་དེ་རྩ་མེད་བཟོ་ཐབས་བྱ་རྒྱུ་ཡིན། ད་རེབ་ངས་དམག་འཐབ་ལ་ཡིད་ཐང་ཆད་དེ་རྒྱལ་ཡོངས་ནང་ཞི་བདེ་ཡོང་རྒྱུར་འབོད་སྐུལ་བྱས་པ་དེས་ང་ཚོའི་སྟོབས་ཤུགས་སྐྱོ་བོ་ཡིན་པ་ར་སྤྲོད་བྱས་པ་ཞིག་ཆགས་མེད” ཅེས་སོགས་བརྗོད་འདུག

ཨབ་གྷན་གྱི་སྲིད་འཛིན་ཟུར་པ་ཧ་མེ་ཌི་ཀར་ཛི་ (Hamid Karzai) ཡིས། “ངས་ཨབ་གྷན་གྱི་སྲིད་འཛིན་གསར་པས་མང་ཚོགས་ཀྱི་མངོན་འདོད་ལྟར། མ་འོངས་པར་རྒྱལ་ཡོངས་ནང་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་ཡིད་ཆེས་བྱེད་ཀྱིན་ཡོད། གལ་ཏེ་རྒྱལ་ཁབ་ནང་ཞི་བདེ་མེད་ཚེ་རྒྱལ་ནང་གི་དཔལ་འབྱོར་འཕེལ་རྒྱས་ཡོང་ཁག་པོ་ཡིན”ཞེས་བརྗོད་འདུག 

༢༠༠༡ ལོར་ཨ་རིས་སྣེ་འཁྲིད་པའི་བྱང་དམག་ཁུལ་ལྷན་ཚོགས་ (Nato) ཀྱི་དམག་དཔུང་གིས་ཨབ་གྷན་ནང་རྟེན་གཞི་བྱས་པའི་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གཏོར་ཕམ་བཏང་སྟེ་གཞུང་གསར་པ་བཙུགས་ཤིང་། རྒྱལ་ཡོངས་འོས་བསྡུ་བརྒྱུད་ཨ་མེ་ཌི་ཁར་ཛེ་སྲིད་འཛིན་དུ་བསྐོ་བཞག་བྱས་ཡོད་ཀྱང་། ༢༠༡༣ ལོའི་ལོ་མཇུག་ཏུ་ཨ་རིའི་དམག་མི་ཨབ་གྷན་ནང་མུ་མཐུད་སྡོད་རྒྱུའི་གྲོས་མཐུན་ལ། ཨབ་གྷན་གྱི་སྲིད་འཛིན་ཨ་མེ་ཌི་ཁར་ཛེ་ཡིས་མིང་རྟགས་མ་བཀོད་སྟབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཡོད།

ཨབ་གྷན་གྱི་ས་ཁུལ་ཁག་ཏུ་འཇིགས་སྐུལ་དྲག་སྤྱོད་པས་ཉེས་མེད་མི་སེར་དང་ཕྱི་རྒྱལ་གསར་འགོད་པ་སོགས་གང་བྱུང་འཛིན་བཟུང་དང་དམར་གསོད་བཏང་བ་སོགས་ཨབ་གྷན་རྒྱལ་ཡོངས་ལ་ཟིང་འཁྲུག་བསྟུད་མུར་བསླངས་པ་བཅས་ལ་བརྟེན་ཏེ། ཨབ་གྷན་གྱི་དཔལ་འབྱོར་ཉམས་རྒུད་ཆེན་པོ་ཐེབས་ཏེ་ད་ལྟ་གཞུང་གི་ལས་བྱེད་ཚོར་གླ་ཕོགས་སྤྲོད་རྒྱུར་ཡང་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། ད་ལོའི་ཟླ་ ༤ ཚེས་ ༥ ཉིན་ཨབ་གྷན་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་སྐབས་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨ་སྒོར་ས་ཡ་ ༡༢༦ ཙམ་གྱི་རོགས་དངུལ་སྤྲད་ཡོད་པ་དང་། རྒྱ་གར་གཞུང་གིས་དམག་སྦྱོང་ཐོག་རོགས་རམ་བྱས་ཡོད་འདུག

དེ་རིང་ཨབ་གྷན་གྱི་སྲིད་འཛིན་གསར་པས་ཨ་རིའི་དམག་མི་འདི་ལོའི་ཟླ་ ༡༢ ཚེས་ ༣༡ ཉིན་ཕྱིར་ལེན་བྱ་རྒྱུའི་གྲོས་ཆོད་དེ་བརྩི་མེད་བཏང་སྟེ། ཨ་རིའི་དམག་མི་ ༡༠༠༠༠ ལྷག་ཨབ་གྷན་ནང་མུ་མཐུད་སྡོད་ཆོག་པའི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད་འདུག ཆབ་སྲིད་དབྱེ་ཞིབ་པ་ཚོས། ཨབ་གྷན་སྲིད་འཛིན་གསར་པ་དེ་གནའ་དེང་གི་ཤེས་ཡོན་ལྡན་པའི་སྲིད་དོན་པ་ཞིག་ཡིན་སྟབས། མ་འོངས་པར་རྒྱལ་སྤྱིའི་རྒྱབ་རོགས་འོག་ཨབ་གྷན་ནང་ཞི་བདེ་དང་དཔལ་འབྱོར་འཕེལ་རྒྱས་ཡོང་རྒྱུ་ཡིན་སྐོར་རྗོད་བཞིན་འདུག 

སྐུ་ཞབས་ཨ་ཤི་རབ་གྷ་ཧ་ཎི་ (Ashraf Ghani) ༡༩༤༩ ལོའི་ཟླ་ ༢ ཚེས་ ༡༢ ཉིན་ལོ་གྷར་མངའ་སྡེའི་ནང་སྐྱེས་ཤིང་། ཨབ་གྷན་རྒྱལ་ས་ཀཱ་པུར་གྱི་ཧ་བྷེ་བྷེ་ཡ་ (Habibia) མཐོ་འབྲིང་སློབ་མཐར་ཕྱིན་རྗེས། ཨ་རིའི་བྷེ་རུ་ཌེ་(Beirut) གཙུག་ལག་སློབ་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་ཡོད་ཅིང་། དེའི་རྗེས་ཨབ་གྷན་ནང་ཕྱིར་ལོག་གིས་རྒྱལ་ས་ཀཱ་པུར་གྱི་གཙུག་ལག་སློབ་ཁང་དུ་མི་ཆོས་རིག་པའི་དགེ་རྒན་ཆེན་མོ་གནང་ཡོད་པ་དང་། ཕྱིས་སུ་སླར་ཡང་ཨ་རིར་བསྐྱོད་དེ་ཀོ་ལོམ་བྷི་ཡའི་གཙུག་ལག་སློབ་ཁང་ནས་མི་ཆོས་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་ཐོན་རྗེས། ༢༠༠༡ བར་རྒྱལ་སྤྱིའི་དངུལ་ཁང་ནང་ཕྱག་ལས་གནང་ཡོད་པ་དང་། ༢༠༠༢ ནས་ ༢༠༠༤ ལོའི་བར་ཨབ་གྷན་གྱི་དཔལ་འབྱོར་བློན་ཆེན་གནང་ཡོད་འདུག ༢༠༡༣ ལོར་ཁོང་ཕྱི་སྲིད་དུས་དེབ་དང་བསམ་རྒྱ་དུས་དེབ་ཀྱིས་རྒྱལ་སྤྱིའི་མཁས་པ་ ༡༠༠ ཁྲོད་ཀྱི་མི་སྣར་བདམས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༧ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese