ཕྱི་ཟླ་ ༩ ཚེས་ ༢༧ ཉིན་ཧོང་ཀོང་ནང་རྟེན་གཞི་བྱས་པའི་ (Regal Riverside Hotel) ཞེས་པའི་གསོལ་མགྲོན་ཁང་དུ། བོད་ཀྱི་གློག་བརྙན་དུས་སྟོན་ཞིག་གོ་སྒྲིག་གནང་བའི་ཐོག ༧གོང་ས་མཆོག་གིས་དྲ་བརྙན་བརྒྱུད་གསུང་འཕྲིན་བསྩལ་འདུག
གསུང་འཕྲིན་དེའི་བརྗོད་དོན་གཙོ་བོ་ནི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་ནི་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཡོངས་ལ་འབྲེལ་བ་ཆགས་ཡོད་སྐོར། དེ་བཞིན་དེང་གི་ཚན་རིག་དང་དཔལ་འབྱོར་འགྲན་རྩོད་ཀྱི་དུས་རབས་ནང་བོད་པའི་ནང་ཆོས་དང་འབྲེལ་བའི་སེམས་ཁམས་རིག་པའི་སྐོར་ལ་དོ་སྣང་གནང་རྒྱུ་འགྲོ་བ་མིའི་རིགས་སྤྱི་ཡོངས་ལ་བདེ་བ་བསྒྲུབ་བྱེད་ཅིག་ཡིན་སྐོར་སོགས་གསུངས་ཡོད་འདུག


![A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-02-at-5.36.58-PM-360x180.png)


